ཅང་སུའུ་ཡིས་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ཀོས་ནན་རྫོང་གི་སློབ་གསོ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན།
2023.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

 སློབ་གསོའི་རོགས་སྐྱོར་ལས་དོན་ནི་ཁ་གཏད་རོགས་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་།    ཅང་སུའུ་ཡིས་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོར་སྤེལ་ནས་ཀོས་ནན་རྫོང་གི་སློབ་གསོའི་དགོས་མཁོ་དངོས་ལ་དམིགས་ཏེ། སློབ་གསོའི་ཤེས་ལྡན་པ་མངགས་གཏོང་དང་།    རིག་སྟོབས་རོགས་སྐྱོར་ལ་ཤུགས་སྣོན།    སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། སློབ་གསོའི་རོགས་སྐྲུན་ལས་གཞི་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།    ཀོས་ནན་རྫོང་སློབ་འབྲིང་དུ་ཅང་སུའུ་དབྱང་ཀྲིག་སློབ་ཆེན་ནས་ཡོང་བའི་སློབ་གསོའི་རོགས་སྐྱོར་དགེ་རྒན་ཀྲང་ནན་གྱིས་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད།    དགེ་རྒན་གྱི་སློབ་ཁྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་སྔོན་ཐོན་ཆེད་ལས་ཀྱི་སློབ་ཁྲིད་ནུས་པ་ལས་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བ་དང་། ཁོ་ཚོས་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་བཞིན་ཡོད།

དབྱང་ཀྲིག་སློབ་ཆེན་གྱི་སློབ་གསོའི་རོགས་སྐྱོར་དགེ་རྒན་ཀྲང་ནན་གྱིས་བཤད་རྒྱུར།  ང་ཚོས་དཀའ་སྤྱད་འབད་འཐབ་ཀྱི་དབྱང་ཀྲིག་སློབ་ཆེན་གྱི་སློབ་གྲྭའི་སྦྱོང་བརྡར་དང་།     དཀའ་སྤྱད་འབད་བརྩོན།    སྙིང་སྟོབས་སྦྱོང་བརྡར།    དགའ་སྤྲོའི་ལས་གནས་བཅས་ཀྱི་དད་སེམས་ལ་བརྟེན་ནས། རང་ཉིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ་སློབ་སྐྱོར་ལས་དོན་སྔར་ལས་ཡག་པོ་སྤེལ་ཡོད།    ཐེངས་འདིའི་སློབ་སྐྱོར་གྱི་མཛེས་རྩལ་དགེ་རྒན་ཞིག་ཡིན་པའི་ཆ་ནས་ངས་སློབ་མའི་མཛེས་དཔྱོད་གསོ་སྐྱོང་བྱས་ནས། ཁོ་ཚོས་ཉེ་འགྲམ་གྱི་མཛེས་སྡུག་ལྡན་པའི་བྱ་དངོས་ལ་ལྟ་ཞིབ་དང་ཤེས་རྟོགས་ཐུབ་པ་བྱེད་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

