བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་དམངས་ཀྱི་སེམས་ཁྲལ་སེལ་དགོས།
2023.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལས་ཐོག་ཏང་ཡོན་དྲ་མིག་ཅན་གྱི་དོ་དམ་ནང་ཞུགས་ནས་སྡོད་དམངས་ཀྱི་དོན་དག་ཆེ་མ་ཆུང་གསུམ་ལག་བསྟར་བྱས།

ཏང་ཡོན་རེ་ནི་དར་ཆ་རེ་ཡིན། ཟི་ལིང་གྲོང་ཁྱེར་གྱི་ལས་ཐོག་ཏང་ཡོན་ཁྲི་གསུམ་ལྷག་ཙམ་གྱིས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་དང་། མང་ཚོགས་ཀྱི་རྨང་གཞི་ཡག་པོ། བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བཅས་ལ་བརྟེན་ནས། དྲ་མིག་ཅན་གྱི་བྱ་བའི་ཁྲོད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ཟི་ལིང་གྲོང་ཁྱེར་དུ་ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དེ་རྒྱུན་རྣམ་དུ་གྱུར་ཡོད།

“དྲ་མིག་ཅན་གྱི་དྲ་རྒྱའི་ཐོག་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་ཐག་གཅོད་བྱས་པས། ང་ཚོའི་སེམས་ཁྲལ་དང་བྱ་བ་དུས་ཐོག་ཏུ་ཐག་གཅོད་ཐུབ་སོང་།” རང་འབབ་ཆུའི་སྦུག་ལམ་རྙིང་བ་གསར་དུ་བསྒྱུར་བ་དང་ཁྱིམ་ཚང་རེ་རེར་ཆུ་སྤྱོད་དཔྱད་ཆས་གསར་དུ་བཞག་པས། མཁར་བྱང་ཆུའུ་མ་ཧྥང་སྲང་ལམ་ཞིས་ཞིན་ཡོན་སྡེ་བའི་རུ་ཁག་དང་པོའི་སྡེ་མི་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱིན་ཡོད། འདི་ནི་ཟི་ལིང་གྲོང་ཁྱེར་གྱིས“ཏང་ཡོན་དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་རྒྱུན་འཁྱོངས”ཀྱི་ཞབས་ཞུའི་ལམ་སྲོལ་ཁྱབ་གདལ་དུ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་ལས་ཐོག་ཏང་ཡོན་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་སྡེ་ཁུལ་མང་ཚོགས་ལ་ཞབས་འདེགས་ཞུས་ནས། ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་ལས་ཐོག་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་འབྲེལ་ཐག་གསར་པ་ཞིག་བཙུགས་ཡོད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཏང་ཡོན་དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་རྒྱུན་འཁྱོངས”ཀྱི་ཞབས་ཞུའི་ལམ་སྲོལ་དང་བརྗོད་དོན་སློབ་གསོ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དམངས་ཕན་གྱི་བྱ་བ་དངོས་དངོས་འབྲེལ་ཡག་པོ་བསྒྲུབས་པ། བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ནུས་ལྡན་སྒོས་ཆེ་རུ་བཏང་ཡོད།

དྲ་ཞུགས་ཏང་ཡོན་ནི་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཀྱི“ཁྱིམ་མིར”གྱུར་ཡོད།

མཁར་ནུབ་ཁུལ་ཞིན་ཧའེ་སྲང་ལམ་ཀྲུང་ཧྭ་ལམ་སྡེ་ཁུལ་ནི་དཔེ་མཚོན་གྱི་དུས་རབས་ཉི་ཤུ་པའི་ལོ་རབས90པའི་སྡེ་ཁུལ་རྙིང་བ་འདུས་ནས་སྡོད་པའི་གནས་ཞིག་ཡིན་ཞིང་། ཁོངས་གཏོགས་སུ་མི་གྲངས་མང་བ་དང་། ཁོར་ཡུག་རྙོག་འཛིང་ཆེ་བས། སྡོད་དམངས་རྣམས་བློ་བདེ་བའི་འཚོ་བ་རོལ་ག་ལ་ཐུབ། “ཏང་ཡོན་དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་རྒྱུན་འཁྱོངས”ཀྱི་ཞབས་ཞུའི་ལམ་སྲོལ་གྱིས་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད།

སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དྲ་རྒྱ་བརྒྱད་ཀྱི་ནང་གི་ཏང་ཡོན་གྱི་ཆེད་ལས་རྩལ་ནུས་དང་། ཞབས་ཞུའི་འདོད་ཕྱོགས། གནས་སྡོད་གནས་ཚུལ་བཅས་ལ་གཞིགས་ནས། ཞིབ་ཕྲའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་འབྲེལ་གཏུག་ལམ་ལུགས་བཙུགས་ནས་དྲ་སྦྲེལ་ནང་ཞུགས་པའི་ཏང་ཡོན150ལ་རང་སོ་སོའི་ཁྱད་ཆོས་འདོན་སྤེལ་བྱེད་དུ་བཅུག་ནས་སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས།

“སྡོད་ཁུལ་གྱི་གློག་སྐས་ལ་སྐྱོན་ཡང་ཡང་བྱུང་བ་དང་། དེ་ནི་བདེ་འཇགས་མིན་པ་ཞིག་རེད། བྱིས་པ་སློབ་གྲྭར་བསྐྱོད་སྐབས་ཇི་ལྟར་བྱེད་དགོས་ལ། ལས་ཚོགས་སུ་འགྲོ་སྐབས་ཇི་ལྟར་སྒུག་དགོས་སམ།”ཉེ་ལམ། ཧོང་ཧི་ལམ་གྱི་སྡོད་ཁུལ32པར་སྡོད་པའི་ལས་ཐོག་ཏང་ཡོན་ཝང་པིན་ཆིན་གྱིས་སྡེ་ཁུལ་ཏང་ཨུ་ལ་རང་ཉིད་ཀྱི་སེམས་ཁྲལ་གླེང་ཞིང་། དེ་མ་ཐག་ཏུ་སྡེ་ལས་ཀུང་སི་དང་དུས་ཚོད་ཁ་ཆད་བྱས་ནས་སྡོད་མིའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་གཞུང་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་སོགས་མཐར་བྱ་བ་དེ་དག་ཝང་པིན་ཆིན་གྱིས་ཐེངས་རེ་རེ་བཞིན་འདུམ་འགྲིག་དང་། རྗེས་སྙེག སྐུལ་འདེད་བཅས་བྱས་ནས་ཐག་གཅོད་བྱས་པ་དང་། སྡེ་ལས་ཀྱིས་མ་དངུལ་བཏོན་ནས་གློག་སྐས་ཀྱི་གཙོ་ངོས་ཉོ་སྒྲུབ་བྱས་པ་དང་འབྲེལ་དུས་ཐོག་ཏུ་བརྗེ་བ་དང་ཆབས་ཅིག་གློག་སྐས་སྲུང་སྐྱོབ་ཀུང་སིས་སྡོད་ཁུལ་གློག་སྐས་ལ་བརྒྱུད་རིམ་ལྡན་པའི་ངང་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ།

“ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་ཆེ་རུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པ་བྱས་ནས། ‘བྱ་བ་དྲ་མིག་ཅན་ནས་ཤེས་ཐུབ་པ་དང་། འགལ་བ་དྲ་མིག་ཅན་ནས་སེལ་ཐུབ་པ། གནད་དོན་དྲ་མིག་ཅན་ནས་ཐག་གཅོད་བྱེད་ཐུབ་པ’བཅས་ཀྱི་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་གསར་པར་དམིགས་ནས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་བྱས་པས། ཏང་ཡོན་གྱི་སྣང་བརྙན་བཟང་པོ་སྡོད་དམངས་ཀྱི་སེམས་སུ་གནས་པར་བྱས་ཡོད” ཅེས་ཀྲུང་ཧྭ་སྲང་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཡན་གྱིས་དེ་ལྟར་བཤད།

དོན་དག་ཇི་འདྲའི་དཀའ་མོ་ཞིག་ཡིན་རུང་། མི་ཚང་མས་མཉམ་དུ་གྲོས་བྱས་ཏེ་སྒྲུབ་ན་འགྲུབ་ཐུབ།

