ཆི་ལེན་རྫོང་གི་ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་བརྟན་པོར་བཏང་།
2023.11.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

རོང་འབྲོག་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་གྲོང་གསེབ་དར་སྤེལ་མངོན་འགྱུར་འབྱུང་བའི་གནད་འགག་ནི་ཏང་ལ་རག་ལས་པ་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ་དེ་གོ་གནས་གཙོ་བོར་བཞག་ཅིང་། གཞི་རིམ་གྱི་ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ། འཇོན་མིའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་བཏང་།

“ཉིན་ལྔའི་རིང་ལ། ངས་བློ་གཅིག་སེམས་གཅིག་གིས‘སློབ་སྦྱོང’ལེགས་པོ་བྱས་པས། བློ་སྒོ་ཡངས་པོར་ཕྱེ་ཞིང་ཕན་འབྲས་ཀྱང་ལེགས་པོ་ཐོབ་སོང་། རྗེས་ཕྱོགས་ངས་སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་དང་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ། ཆབ་སྲིད་ཀྱི་ནུས་པ་བརྟན་པོས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་ཡོང་བ་དང་གྲུབ་འབྲས་དངོས་ཐོན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།” ཉེ་ཆར། ཆི་ལེན་རྫོང་གི་མགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། སློབ་མའི་འཐུས་མི་ཀུའོ་ཡན་ཧྲན་གྱིས་སེམས་ཀྱི་མྱོང་ཚོར་རོལ་མྱོང་བྱས་སོང་།

ཆི་ལེན་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བརྩིས་པ་དང་། ཏང་གི་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། འཇོན་མི་ནང་འདྲེན་སོགས་གཙོ་གནད་འགན་འཁྲིར་དམ་པོར་དམིགས་པ། གསོ་སྦྱོང་གི་དགོས་མཁོ་གནད་ཁེལ་གྱིས་མཐིལ་རྟོགས་བྱས་པ། གསོ་སྦྱོང་གི་རྩིས་ཐོ་བཙུགས་པ། གཞི་རིམ་དུ“ཏང་གི་སློབ་གྲྭ་ཆུང་ཆུང”དང“ཞིང་ཚིགས་སློབ་ཁང”“ཧྲུའུ་ཅིའི་གླེང་མོལ”སོགས་གསོ་སྦྱོང་སྟེགས་བུ་རྒྱ་ཆེར་བསྐྲུན་པ།“ཏང་ཡོན་ཏང་གི་སློབ་གྲྭར་སྐྱོད་པ”དང“ཏང་གི་སློབ་ཁྲིད་བྱེད་མགོ་བརྩམས་བྱུང”“སྒྲོག་འགྲེལ་གཞི་རིམ་དུ་སྐྱོད་པ”“ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང”བྱེད་པ་སོགས་ཀྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་དང་གཞི་ཁྱོན་ཆེ་བ། ལངས་གཟུགས་རྣམ་པས་རིམ་པ་དང་རིགས་བགར་ཏེ་མགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་དང་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོ། གཙོ་གནད་ཆེད་དམིགས་འཛིན་གྲྭ་སོགས་གྲོང་གསེབ་དར་སྤེལ་གྱི་བརྗོད་དོན་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་མི་སྣ་དེ་མགོ་ཁྲིད་ལས་བྱེད་པ་དང་ལས་སྒོའི་རྐང་འཛིན་པ། སྡེ་བའི་ལས་བྱེད་པ། ཕ་ཡུལ་དུ་ལོག་པའི་མི་སྣ། རང་སའི་ཤེས་ཡོན་པ་དང་འཇོན་མི་སོགས་མི་ཐེངས800ལྷག་ལ་ཁེབས་པར་བྱས་ཏེ། བསམ་བློའི་རྨང་གཞི་ཁྱོན་ཡོངས་ནས་བརྟན་པོར་བཏང་།

