ཕྱོགས་གཉིས་དམ་འཛིན་དང་འཕྱུགས་པ་མེད་པར་སྐུལ་འདེད་གཏོང་དགོས།
2023.12.08 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 0

“ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན་ལ་གཞི་རྩའི་འགན་ལེན་ཞིག་ཀྱང་རེད།” ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ལ་ཤུགས་སྣོན་རྒྱག་པ་དང་བརྗོད་དོན་སློབ་གསོ་སྐོར་གཉིས་པ་ཏན་ཏིག་སྤེལ་བ་སོགས་ལ་དམིགས་ནས་བླང་བྱ་གསལ་བོ་བཏོན་པ་དང་། ཁོང་གིས“བརྗོད་དོན་སློབ་གསོ་སྐོར་གཉིས་པ་མཇུག་སྒྲིལ་ལ་ཉེ་བས། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་ཀྱིས་བརྗོད་དོན་སློབ་གསོ་དང་ཕྱོགས་སོ་སོའི་བྱ་བར་ཟུང་འབྲེལ་བྱས་ནས། ཕྱོགས་གཉིས་དམ་འཛིན་དང་འཕྱུགས་པ་མེད་པར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། ས་གནས་སོ་སོས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་སྔར་ལས་མཐོང་ཆེན་དང་། རིགས་དབྱེའི་མཛུབ་ཁྲིད་ལ་སྔར་ལས་མཐོང་ཆེན། རྨང་རྩ་གཉིས་སྔར་ལས་བརྟན་པར་མཐོང་ཆེན་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་སྔར་ལས་མཐོང་ཆེན་བྱེད་པ། འགོ་ཁྲིད་དང་མཛུབ་ཁྲིད་ལ་སྔར་ལས་མཐོང་ཆེན་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་དམངས་ལ་བདེ་རྩ་སྐྲུན་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཅངས་པ་དང་། ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་རྒྱུ་རྒྱུན་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཧུར་ཐག་གིས་ཐག་བཅད་ནས། “གནད་དོན་གཅིག་ལ་དབྱེ་ཞིབ་བྱེད་པ”བརྒྱུད“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར”སྐུལ་འདེད་བཏང་སྟེ། སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོར་དངོས་སུ་གྱུར་པར་བྱས་པ་དང་། ཕྱོགས་སོ་སོའི་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། མཇུག་བསྡུ་བའི་དུས་སུ་སླེབས་ཚེ་སྔར་ལས་མགོ་མཇུག་བར་གསུམ་ལ་གཟབ་ནན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོར་སྤུས་ཚད་མཐོ་བའི་ཕན་འབྲས་ཐོན་པར་དམ་འཛིན་བྱས་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

གནས་ལུགས་ནི་སྟབས་བདེ་དང་དངོས་སྒྲུབ་ནི་འགག་རྩ་རེད། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་བ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་བྱས་ཏེ། འགལ་ཟླ་དང་གནད་དོན་སྔར་ལས་རྙོག་འཛིང་ཆེ་བར་ཁ་གཏད་དགོས་པ་དང་། མང་ཚོགས་ཀྱིས་ཐག་གཅོད་བྱེད་པར་རེ་སྒུག་བྱེད་པའི་གནད་དོན་སྔར་ལས་ཞིབ་ཕྲ་བྱས་ནས། གཞི་རིམ་དུ་ཐོན་ཚེ“དོན་དངོས”སྔར་ལས་འབུར་དུ་ཐོན་པར་བྱེད་དགོས། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ངེས་པར་དུ་ཏན་ཏིག་གི་བླང་བྱ་འདི་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་། “ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་གཞི་རིམ་དུ་བསྐྱལ་བ་དང་། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། གཞི་རིམ་དུ་ཡིག་སྐུར་ངོ་གཏུག་བྱེད་པ། གཞི་རིམ་གྱི་ཡུལ་དངོས་ནས་བྱ་བ་སྒྲུབ་པ”དང་། “བརྡ་སྦྱོར་མི་གཏོང་བ་དང་བརྡ་མི་རྒྱག་པ། སྙན་ཞུར་མི་ཉན་པ། སྣེ་ལེན་དང་ཕེབས་རོགས་བྱེད་མི་དགོས་པར་ཐད་ཀར་གཞི་རིམ་དང་ལས་ཡུལ་དངོས་སུ་བསྐྱོད་དེ། གློ་བུར་ཞིབ་བཤེར་དང་སྐབས་བསྟུན་ཟུར་བཤེར། ཕྱིར་མིག་ལྟ་བའི་བསྐྱར་ཞིབ”བཅས་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་དེ་ཤུགས་རྒྱག་སར་བརྩིས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་སོགས་ཀྱི་གཙོ་གནད་བྱ་ཐབས་འབྲེལ་མཐུད་བྱས་ནས། དམངས་ཚིས་ལ་ཕན་པ་དང་། དམངས་སེམས་དྲོ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་བྱ་བ་མང་ཚོགས་ཀྱི་སེམས་ལ་འབབ་པར་བྱེད་དགོས། བྱ་བ་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། དངོས་ཕན་ཐོབ་པར་འབད་བརྩོན་མང་ཙམ་དང་ཕྱི་ཚུལ་ལ་ཤུགས་ཉུང་ཙམ་རྒྱག་པ་དང་། ཕྱིའི་རྣམ་པ་ཙམ་དང་རྣམ་པ་གསར་རྐྱང་མི་བྱེད་པར་སྤྱོད་ཚུལ་ནན་མོའི་ཐོག་ནས་བརྗོད་དོན་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་མོ་བྱེད་པ་དང་། བརྗོད་དོན་སློབ་གསོ་སྐོར་དང་པོ་སྤེལ་བའི་རིང་བཙུགས་པའི་འགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་གྱི་ནུས་པ་མུ་མཐུད་ཡག་པོ་བཏོན་ཏེ། “སེམས་ལྷོད་ལ་འབབ་པ”དང“ངལ་གསོ་བྱེད་པའི”ཕྱོགས་ལྷུང་སྔོན་འགོག་བྱས་ནས་བརྗོད་དོན་སློབ་གསོ་མགོ་མཇུག་ཡོད་པ་དང་སྒྲུབ་མཁས་པོ་བྱེད་པར་འགན་ལེན་བྱེད་དགོས།