སློབ་གསོའི་རོགས་སྐྱོར་ལས་དོན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་།    བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ།    གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ།    ཚོགས་སྒྲིག་རྣམ་པའི་སློབ་སྐྱོར་དང་།    སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྦྱོང་།    ཅང་སུའུ་ཡི་ཆེད་མཁས་དགེ་རྒན་མཚོ་སྔོན་དུ་བསྐྱོད་པ།    ཞིབ་འཇུག་སློབ་མའི་སློབ་སྐྱོར།    ནན་ཅིན་སོགས་ཀྱི་ས་ཆ་གཞན་དུ་འཛིན་གྲྭ་གཉེར་བ།    ལས་རིགས་སློབ་གསོའི་མཉམ་ལས་གཏིང་ཟབ་བཅས་བྱས་ནས། ཀོས་ནན་རྫོང་གི་སློབ་གསོའི་ལས་དོན་འཕེལ་རྒྱས་འགྲོ་བར་མཉམ་དུ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཀོས་ནན་རྫོང་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་ཀའོ་ལེ་ཡིས་བཤད་རྒྱུར། དགེ་རྒན་ནི་སློབ་གསོའི་རྩ་བ་དང་སློབ་གསོའི་འབྱུང་ཁུངས་ཡིན།    ཅང་སུའུ་ཞིང་ཆེན་གྱིས་ལོ་རེར་ཞིབ་འཇུག་སློབ་མ་མང་པོ་མངགས་ནས་སློབ་སྐྱོར་བྱེད་སྒོ་སྤེལ་གྱིན་ཡོད།    ཁོ་ཚོས་ས་མཐོའི་གནམ་གཤིས་དང་།    སྐད་ཡིག་དང་།    བཟའ་བཏུང་།     བྱ་བའི་ཁོར་ཡུག་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ།  སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཁྲོད་ ཧུར་ཐག་གིས་ཞུགས་ནས་ང་ཚོའི་རྫོང་གི་སློབ་གསོའི་ཆུ་ཚད་སྔར་ལས་འཕེལ་རྒྱས་གཏོང་བར་ནུས་པ་བླ་ལྷག་ཐོན་ཡོད།     ལོ་ངོ་བཅུ་ལྷག་གི་རིང་ལ།    མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་ལྷོ་ཁུལ་གྱི་དགོས་མཁོར་དམིགས་ནས། རྩེ་རིམ་ཇུས་འགོད་བྱས་ཏེ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་གཏིང་ཟབ་ཏུ་བཏང་བ་དང་། ཕན་ཚུན་སྦྲེལ་མཐུད་བྱས་ནས་ཕུལ་བྱུང་གི་ཚོགས་པ་བདམས་ཏེ་ཀོས་ནན་རྫོང་གི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་།    བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་།    སློབ་གསོའི་དོ་དམ་མི་སྣའི་ལས་སྒོའི་ཆུ་ཚད་དང་དགེ་རྒན་དཔུང་ཁག་གི་ཆེད་ལས་བྱང་ཚད་ཇེ་མཐོར་གཏོང་བ།    སྤུས་ལེགས་ཀྱི་སློབ་གསོ་མཁོ་སྤྲོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སློབ་གསོའི་ལས་དོན་མི་སྣ་སྐོར་དང་སྐོར་གྱིས་ས་གནས་འདིའི་དགེ་རྒན་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་མཐོ་སྒང་གི་ས་གཞི་ཆེན་མོར་དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུ་གཏོར་ཡོད།

རྫོང་སློབ་གསོ་ཅུའུ་ཡི་ཅུས་ཀྲང་གཞོན་པ་དཔལ་ལྡན་མགོན་པོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ཅང་སུའུ་ཞིང་ཆེན་གྱིས་ཀོས་ནན་རྫོང་ལ་རོགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།    ལྷག་པར་དུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཅང་སུའུ་རོགས་སྐྲུན་གྱི་མཚོ་ལྷོ་ཁུལ་མདུན་ཕྱོགས་བཀོད་འདོམས་པུའུ་དང་མཐུན་སྦྱོར་ལེགས་པོ་བྱས་རྗེས།    རོགས་སྐྲུན་མ་དངུལ་དེ་གཙོ་བོ་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་དེ།  ལོ5ཡི་རིང་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་དགུ་བཏང་ནས་སྡེ་བ་རིམ་པའི་བྱིས་སྐྱོང་ཁང་དང་།   ཆེད་ལས་དགེ་རྒན་གྱི་ལས་དོན་ཁང་སྐོར་ཞིག་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་།    དབྱང་ཀྲིག་གིས་བཙུགས་པའི་སློབ་གསོའི་བྱ་དགའ་སྒོར་ས་ཡ་གསུམ་དང་འབུམ་ལྔ་ཡིས་རིམ་རྩིས་བྱས་ན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དབུལ་པོ700ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་བྱིན་པ་དང་།    སྔ་རྗེས་སུ་དགེ་རྒན12དང་ཞིབ་འཇུག་སློབ་མ37ཀོས་ནན་རྫོང་དུ་མངགས་ནས་སློབ་སྐྱོར་ལས་དོན་སྤེལ་ཏེ།  རྫོང་གི་དགེ་རྒན་དཀོན་པ་དང་སྡེ་བ་རིམ་པའི་བྱིས་སྐྱོང་ཁང་གི་རྨང་གཞིའི་སྒྲིག་བཀོད་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ནོར་ཤུགས་དང་རིག་སྟོབས་སོགས་ཀྱི་རྨང་གཞིའི་འགན་ལེན་བྱས་པས། རྫོང་གི་སློབ་གསོ་སློབ་ཁྲིད་ཆུ་ཚད་དང་དེ་མིན་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བྱིན་ཡོད་ཟེར།

ལོ་ཙཱ་བ།སྒྲོལ་མ་སྐྱིད།