ད་ལོ་ནས་བཟུང་། ཆི་ལེན་རྫོང་གིས“གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་ཀ་མཐོར་འདེགས་གཏོང་བའི་ལོ”མགོ་རྩོམ་ས་བྱས་པ་དང་། རྒྱུ་ཤུགས་དང་དངོས་ཤུགས། མི་ཤུགས་སོགས་ཀྱི་ཐོན་ཁུངས་གཅིག་འདོམས་བྱེད་པ། “ལས་གཞི་བརྩོན་ལེན་དང་ནོར་སྲིད་ཆ་སྒྲིག དམངས་ཁེའི་རོགས་སྐྱོར། སྣེ་འབྲེལ་རྒྱབ་སྐྱོར་དང་ཧྲན་ཏུང་གི་རོགས་སྐྲུན”སོགས་ཀྱི་བྱེད་ཐབས་བརྒྱུད། ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་ཟ་ཁང་དང་སྤྱོད་ཁང་། གཞུང་ལས་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་བཀོད་སྤུས་འདེགས་རིམ་སྤར་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་བཅོས་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྟོབས་དང་ལྡན་པའི་རྨང་གཞིའི་འགན་སྲུང་དང་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱས།

མགོ་ཁྲིད་ཚན་ཆུང་གི་སྐབས་བརྗེ་ཁྲོད་དབྱེ་ཞིབ་དང་ཞིབ་གཅོད་བྱེད་པ་གོ་སྐབས་ཤིག་ཏུ་བརྩིས་པ་དང་། ལས་འགན་ལྕི་མོ་འཁུར་ཐུབ་པའི“བཀོད་འདོམས་པ”ལེགས་པོར་བདམས་པ། གྲོང་གསེབ་དར་སྤེལ་གྱི“སྣེ་ཁྲིད་པ”བཀོད་སྒྲིག་བྱས་པ། སྡེ་སྡོད་རོགས་སྐྱོར་གྱི“རུ་འདྲེན་བརྒྱ་ཤོག”མངགས་གཏོང་བྱེད་པ་དམིགས་འབེན་དུ་བཟུང་བ། ཆི་ལེན་རྫོང་གིས་གྲོང་གསེབ་དར་སྤེལ་དང་བརྟན་འཇགས་སྲུང་སྐྱོབ། དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་བྱ་བར་དམིགས་པ། “ཞིང་གསུམ”བྱ་བར་བྱང་ཆ་ཡོད་པ་དང་བྱ་བ་སྒྲུབ་པར་བློ་སྤོབས་ཆེ་ལ་ཁག་ཁུར་ཕོད་པའི་ལས་བྱེད་པ་གསུམ་ལེགས་སྒྲུག་དང་འདེམས་སྒྲུག་བྱས་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་མཁས་པ་དང་བྱ་བ་སྒྲུབ་ཕོད་པ་དང་སྒྲུབ་འདོད་པ། སྒྲུབ་ཐུབ་པའི་ལས་བྱེད་པ་ལྔ་ཡི་གོ་གནས་སྤར་བ། གྲོང་གསེབ་གནས་སྐོར་དང་གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཆེད་ལས་ཤེས་བྱ་ལྡན་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་བརྒྱད་ཕན་ཚུན་མངགས་གཏོང་དང་བརྗེ་རེས་བྱས་པ། རྩ་འཛུགས་སྟོབས་ལྡན་དང་ཐོན་ལས་དར་སྤེལ། བཅོས་སྐྱོང་ལེགས་འཛིན། ཞབས་ཞུ་ལེགས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མི69རེས་སྐོར་བདམས་མངགས་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ལས་འགན་ལྕི་མོ་ཁུར་ཐུབ་པའི་རྐང་འཛིན་དཔུང་སྡེ་ནུས་ཤུགས་ཡོད་རྒུས་བསྐྲུན།

