དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་དགོས།
2023.11.28 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 2

 བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་སྐབས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་དགོས།

བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་འགོ་བརྩམས་ཡོད། ས་གནས་སོ་སོས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། སྤྱི་འདོམས་བཀོད་སྒྲིག རིགས་དབྱེ་མཛུབ་སྟོན་བཅས་རྒྱུན་འཁྱོངས་བྱས་ནས།   ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་ལ་བླང་བྱ་གསལ་བོ་བཏོན་པ་དང་། བརྗོད་དོན་སློབ་གསོ་སྐོར་དང་པོ་དང་སྐོར་གཉིས་པ་སྦྲེལ་མཐུད་མཉམ་འགུལ་ལ་དམ་འཛིན་ཡག་པོ་བྱེད་པར་མཐོང་ཆེན་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་དམིགས་འབེན་བླང་བྱ་དང་གཙོ་གནད་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

དངོས་ཡོད་གནད་དོན་དོན་འཁྱོལ་དམ་འཛིན་བྱེད་པར་དམིགས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བརྗོད་དོན་སློབ་གསོ་སྐོར་དང་པོ་ནས་སྐོར་གཉིས་པར་སྒྱུར་བའི་འབྲེལ་མཐུད་ལས་དོན་ཁྲོད་གོང་འོག་མཉམ་འགུལ་དང་ཀུན་ཤུགས་གཅིག་ཏུ་བསྒྲིལ་ནས་དཀའ་གནད་སེལ་བཞིན་ཡོད། བརྗོད་དོན་སློབ་གསོ་སྐོར་གཉིས་པ་དང་འབྲེལ་བ་ཡོད་པའི་ཚན་ཁག་དང་མི་སྣས་མང་ཚོགས་དང་ཐད་ཀར་འབྲེལ་འདྲིས་བྱེད་པ་དང་།  ལྷག་པར་དུ་བརྗོད་དོན་སློབ་གསོ་སྐོར་དང་པོའི་གྲུབ་འབྲས་ཉམས་མྱོང་དཔྱད་གཞིར་བཟུང་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་དགོས།

གནད་དོན་གྱི་འབྱུང་རྩ་གནད་སྨིན་འཚོལ་ཞིབ་བྱེད་པ་ནི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་སྐབས་བརྟག་ཞིབ་གཏིང་ཟབ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བརྩམས་ཏེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་ཚིས་ཁྱབ་ཁོངས་སུ་དོན་དངོས་མི་ཉུང་བ་ཞིག་བསྒྲུབས་ཡོད། བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཁྲོད་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ “གསར་གཉིས”རྩ་འཛུགས་སོགས་གཞི་རིམ་སྡེ་ཁག་ཏུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་ཚུལ་ལ་ནན་ཏན་སྒོས་ཉན་པ་དང་། མང་ཚོགས་ཀྱི་འདོན་བློ་དངོས་མཚོན་པ། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་གཏིང་ནས་དོ་ཁུར་དང་བརྟག་ཞིབ་གཏིང་ཟབ་བྱས་ནས་གནས་ཚུལ་མཐིལ་རྟོགས་དང་། གནད་དོན་གསལ་རྟོགས། ཐབས་ཇུས་འདོན་པ་བཅས་བྱས་ཏེ། དམངས་ཚིས་ལ་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་ལས་དོན་བསྒྲུབས་ནས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས།

གནད་དོན་གཏན་འཁེལ་བྱུང་ཚེ། དཀའ་གནད་ལ་ལྷོད་གཡེང་མི་གཏོང་བ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱས་ནས“གནད་དོན་གྱི་གསལ་ཐོ”དེ“ཕན་འབྲས་ཀྱི་གསལ་ཐོར”སྒྱུར་དགོས།    ས་ཁུལ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་སྤེལ་བའི“དམངས་ཀྱི་འབོད་སྐུལ་ང་ཡིས་སྒྲུབ”དང“རེ་འདུན་འབྱོར་རྗེས་འཕྲལ་དུ་སྒྲུབ”སོགས་ཀྱི་རྐྱེན་སྲོལ་བརྒྱུད་ནས་མང་ཚོགས་ཀྱིས་བཏོན་པའི་དོན་དག་ཚང་མར་ལན་གསལ་བོ་འདེབས་དགོས།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དངོས་སྒྲུབ་དོན་གཉེར་གྱི་སྤྱོད་ཚུལ་མུ་མཐུད་དུ་དར་སྤེལ་གཏོང་བ་དང་།  གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དོན་དག་ཚང་མ་དོན་འཁྱོལ་དམ་འཛིན་དང་རྣམ་གྲངས་ཚང་མར་ཕན་འབྲས་ཐོན་པ། “གནད་དོན་གཅིག་དབྱེ་ཞིབ་བྱེད་པ”ནས“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པ”བཅས་དམངས་ཚིས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས།   བརྗོད་དོན་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་གཏོང་དགོས།

བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་སྐབས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་རྩ་བའི་དམིགས་འབེན་དོན་གཉེར་བྱས་ནས། མང་ཚོགས་ཁྲོད་ཟབ་ཞུགས་དང་མང་ཚོགས་དང་ཉེ་བཅར། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་དང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་པ་དང་། གནད་དོན་དངོས་ཐག་གཅོད་བྱེད་ཐུབ་པ་དང་གནད་དོན་དངོས་གནས་ཐག་གཅོད་བྱེད་ཐུབ་པ་བྱེད་དགོས་ལ། བརྗོད་དོན་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་མི་དམངས་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པའང་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།