མཚོ་བྱང་ཁུལ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས“ང་ནི་ལས་བྱེད་པ་གང་འདྲ་ཞིག་ཡིན་པར་བསམ་བློ་གཏོང་དགོས”ཞེས་པའི་བསམ་བློའི་གྲོས་བསྡུར་ཆེན་མོ་སྤེལ།
2023.11.29 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 0

 ཉེ་ལམ།  མཚོ་བྱང་ཁུལ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས“ང་ནི་ལས་བྱེད་པ་གང་འདྲ་ཞིག་ཡིན་པར་བསམ་བློ་གཏོང་དགོས”ཞེས་པའི་བསམ་བློའི་གྲོས་བསྡུར་ཆེན་མོ་སྤེལ། ཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཏེ་གཏམ་བཤད་སྤེལ།

ཚོགས་འདུའི་ཐོག  ཤ་བོ་སྐྱབས་དང་ཀྲང་ཧྲིན་ཡོན། དབྱང་ཧེ་ལུང་། པད་རྒྱལ་བཀྲ་ཤིས། ལའེ་མིན།  ལི་ཞུ་ཀྲེན།  ཚོ་ཅི་ཆང་། མ་རུའུ་ཞང་། པོ་ཀྲེང་ཆིང་། མ་ཝུན་ཆོན་སོགས་ལྟེ་བའི་ཚན་ཆུང་གི་ཁོངས་མིས་རང་རྟོགས་ངང་དུས་རབས་གསར་པའི་ལས་བྱེད་པའི་ཚད་གཞི་དང་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལྟར།  ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་པ་དང་། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ།  ཞིབ་བསྡུར་གནད་འཚོལ་ནན་ཏན་བྱེད་པ། ལེགས་སྒྱུར་བྱེད་ཐབས་འདོན་པ། འབད་བརྩོན་ཁ་ཕྱོགས་གསལ་སྟོན་སོགས་ཀྱི་ཐད་ནས་གཏམ་བཤད་བརྗེ་རེས་བྱས།  ལྟེ་བའི་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་གཏམ་བཤད་ཀྱི་ཡིག་ཆ་ཕུལ།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། “ང་ནི་ལས་བྱེད་པ་གང་འདྲ་ཞིག་ཡིན་པར་བསམ་བློ་གཏོང་བའི”བསམ་བློའི་གྲོས་བསྡུར་ཆེན་མོ་སྤེལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲ་ཞིག་ཡིན་ཞིང་།  ཐེངས་འདིའི་གྲོས་བསྡུར་ཆེན་མོ་དེ་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་མ་གཏོང་བའི་གསོ་སྦྱོང་ཆེན་པོ་ཞིག་ཏུ་བརྩིས་ནས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ཏེ། “ཞིང་ཆེན་གྱི་དོན་ཆེན”སེམས་ལ་འཛིན་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས་པ་དང་།  བྱ་བ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། འགྲུབ་ཐུབ་པ་བཅས་ཀྱི་བྱ་སྤྱོད་རང་འགུལ་དུ་འགྱུར་བར་བྱས་ནས་དུས་རབས་གསར་པའི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་མུ་མཐུད་དུ་བཤད་རྒྱུར།  “འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲངས་བ་དང་། བསམ་བློའི་ཐོག་གི་ནོར་འཁྲུལ་སྔར་ལས་གཙང་སེལ་བྱས་ནས་བསམ་བློའི་ཐོག་ནས་བྱ་བའི་རྣམ་འགྱུར་ལ་འགྱུར་ལྡོག་བཏང་སྟེ།  རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་བསྟན་ནས་བྱ་བ་སྒྲུབ་པའི་བསམ་ཕྱོགས་གསལ་བོ་བཟོ་བ་དང་།  བྱ་བ་སྒྲུབ་པའི་ཐབས་ལམ་གསལ་སྟོན་བྱེད་པ།  བྱ་བ་སྒྲུབ་པའི་སྒུལ་ཤུགས་འཕེལ་བ་བཅས་བྱེད་དགོས།   གཅིག་ནས་སྒྲུབ་པའི་བསམ་ཕྱོགས་གསལ་པོར་བཟོས་ནས་སྒྲུབ་པའི་ཁྲོད་སློབ་སྦྱོང་དང་སློབ་སྦྱོང་ཁྲོད་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་། བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས། དཀའ་གནད་སྒྲོལ་པའི་ཐབས་ལམ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་བཅས་སུ་བསྒྱུར་གང་ཐུབ་བྱེད་དགོས།  སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་ཐབས་ཇུས་འགོད་པའི་ཆུ་ཚད་མཐོ་རུ་བཏང་སྟེ།  