“‘ཚན་རྩལ་གཞི་རིམ་དུ་ལེ་དབར་ཁྲི་ལ་སྐྱོད་པའི’བྱ་འགུལ་གྱིས། ཆེད་མཁས་པ་ཆེན་མོ་དང་ཚན་རྩལ་མཐོན་པོ། ལས་གཞི་བཟང་པོ་བཅས་བསྐྱལ་ཏེ། ང་ཚོས་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་ཡོང་སྒོ་སྤར་བ། རོང་འབྲོག་ཁུལ་མཛེས་སྡུག་ལྡན་པར་གྱུར་པའི་ཕན་འབྲས་མྱོང་ཐུབ་སོང”ཞེས་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ལས་བྱེད་མང་ཚོགས་ཀྱིས་ཆེད་མཁས་ཚོགས་པར་བསྟོད་བསྔགས་གྲངས་མེད་བྱས།

ཆི་ལེན་རྫོང་གིས“འཇོན་མིའི་རྫོང་སྟོབས་ལྡན་དུ་གཏོང་བའི”དམིགས་འབེན་འགན་འཁྲིར་དམ་པོར་དམིགས་པ་དང་། འཇོན་མིའི་སྒྲིལ་ཤུགས་དང་འདེགས་སྐྱོར་ནུས་ཤུགས། གསར་སྐྲུན་ནུས་ཤུགས་ཐད་ཤུགས་བཏོན་ནས། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཞབས་ཞུ་འཇོན་མིར་འབྲེལ་གཏུག་དང“རྫོང་དང་ཡུལ་ཚོ། སྡེ་བ”བཅས་རིམ་པ་གསུམ་གྱི་ཏང་ཡོན་ལས་བྱེད་པས་ཡུལ་ཚོ་ལ་འབྲེལ་གཏུག་དང་སྡེ་བ་འགན་ལེན་བྱེད་པའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་པ། “ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག”བཅས་གཞི་གཅིག་ཅན་མགོ་རྩོམ་པ། གསོ་སྦྱོང་དང་དངོས་སྦྱོང་། གསོ་སྐྱོང་བཅས“གཞི་གཅིག་ཅན”གྱི་གསར་སྐྲུན་དང་གསར་གཏོད་གསོ་སྐྱོང་གླིང་འཛུགས་སྐྲུན་བྱེད་པ། “ཏང་ཀྲི་པུའུ་དང་འཇོན་མི། སྟེགས་བུ་དང་ཐོན་ལས”བཅས་གཞི་གཅིག་ཅན་གྱི་བྱ་བའི་ནང་རྐྱེན་ཁྱབ་གདལ་དུ་གཏོང་བ། “ཁྱུང་འགུག་ཚང་ལོག”དང“རང་སའི་ཤེས་ཡོན་པའི་ནུས་པ་འདོན་པ”“ཆེད་ལས་ལག་རྩལ་གཞི་རིམ་དུ་སྐྱེལ་བ”“དངོས་སྡོད་མཛུབ་སྟོན”སོགས་བྱེད་ཐབས་ནུས་ལྡན་ལ་བརྟེན། “རང་སའི་ཤེས་ཡོན་པ”དང“སྣ་གཅིག་མཁས་པ”“ཞིང་ལས་གསར་གཏོད་པ”སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་སའི་འཇོན་མིའི་ཐོན་ཁུངས་གྲོང་གསེབ་འཕེལ་རྒྱས་ཀྱི་དགེ་མཚན་གསར་པར་བསྒྱུར་ལ། སྐབས་དེ་དང་བསྟུན་ནས། “འཇོན་མིའི་ཚོང་ཁྲོམ”དང་ཆེད་མཁས་པའི་ལས་སྒྲུབ་ཁང་བརྒྱད་བཙུགས་པ་དང་། ཁེ་ལས་ཆུང་ཆུང་གསུམ་དང་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་ལྔ་བཅུ་ལྷག་གསོ་སྐྱོང་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།