“རྩ་གནད་གསུམ”ཁོང་དུ་ཆུད་པའི་སྒོ་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་མངོན་པར་སྐུལ་འདེད་བཏང་བ།
2023.12.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། གཅིག་སྒྲིལ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཏང་ཀྲི་པུའུ་ཡིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག”པའི་སྤྱིའི་བླང་བྱ་གཙོ་བོར་བཟུང་སྟེ། “རྩ་གནད་གསུམ”གྱི་བྱ་བའི་རིག་ལམ་གསལ་བོ་བྱས་ཏེ། གནད་དུ་འཁེལ་བའི་སྒོ་ནས་སྟོབས་ཤུགས་བཏོན་པར་བརྟེན་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

གཞུང་ལུགས་སློབ་སྦྱོང་གི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། སྙིང་སྟོབས་དང་གོ་རྟོགས་བསྐྱེད་པ།  བརྗོད་དོན་གྱི་གཙོ་གནད་དམིགས་སུ་བཟུང་ནས་སློབ་སྦྱོང་བྱེད་ཡུལ་ཁྱོན་ཡོངས་ལ་ཁྱབ་པ་དང་། སློབ་སྦྱོང་ནང་དོན་ལྷག་ལུས་མེད་པ། སློབ་སྦྱོང་འཆར་གཞི་ལུགས་མཐུན་ཡིན་པ་བཅས་སྒྲུབ་ཐུབ་པར་བྱས་པ་དང་། བརྗོད་དོན་སློབ་གསོ་ནན་ཏན་གྱིས་སློབ་པ། ཞིབ་མོར་སློབ་པ། སེམས་གཏིང་ནས་སློབ་པ་བཅས་ལ་སྐུལ་འདེད་བྱས། “ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་དང་། རིམ་པ་དང་རིགས་དགར་ནས་སློབ་སྦྱོང་གི་ནང་དོན་གཏན་འཁེལ་བྱེད་པའི”གཞུང་ལུགས་སློབ་སྦྱོང་གི་ནང་དོན་མ་ལག་ནི་སློབ་སྦྱོང་གི་ནང་དོན་གཙོ་བོ་ཡིན། མིག་སྔའི་བར་དུ། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”བརྒྱུད་དེ་གཅིག་བསྡུས་སློབ་སྦྱོང་ཐེངས་བརྒྱད་དང་། ཏང་གི་སློབ་ཁྲིད་ཐེངས་གཅིག་དང་། ཏང་གི་སློབ་ཁྲིད་ཆུང་གྲས་ཐེངས་གཅིག སྔོན་ཐོན་བྱས་རྗེས་ཆེད་དོན་བརྙན་རིས་ལ་ཐེངས་གཉིས་རྩ་འཛུགས་བྱས་ནས་བལྟས་པ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཐེངས་གཉིས་སྤེལ།

ལས་སྒྲུབ་གསར་གཏོད་ཀྱི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། འགན་འཁྲིའི་འདུ་ཤེས་ཇེ་དྲག་ལ་བཏང་བ། བརྗོད་དོན་སློབ་གསོ་སྔར་ལས་དོན་དངོས་དང་འཚམ་ཆེད། ཏང་ཡོན་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཧུར་བརྩོན་གྱིས་དོན་དངོས་སྒྲུབ་པ། ཏང་ཡོན་སྡེ་ཁུལ་ལ་སོང་ནས་མིང་ཐོ་འགོད་པ་དང་། བསམ་འདུན་ཆུང་ངུ་རྟོགས་པ། རྒན་གསོ་ཁང་གི་ལོ་ལོན་ལ་འཚམས་འདྲི་བྱས་ནས་དང་བླངས་པའི་བྱ་འགུལ་སྤེལ། ཏང་གི་འཛུགས་སྐྲུན་དོན་འཁྱོལ་བྱེད་པའི“འབྲེལ་གཏུགས་བཞི་དང་རྒྱུགས་ཤོག་གསུམ”བྱ་བའི་ནང་རྐྱེན་དང་འབྲེལ་ཏེ། མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་པ་དང་། བར་གཞི་ཡུལ་ཚོ་རྫ་ཡུལ་སྡེ་བའི་ཏང་ཀྲི་པུའུ་དང་མཉམ་དུ་ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ་དང་ཀྲི་པུའུ་མཉམ་འཛུགས་བྱ་འགུལ་སྤེལ་བ་དང་། དངོས་གནས་མང་ཚོགས་ལ་རོགས་རམ་བྱས་ནས་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱུན་མཐུད་དེ་འཇོན་མི་ནང་འདྲེན་གྱི་བྱ་བ་དོན་འཁྱོལ་བྱས་པ་དང་། རྫོང་རིམ་པའི་ནོར་སྲིད་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བདུན་བརྩོན་ལེན་བྱས་ནས་ཕྱོགས་སོ་སོའི་ཐོན་ཁུངས་སྔོག་འདོན་གྱི་ཐད་ལ་བཀོལ་བ་དང་། རྫོང་སྨན་ཁང་ལ་བྲེལ་དཀའ་སྡུག་སྨོན་བཞིའི་དངོས་ཡོད་གནད་དོན་བཞི་ཐག་གཅོད་བྱས།

ལྟ་ཞིབ་བཅོས་སྒྲིག་གི་རྩ་གནད་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློའི་འགོག་སྲུང་ལ་རྒྱལ་ཁ་བླངས་པ། གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ལ། རྩ་འཛུགས་པུའུ་ཏང་ཀྲི་པུའུ་ཡིས་སློབ་སྦྱོང་བྱེད་ཞོར་དང་བསམ་བློ་གཏོང་ཞོར། བརྟག་ཞིབ་ཞིབ་བསྡུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་པ་དང་། རང་འགུལ་གྱིས་ཚད་གཞིར་བསྡུར་བ་དང་། གཏིང་ཟབ་པའི་སྒོ་ནས་གནས་པའི་གནད་དོན་དང་མི་འདང་ས་བཙལ་བ། མང་ཚོགས་ཀྱིས་བཤད་པ་དང་རང་གི་འཚོལ་བ། གོང་རིམ་གྱིས་སྟོན་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ཀྲི་པུའུ་ཡིས་ལྟ་བཤེར་གནད་དོན་གསུམ་བཙལ་བ་དང་། བཅོས་སྒྲིག་བྱེད་ཐབས་དྲུག་གཏན་འབེབས་བྱས། ཏང་ཡོན་ལས་བྱེད་པས་ལྟ་བཤེར་གནད་དོན་བརྒྱད་བཙལ་བ་དང་། བཅོས་སྒྲིག་བྱེད་ཐབས་བཅོ་ལྔ་གཏན་འབེབས་བྱས། ལྟ་བཤེར་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་པ་བརྒྱུད་དེ། མི་ལེགས་པ་དང་མི་འདང་ས་ཆུང་ངུ་དུས་ཐོག་ཏུ་སེལ་ཐུབ་པར་བྱས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།