—བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།
རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པས‘ལག་ལེན་ལ་མཐོང་ཆེན་བྱེད་པའི’བླང་བྱ་དོན་འཁྱོལ་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་ལས་སྒྲུབ་ཀྱི་སྟོན་ཕྱོགས་ལེགས་བཅོས་དང་། ལས་སྒྲུབ་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། སློབ་སྦྱོང་བྱས་ནས་བྱ་བར་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས་དེ་ལྟར་གསུངས་ཤིང་། ཁོང་གིས“སློབ་སྦྱོང་བྱས་ནས་བྱ་བར་སྐུལ་འདེད་གཏོང་བར”བླང་བྱ་གསལ་བོ་བཏོན་པ་མ་ཟད། “མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་པ”དང་། “ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་སྤེལ་དགོས་པ།” “དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་པ”བཅས་ནན་བཤད་གནང་ཡོད།
སློབ་སྦྱོང་བྱས་ནས་བྱ་བ་སྐུལ་འདེད་གཏོང་བར། སྔོན་ལ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་ཁོངས་སུ་གཏོགས་པའི་རང་བཞིན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་རེད། དེས་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ངེས་པར་དུ་མི་དམངས་ལ་གོང་བཀུར་བྱེད་པ”སོགས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། “མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་འབྲས་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་ནས། བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་འདི་ངེས་པར་དུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་དང་བྱ་བ་དངོས་ཇི་ཙམ་བསྒྲུབས་པ་སྲིད་དོན་ལས་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་གཞུང་དྲང་ངང་མི་དམངས་ཡོངས་ལ་ཁྱབ་པར་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཀྱི་ཉམས་སད་ཐེག་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས།
ལས་འབྲས་ཚང་མ་ནི་བསྒྲུབས་པ་ལས་བྱུང་བ་ཞིག་རེད། བྱ་བ་ཏན་ཏིག་བསྒྲུབས་ཚེ། གཞི་ནས་གྲུབ་འབྲས་ཐོན་ཐུབ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་ངེས་པར་དུ“བྱེད་ཐབས་ངོ་མ་སྤྱད་ནས་ཕན་འབྲས་ངོ་མ་དོན་གཉེར་རྒྱུན་འཁྱོངས་བྱེད་དགོས་པ་ལས”ཕྱི་མཛེས་ནང་སྟོང་དང་། མགོ་བདེ་སྐབས་འཚོལ། གྲངས་གཞི་རྫུན་མ་བཟོ་བ་བཅས་བྱ་མི་རུང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་། དངོས་ཕན་དངོས་གཉེར། ལས་དོན་སྒྲུབ་མཁས་པ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དང་། འགན་འཁྲི་ཐེག་པ་དང་ལག་ལེན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་ཁུར་ཏེ་ཕྱི་ཚུལ་ཙམ་གྱི་སྣང་ཚུལ་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།