ལྗང་མདོག་གི་གཞི་མདངས་ཀྱིས་དམངས་ཀྱི་བདེ་ཚོར་ཆེ་རུ་གཏོང་དགོས།
2023.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལས་དོན་སྤེལ་བར་ཚུར་སྣང་དྲག་པོ་བྱུང་།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་ཆེད།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་གཞིར་བཟུང་སྟེ།   ཉེ་ལམ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལྟ་ཞིབ་བྱེད་འགོ་བརྩམས།

རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡང་བསྐྱར་ཁྱོན་ཡོངས་ནས་གཟིགས་ཞིབ་བྱེད་པ་འདིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཚུར་སྣང་དྲག་པོ་བྱུང་བ་དང་། ཆབ་སྲིད་ཀྱི་ལངས་གནས་ཏན་ཏིག་གིས་ཇེ་མཐོར་བཏང་ནས་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ།   བྱ་བའི་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་དག་ཐེར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་ལྟ་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་པར་འགན་ལེན་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བཅོས་སྒྲིག་གི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་བརྟེན་ནས།  མི་དམངས་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་ཏན་ཏིག་གིས་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་ཞིག་སྤྲོད་དགོས།

ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས།

“ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག  དངོས་སུ་སྐུལ་འདེད་བཅས་གནང་བའི་སྒྲིག་སྲོལ་གསར་གཏོད་དང་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དངོས་དང་ལམ་ལུགས་ཀྱི་འགན་ལེན་ཞིག་ཀྱང་རེད”ཅེས་པའི་ལྟ་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུའི་སྟེང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པའི་ཚན་གཙོ་ལིའུ་ཝེ་ཡི་གཏམ་བཤད་ཀྱིས་ཚང་མར་སྐུལ་མ་ཆེན་པོ་ཐེབས།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར།“ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བ་དེ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་བརྟག་དཔྱད་ཅིག་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པར་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་རེད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག་པ།   ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རི་ཆུ་ནགས་གསུམ་དང་།  ཞིང་ས་མཚེའུ། བྱེ་མ་འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། གནད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བྱེད་པ། ནགས་རྩྭའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་གང་མགྱོགས་ཀྱིས་གསབ་པ། མཚོ་སྔོན་གྱི་ནགས་རྩྭའི་བཅོས་སྒྱུར་འཕེལ་རྒྱས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞུང་དོན་ཁང་གི་ཀྲུའུ་རིན་ཝང་ཡུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་པ་ཞིག་ཡིན་པའི་ངོས་ནས།  ད་ཐེངས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་དོན་སྙིང་གལ་ཆེན་ལྡན་པའི་ཚོར་སྣང་ཟབ་མོ་བྱུང་། དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་ཐེངས་ཤིག་རེད།  ང་ཚོས་ལྟ་ཞིབ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་གནད་དོན་ལ་གཡོལ་ཐབས་མི་བྱེད་པ་དང་འགན་འཁྲི་ལས་གཡོལ་ཐབས་མི་བྱེད་པ། ལྟ་ཞིབ་ཚན་ཆུང་གིས་བསྟན་པའི་གནད་དོན་དེར་དུས་སྐབས་དང་པོར་ཁ་གཏད་གཅོག་པ། མྱུར་དུ་དག་ཐེར་བྱེད་པ། ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་དག་ཐེར་བྱེད་པའི་ཐད་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱས་ནས།  མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་མངོན་གསལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་རྒྱུ་ཡིན”ཞེས་བཤད།

མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཡེ་ཧན་གྱིས་བཤད་རྒྱུར། “ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ” སྤྲོ་སེམས་རབ་ཏུ་འཕེལ་བ་དང་རྣམ་འགྱུར་ནན་མོ།  སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལས་དོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི“གནས་ཐང”ཆེ་རུ་གཏོང་བ་དང་། གསེར་རི་དངུལ་རིའི“རིན་ཐང”ཆེ་རུ་བཏང་སྟེ། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཁྲོད་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་སྔར་ལས་མང་པོ་ཐོབ་པར་བྱེད་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཝེ་ཧྭ་ཡིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གོ་སྐབས་དང་བསྟུན་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམིགས་ནས་མི་འདང་ས་འཚོལ་ཞིབ་དང་། ཞན་ཆ་འཚོལ་བ། བྱེད་ཐབས་གཏན་འཁེལ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ས་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ལམ་ཐག་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས་ཟེར།

དག་ཐེར་ཡོ་བསྲང་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་བྱེད་དགོས།

མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། 2017ལོར་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བདུན་པས་མཚོ་སྔོན་ཞིང་ཆེན་ལ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས་པ་ནས་བཟུང་།  ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་ཕན་པ་ཐོབ་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་རྣམ་གྲངས་ཁག་གཅིག་མཚམས་འཇོག་བྱས་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་གཞི་ཁག་ཅིག་ལག་བསྟར་བྱས་པ། སྲོལ་རྒྱུན་ཐོན་ལས་ཁག་ཅིག་ཇེ་ལེགས་དང་རིམ་སྤོར་བྱས་པ། ལྗང་མདོག་སྐྱེ་ཁམས་ཐོན་ལས་ཁག་ཅིག་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་བཏང་བ་བཅས་ལས་མཚོ་སྔོན་གྱི་ཐོན་ལས་གྲུབ་ཆ་ཚུལ་སྒྱུར་རིམ་སྤོར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

ཟླ11པའི་ཚེས23ཉིན་ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་། ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། ལྗང་མདོག་སྐྱེ་ཁམས་ཀྱི་རྩ་བ་ཁྱོན་ཡོངས་ནས་ཇེ་བརྟན་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཀྱིས་ཇེ་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཟབ་པ་བཅས་བྱུང་ནས།   གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དོན་འགྲུབ་ཚེ་རིང་གིས་བཤད་རྒྱུར།  དེ་སྔའི་རེས་སྐོར་དུ་མའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ལྟ་ཞིབ་བྱ་སྤྱོད་སྤེལ་བ་བརྒྱུད། ང་ཚོས་རེ་རེ་བཞིན་ཞིབ་བཤེར་དོན་འཁྱོལ་བྱས་པའི་གནད་དོན་བཅོས་སྒྲིག་བྱས་པས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ནས་ཁུལ་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་ཀྱིས99.1%ཟིན་པ་དང་།  ས་ཁོངས་ཀྱི་རྨ་ཆུ་དང་འབྲི་ཆུ་འབབ་རྒྱུད་ཀྱི་ས་ངོས་ཆུའི་སྤུས་ཚད་རིགས་དང་རྫོང་སོ་སོའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ཀྱིས100%ཟིན་ཡོད་ཟེར།

ལོ་འདི་དག་གི་ནང་དུ།  ང་ཚོས་གད་སྙིགས་ཐག་གཅོད་བྱེད་སྟངས་ཇེ་ལེགས་དང་ཚད་ལྡན་དུ་བཏང་བ་དང་ཆབས་ཅིག་སྐྱེ་ཁམས་དོ་དམ་པའི་ལས་གནས་མང་ཙམ་བཙུགས་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་མཐུན་ཚོགས་བཙུགས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུཡི་ཅུའུ་ཀྲང་ཨིན་ཁོ་ཡིས་བཤད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐོབ་པའི་གྲུབ་འབྲས་ལ་དམིགས་ཏེ་མཚོ་སྔོན་གྱི་རིམ་པ་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་སེམས་གཏིང་ནས་དགའ་ཞིང་བློ་བདེ་བ་དང་། དུས་མཚུངས་སུ་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་རུ་ཕྱིན་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཚོད་བགམ་ཞིག་ཡིན་པར་མ་ཟད། སྐུལ་ལྕག་ཅིག་ཀྱང་རེད། ཕྱིན་ཆད་ཀྱི་བྱ་བའི་ཁྲོད་རེས་སྐོར་གསར་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།  གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས།  སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པའི་འདུ་ཤེས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོ་དང་སྐྱེ་ཁམས་ཀྱི་སྤུས་ཚད་མཐོན་པོ་ནུས་ལྡན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ནས“དྭངས་གཙང་ཆུ་བོ་ཤར་དུ་བགྲོད་པར”འགན་ལེན་བྱེད་དགོས།

ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ས་གནས་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པ་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།  ལོ་ཤས་རིང་ལྟ་ཞིབ་སྐུལ་འདེད་བྱས་པ་བརྒྱུད།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྔར་ལས་མི་སེམས་སུ་སིམ་པ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚད་མཐོའི་ཐུན་མོང་ངོས་ཟིན་དུ་གྱུར་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད།

ཚེས22ཉིན་སྨྱན་སྦྱོར་ཁག་གིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་དུ་བཅའ་སྡོད་བྱས་ནས་ལྟ་ཞིབ་ལས་དོན་སྤེལ་ཚུལ་ཡོངས་བསྒྲགས་བྱས་རྗེས།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཀྲུའུ་ཧྲིན་ཡོན་གྱིས་གསར་འགྱུར་སྦྲེལ་མཐུད་མྱུར་དུ་སྐད་འཕྲིན་ཚོགས་པར་བརྒྱུད་སྐུར་བྱས་ནས།  ཚང་མར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་ཉེ་འགྲམ་གྱི་དོན་ཆུང་ནས་མགོ་བརྩམས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བཏང་།

ལྗང་མདོག་དང་སྐྱེ་ཁམས་ནི། དམངས་ཀྱི་རེ་འདུན་དང་སྲིད་དོན་གྱི་ཁ་ཕྱོགས་རེད། ཀྲུའུ་ཧྲིན་ཡོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་དེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ཡིད་སྨོན་དང་མཐུན་པ་ཞིག་རེད། ལོ་འདི་དག་གི་ནང་དུ་རྐང་ཚ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། རྫོང་ཁོངས་ཀྱི་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཁེ་རམ་ཐང་མཛེས་ལྗོངས་ཁུལ་གྱིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཅིང་། མཚོ་མཐའི་རྩྭ་ཐང་སྔོ་ལྗང་ཅན་དུ་གྱུར་ཡོད། འདི་དག་ཚང་མ་ནི་མང་ཚོགས་ཀྱི་མྱོང་ཚོར་དངོས་ཀྱི་འགྱུར་ལྡོག་རེད་ཟེར།

ཉེ་འགྲམ་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་ང་ཚོ་རང་ཉིད་ལ་གསེར་རི་དངུལ་རི་བསྐྲུན་པ་ཡིན།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་ལ་མཚོན་ན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་ཀྱིས་ཕན་འབྲས་ཐོབ་ཡོད།  སྔོན་ཆད་ཀྱི་འབྲོག་པ་ཐུབ་བསྟན་རྣམ་རྒྱལ་ད་ལྟ་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་ཡོད་པ་དང་།  ཁོས་ཉིན་རྒྱུན་དུ་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བདག་སྐྱོང་གི་འགན་འཁྲི་ནན་ཏན་ངང་སྒྲུབ་བཞིན་ཡོད་ལ། བྱ་བ་དེའི་ཁྲོད་ནས་ཁོ་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་དང་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་མང་པོ་བྱུང་ཡོད།  ཁོས་བཤད་རྒྱུར།   ངས་བདག་སྐྱོང་བྱེད་པའི་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱང་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད།    དེ་མིན་ད་ལྟ་ངའི་འཚོ་བའི་ཡོང་འབབ་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད་ཟེར།

                                                                                   ཡིག་སྒྱུར་པ། གཡང་འབུམ་རྒྱལ།