ལག་ལེན་གྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་མངོན་པར་གསལ་བའི་ཁྱད་ཆོས་ཤིག་ཡིན་པ་དང་སློབ་སྦྱོང་གི་དམིགས་ཡུལ་ནི་བེད་སྤྱོད་བྱེད་རྒྱུ་དེ་རེད། སློབ་གསོ་དང་ལག་ལེན་གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་ཐ་དད་དུ་མི་འགྱུར་བ་བྱས་ཚེ། གཞི་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་མངོན་ཐུབ། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སོ་སོའི་སྟེང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱི་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། བརྗོད་དོན་སློབ་གསོ་སྤེལ་བའི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་ནས་ལག་ལེན་དངོས་ལ་བེད་སྤྱོད་པའི་ཕྱོགས་སུ་བསྒྱུར་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་དང་། ཏང་ཡོན་དང་ལས་བྱེད་པའི་འགན་འཁྲི་ཁུར་ནུས་ཆེ་རུ་གཏོང་བ་དང་འགན་འཁྲི་ཁུར་སེམས་ཇེ་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས། ལོ་མཇུག་དང་ལོ་འགོར། ལོ་ཧྲིལ་པོའི་བྱ་བ་མཇུག་བསྡུ་བ་དང་ལོ་གསར་པའི་བྱ་བ་མགོ་འཛུགས་པའི་ལས་འགན་ལྗིད་རྫོབ་ཆེ་ལ་ལས་འབོར་ཡང་ཆེན་པོ་ཡོད། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོ་དང་ལྟེ་བའི་ལས་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། བརྗོད་དོན་སློབ་གསོ་ཡག་པོ་གཉེར་བ་དང་ད་ལོའི་ལས་འགན་སོ་སོ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པར་སྤྱི་འདོམས་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བ་ལས་མཚོན་པར་བྱེད་པ་དང་། ལྟེ་བའི་བྱ་བའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།

ང་ཚོ་ལྟ་བུའི་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཀྱི་ངོས་ནས་བརྗོད་ན། རིགས་པའི་གཞུང་ལུགས་སྟོབས་ཆེར་སོང་ན་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གཏིང་ཤུགས་བརྟན་པོ་བཅས་ཡོང་ཐུབ། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོར་ཇུས་འགོད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དངོས་གནས་དམ་འཛིན་ཡག་པོ་བྱེད་པ། དག་ཐེར་གྱི་འབུར་ཐོན་གནད་དོན་ཞིབ་ཏུ་འཚོལ་བཤེར་བྱེད་པ། དམངས་བདེ་དམངས་ཕན་གྱི་བྱ་བ་དངོས་སྒྲུབ་པ། ཕྱོགས་གཉིས་ཀར་དམ་འཛིན་དང་། གཉིས་ཀ་མི་འཕྱུགས་པ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་དམངས་ཀྱི་ཡིད་ཆེས་ཐོབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་ཐུབ།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།