སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་དམ་འཛིན་ནན་མོ་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགྱུར་མེད་ཀྱི་སྤྱོད་ཚུལ་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་མ་ཟད། འབད་བརྩོན་གྱི་ཁ་ཕྱོགས་དང་ལག་ལེན་གྱི་ཐབས་ལམ་གསལ་སྟོན་གནང་ཡོད།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ལ། ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དང་མིའི་བློ་ཁ་གཏད་ཕྱོགས་ལ་ལྟ་ཞིབ་བྱེད་པའི་ཚད་ཤིང་ལྟ་བུ་རེད། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་ཡོད་མེད་ལྟ་སྐབས། ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་ཐུབ་མིན་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་མེད་ལ་ཐད་ཀར་ལྟ་བཞིན་ཡོད། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་དམ་འཛིན་ནན་མོ་བྱེད་པར་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་ཕན་ཚུན་ཟུང་འབྲེལ་དང་། སློབ་སྦྱོང་། ཞིབ་བཤེར། དག་ཐེར་བཅས་ཕན་ཚུན་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ཏེ་ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། ཏང་གཤིས་བླང་བྱར་གཞིགས་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་ཞིབ་བསྡུར་བྱས་ནས་བྱ་ཐབས་གསལ་པོ་བཟོ་བ་བཅས་བྱས་ཏེ་འཚོལ་བཤེར་དང་དག་ཐེར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས།
སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་དངོས་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱོད་གཙང་གི་སྲོལ་བཟང་དར་སྤེལ་གཏོང་བ། བབ་ཆགས་ཀྱི་སྲོལ་བཟང་འཇགས་པར་བྱེད་པ་བཅས་ཕྱོགས་གསུམ་ཐད་ནས་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཐུབ་མིན་ལ་རག་ལས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་དང་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་རང་མདངས་ཉམས་མེད་གནས་པ། འགན་འཁྲི་འཁུར་ཕོད་པ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།