ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་གནས་མཐོ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ལྟ་ཞིབ་བྱ་བར་གཞོགས་འདེགས་བྱས།
2023.11.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་དུས་སྐབས་གལ་ཆེན་འདིར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་དུ་ལྟ་ཞིབ་བྱེད་པར་ཡོང་ཞིང་། འདི་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་དང་བྱ་སྤྱོད་དངོས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སླར་ཡང་ཕྱོགས་ཡོངས་ནས་གཟིགས་ཞིབ་བྱས་པ་ཞིག་ཡིན་པས། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་བྱས་ནས་སྐུལ་འདེད་བཏང་བའི་སྒྲིག་སྲོལ་གསར་གཏོད་དང་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་དང་ལམ་ལུགས་ཀྱི་འགན་ལེན་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཡག་པོ་བསྒྲུབ་རྒྱུའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟ་ཞིབ་ཀྱི་འགག་རྩའི་རིམ་པ་རེ་རེ་དང་འགག་རྩའི་དུས་སྐབས་ཚང་མར་ཁ་ཕྱོགས་དམ་འཛིན་དང་ཁ་ཕྱོགས་གཏན་འཁེལ་གྱིས་མདུན་སྐྱོད་ལ་ཁྲིད་སྟོན་བྱས་ཏེ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བྱས་ཡོད། ང་ཚོས་དངོས་གནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས། ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན། མཚོ་སྔོན་གྱི་བྱ་བའི་གལ་ཆེའི་རང་བཞིན་དང་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ཀྱི་ཞིབ་བཤེར་གལ་ཆེན་ལ་བརྩིས་ནས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཀྱི་ཐོག་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བསམ་འཆར་དང་། དག་ཐེར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

2017ལོར། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བདུན་པས་མཚོ་སྔོན་ཞིང་ཆེན་ལ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་ལྟ་ཞིབ་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་ཁྲིམས་འགལ་སྒྲིག་འགལ་གྱི་རྣམ་གྲངས་ཁག་གཅིག་མཚམས་འཇོག་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པ། སྲོལ་རྒྱུན་གྱི་ཐོན་ལས་ཁག་གཅིག་ཇེ་ལེགས་དང་རིམ་སྤོར་བྱས་པ། ལྗང་མདོག་སྐྱེ་ཁམས་ཐོན་ལས་ཁག་གཅིག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཐོན་ལས་གྲུབ་ཚུལ་གཞན་སྒྱུར་རིམ་སྤོར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་པ་བཅས་རེད། ད་ལྟའི་མཚོ་སྔོན་དུ། མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་ཡིན་པ་དང་། འཛམ་གླིང་སྐྱེ་བོ་ཀུན་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། སྔོ་ལྗང་རི་ཀླུང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏང་གཤིས་རྩ་དོན་བརྟན་པོ་དང་ཆབ་སྲིད་ཀྱི་རྣམ་འགྱུར་མངོན་གསལ་ལ་བརྟེན་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་ཡག་པོ་བསྒྲུབ་རྒྱུར་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་གནད་དོན་མི་ཐོན་པ་དང་། གནད་དོན་གྱི་ཆེ་ཆུང་ལ་མི་བལྟ་བ། ཆ་རྐྱེན་ལ་མི་བལྟ་བ། འགན་འཁྲི་དང་ལེན་བྱེད་པ། རང་འགུལ་ངང་ཞིབ་བཤེར་དང་ལེན་བྱས་ཏེ་གནད་དོན་ཐག་གཅོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས། བྱ་བའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་བཅས་བྱས་ནས། འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། འཕྲལ་དུ་བཅོས་སྒྱུར་བྱེད་པ། ལྟ་སྐུལ་བྱེད་བཞིན་དུ་བཅོས་སྒྲིག་བྱེད་པ། རང་འགུལ་ངང་ལྟ་ཞིབ་དང་ལེན་བྱེད་པ། རང་འགུལ་ངང་གཞོགས་འདེགས་ཀྱིས་ལྟ་ཞིབ་བྱེད་པ། ནུས་ཤུགས་ཡོད་རྒུས་ལྟ་ཞིབ་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། ལྟ་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ཏེ། ཧུར་ཐག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱེད་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ང་ཚོས་བསམ་བློ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐུལ་སློང་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས། ཆབ་སྲིད་ཀྱི་གནས་བབ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། གནད་དོན་ཤེས་རྟོགས་བྱེད་པ། གནད་དོན་ཐག་གཅོད་བྱེད་པ། ཞིབ་བཤེར་ནན་མོ་བྱེད་པ། འཕྲལ་མར་བཅོས་སྒྲིག་བྱེད་པ། ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བཅོས་སྒྲིག་གི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་བརྟེན་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་དངོས་གནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་ཡག་པོ་བྱས་ནས། ལྟ་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། ཏང་དང་མི་དམངས་ལ་ཚད་དང་ལྡན་པའི་རྒྱུགས་ལན་སྤྲོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།