མཁར་བྱང་ཆུའུ་མ་ཧྥང་སྲང་ལམ་ཞིས་ཞིན་ཡོན་སྡེ་བའི་ཁྱིམ་ཚང་བརྒྱ་དང་ཞེ་གཅིག 2000ལོར་བཀོད་སྒྲིག་སྡོད་ཁུལ་དུ་གནས་སྤོས་པ་དང་།  ཉེ་བའི་ལོ་འགའི་རིང་ལ། སྡོད་དམངས་ཀྱི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག གློག་སྒུལ་རླངས་འཁོར་སྤྱོད་མཁན་ཡང་རིམ་བཞིན་ཇེ་མང་དུ་ཕྱིན་ཡོད་པས། གློག་སྒུལ་རླངས་འཁོར་ལ་གློག་གསོག་རྒྱུ་དེ་ཚང་མས་སེམས་ཁྲལ་བྱེད་པའི་བྱ་བ་ཞིག་ཏུ་གྱུར་ཡོད།

སྡོད་དམངས་ཝང་གིས་ཐབས་ཟད་པའི་སྒོ་ནས་བཤད་རྒྱུར། “ངས་ཀྱང་གློག་སྐུད་ཁང་པའི་ནང་དུ་འཐེན་ནས་གློག་གསོག་པ་དང་མེ་འགོག་བགྲོད་ལམ་བཟུང་སྤྱོད་བྱེད་པ་སོགས་ཀྱི་བྱེད་ཐབས་དེ་བདེ་འཇགས་མིན་པ་ཤེས་ཀྱིན་ཡོད་མོད། འོན་ཀྱང་སྡོད་ཁུལ་དུ་སྤྱི་པའི་གློག་གསོག་སྒྲིག་ཆས་མེད་པས་ང་ཚོར་ཡང་ཐབས་ཤེས་མི་འདུག”ཟེར།

དམངས་ལ་རེ་བ་ཡོད་ཚེ། ང་ལ་ཨ་ལན་ཡོད། ཞིས་ཞིན་ཡོན་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ས་གནས་སུ་ལྟ་ཞིབ་དང་ཁྱིམ་ཚང་དུ་སོང་ནས་བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ། སྡེ་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལྟེ་བར་བྱས་ཏེ། “ཏང་ཡོན་དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་རྒྱུན་འཁྱོངས”ཀྱི་ཞབས་ཞུའི་ལམ་སྲོལ་འདོན་སྤེལ་གང་ལེགས་བྱས་ནས། སྡོད་ཁུལ་གྱི་གློག་སྒུལ་འཁོར་རིགས་ལ་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། “དྲ”གཅིག་གིས་སྡོད་དམངས་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཤེས་ཐུབ་པ་དང་། བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་པར་བྱས།

བྱ་བ་ཇི་ཙམ་དཀའ་ཡང་མི་མང་པོས་གྲོས་བྱས་ན་ལས་སླ་པོར་འགྲུབ་ཐུབ། ཟླ་བ་གཅིག་ཀྱང་མ་འགོར་བར་སྡོད་མི་ཚོས་སྡེ་ཁུལ་དུ་གློག་གསོག་སྒྲིག་ཆས20བཞག་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས། “གློག་གསོག་ཡོ་བྱད་སྒྲིག་སྦྱོར་བྱས་པ་དེས་ཚང་མའི་གློག་སྒུལ་འཁོར་རིགས་ལ་རྒྱུན་ལྡན་གྱི་གློག་གསོག་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་སྡོད་ཁུལ་གྱི་མེ་འགོག་བདེ་འཇགས་ལ‘སེམས་བདེ’བསྐྲུན་ཡོད།” “‘གློག་གསོག་སྒྲིག་ཆས’ཆུང་ཆུང་གིས‘དམངས་ཚིས་གནད་དོན་ཆེན་པོ’ཐག་གཅོད་བྱས་པས།” ཚང་མས་གཅིག་རྗེས་གཉིས་མཐུད་ངང་དམངས་ཕན་གྱི་བྱེད་ཐབས་དེར་བསྔགས་བརྗོད་བྱས།

བྱ་སྤྱོད་དངོས་ཀྱི་ཐོག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ“འཚོ་བ་གསར་པ”བསྐྲུན།

“སྡེ་ཁུལ་གྱི་ཏང་ཡོན་ཚོས་འཚོ་བའི་ཐད་ང་ལ་སེམས་ཁུར་དང་རོགས་རམ་བྱས་བྱུང་བས། ང་ལ་ཁྱིམ་ཚང་ཆེན་མོའི་དྲོད་སྐྱིད་ཚོར་དུ་བཅུག་བྱུང་།” ཧོང་ཀྲུང་ཆུའུ་ལུའུ་ཧྲའར་གྲོང་རྡལ་ཅིན་ཐ་སྡེ་ཁུལ་གྱི་སྡོད་མི་ཐེན་ཧྥིན་ཧའེ་ད་ལོ་ལོ52ལ་སླེབས་ཤིང་། ཁོ་ལ་གཉེན་ཉེ་མེད་པ་དང་། རྐང་པ་བཅད་ནས་འགུལ་སྐྱོད་བྱེད་མི་ཐུབ་ལ་ལག་པའང་དབང་པོ་སྐྱོན་ཅན་དུ་གྱུར་ནས་འཚོ་བ་ཧ་ཅང་སྡུག་པོ་ཞིག་རེད།