ལག་ལེན་ཁྲོད་སྦྱོང་བརྡར་དང་བྱ་བ་སྒྲུབ་སྟངས་ལ་མཐོང་ཆེན་བྱས་ནས།   “243”གྱི་འཕེལ་རྒྱས་བཀོད་སྒྲིག་དང“མཚོ་བྱང་གི་ལྔ”འཛུགས་སྐྲུན་གྱི་དམིགས་འབེན་བསམ་ཕྱོགས་སྔར་ལས་འཐུས་ཚང་དུ་གཏོང་དགོས།   གཉིས་ནས་སྒྲུབ་པའི་སྙིང་སྟོབས་འཕེལ་བར་བྱས་ནས་དཔལ་འབྱོར་གཞན་སྒྱུར་གྱི་སྒུལ་ཤུགས་མི་འདང་བ་དང་བརྟན་བརླིང་ངང་འཕར་བའི་འདེགས་སྐྱོར་ཞན་པ་སོགས་ཀྱི་ཞན་ཆར་དམིགས་ཏེ།  སྙིང་སྟོབས་སྔར་ལས་འཕེལ་བ་དང་བྱ་བ་སྣ་ཚོགས་གནད་སྨིན་དང་ཏན་ཏིག་ངང་དམ་འཛིན་བྱེད་དགོས།   “གཞི་རིམ་དུ་སྐྱོད་པ་བཞིའི”བྱ་བའི་བླང་བྱ་ལྟར། མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ།  དཀའ་གནད་གནད་དོན་ཁག་གཅིག་གཅིག་སྡུད་སྒོས་ཐག་གཅོད་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་བརྗོད་དོན་སློབ་གསོ་ལས་བྱུང་བའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་མྱོང་ཚོར་ཐུབ་པར་བྱེད་དགོས། སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་དུ་གཏིང་ཟབ་དང་སྲ་བརྟན་དུ་བཏང་སྟེ།  རྒྱུན་སྲིང་ལྷོད་མེད་སྒོས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་།  “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ།  སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཆབ་སྲིད་ཐད་ཀྱི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གཏོད་རྒྱུར་ཤུགས་སྣོན་བྱེད་དགོས།  གསུམ་ནས་སྒྲུབ་པའི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་བཏོན་པའི་ཕྱོགས་བདུན་གྱི་བྱས་རྗེས་འཇོག་ཡུལ་གཙོ་བོར་དམིགས་པ་དང་།  ལྷག་པར་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་བཏོན་པའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་བླང་བྱ་གལ་ཆེན་གཞིར་བཟུང་ནས་བྱ་བ་བཀོད་སྒྲིག་ཡག་པོ་དང་དམིགས་འབེན་དོན་འཁྱོལ་ཡག་པོ། ལས་འགན་ལེགས་སྒྲུབ་ཡག་པོ་བཅས་བྱེད་དགོས།   ཐོན་ལས་ཀྱི“གནས་བཞི”དང“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་དང་།   221རྟེན་གཞི་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་སང་ལོའི་བྱ་བའི་ཇུས་འགོད་ཏན་ཏིག་བྱེད་དགོས། མི་སྒེར་གྱི་ལས་བགོས་དང་མཉམ་སྡེབ་མགོ་ཁྲིད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས།   “མཚོ་བྱང་གི་ལྔ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་བསྡུས་བྱེད་དགོས། བཞི་ནས་སྒྲུབ་པའི་རྣམ་པ་བཏོད་དེ་དོ་དམ་ནན་མོ་དང་གཅེས་སྐྱོང་མཉམ་འཛིན། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ།  ནོར་འཁྲུལ་འབྱུང་སླ་བའི་གནས་ཚུལ་ཞིབ་ཕྲ་བཟོ་བ་དང་། ནོར་འཁྲུལ་ཡོ་བསྲང་རྐྱེན་སྲོལ་ལེགས་བཅོས་བྱེད་པ། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། ལས་བྱེད་པས་དངོས་སྒྲུབ་ཀྱི་སྙིང་སྟོབས་དེ་ཐོག་མའི་བསམ་འདུན་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུའི་ཐོག་ནས་མངོན་པར་བྱེད་པ་དང་།  དངོས་སྒྲུབ་ཀྱི་ངར་ཤུགས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་སྤྱོད་པ། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་སྐོང་བའི་ཐད་མངོན་པར་བྱེད་པ་བཅས་ལ་སྐུལ་སློང་བྱས་ནས།  སྤྱི་ཚོགས་ཡོངས་སུ་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།