ཅིན་ཐ་སྡེ་ཁུལ་གྱི་ལས་ཐོག་ཏང་ཡོན་གྱིས་ཐེན་ཧྥིན་ཧའེ་ཡི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་སྒོས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲེལ་གཏུག་དང་རོགས་སྐྱོར་བྱས་ནས། “དངུལ་ཡོད་མཁན་གྱིས་དངུལ་སྟེར་བ་དང་ནུས་ཤུགས་ཡོད་མཁན་གྱིས་ནུས་ཤུགས་འདོན་པའི”ཐོག་ནས“ཆ་སྒྲིག་རྣམ་པའི”ཞབས་འདེགས་ཞུ་བཞིན་ཡོད། ཧོང་ཀྲུང་ཆུའུ་མི་དམངས་སྨན་ཁང་དང་པོས་འགྲོ་གྲོན་སྐར་གང་ཡང་ལེན་གྱིན་མེད་པར་ཐེན་ཧྥིན་ཧའེ་ལ་སྨན་ཁང་དུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་རོགས་བྱས་པས། ཐེན་ཧྥིན་ཧའེ་ལ་རང་ཉིད་ཀྱི“བྱ་གཞག”ཅིག་ཡོད་པར་གྱུར།

སྒོ་རྩིས་ཚོང་ཁང་ཆུང་བས་ཐེན་ཧྥིན་ཧའེ་ཡི“འཚོ་བ་གསར་པར”ཚོང་ཟོག་ནང་འདྲེན་དང་རིགས་དབྱེ་བ། སྒྲིག་གཤོམ་སོགས་བྱེད་པར་གསོན་ཤུགས་ཆེན་པོ་བསྣན་ཡོད། ཐེན་ཧྥིན་ཧའེ་ཡིས་དེ་སྔ་ལྗིད་ལ་ལྕི་བའི་རྐུབ་སྟེགས་འཁོར་ལོ་རྙིང་པ་དེ་སྒོ་རྩིས་ཚོང་ཁང་ཆུང་བའི་གུ་དོག་པའི་ནང་འགྲོ་སྐྱོད་བྱེད་ཁག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། ཐེན་ཧྥིན་ཧའེ་ཡི་དགོས་མཁོ་ཤེས་རྟོགས་བྱུང་རྗེས། ཧོང་ཀྲུང་ཆུའུ་བསྡོམས་རྩིས་ཅུའུ་ཡི་ཏང་ཡོན་གྱིས་འཕྲལ་མར་སྟབས་བདེ་བའི་རྐུབ་སྟེགས་འཁོར་ལོ་ཞིག་བསྐྱལ་ཡོང་།

“ལས་ཐོག་ཏང་ཡོན134ང་ཚོའི་སྡེ་ཁུལ་དྲ་བའི་ནང་བཅུག་པ་དང་། ཁོ་ཚོའི་བྱ་བའི་ལས་ཁུངས་ནང་འགན་ནུས་སྡེ་ཁག་དང་། སྨན་ཁང་། ཁེ་ལས་སོགས་ཚུད་ཡོད། ཚང་མས་སོ་སོའི་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བ་ནས་ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་དང་། སྤྱི་ཚོགས་བདེ་འཇགས་སྐོར་གཡེང་བྱེད་པ་ནས་མཁར་གྲོང་བཅོས་སྐྱོང་གཞོགས་འདེགས་བྱེད་པའི་བར་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་རྒྱུ་དེ་སེམས་ལ་ཟུག་པ་དང་། གཏིང་ཟབ་པའི་ཕྱོགས་སུ་སྐྱོད་པ། ཏན་ཏིག་གི་ཕྱོགས་སུ་སྐྱོད་པ་བཅས་བྱས་ཡོད” ཅེས་ཅིན་ཐ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིག་ཀི་ཧྲི་ཡིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།