དར་ལག་རྫོང་གིས“ཡིག་འབྲུ་བཞིའི་ཐབས་ཇུས”ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་པ་དང་དོན་ཐོག་ཏུ་འཁྱོལ་བ། མི་སེམས་སུ་འཇགས་པར་བྱས།
2023.12.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། དར་ལག་རྫོང་སྲིད་གཞུང་གཞུང་ལས་ཁང་རྫོང་ཡོངས་ཀྱི་སྲིད་གཞུང་མ་ལག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ། རྫོང་ཏང་ཨུ་ དང་། རྫོང་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི“གནད་འགག་ལྷུ་མཚམས”དང“དྲ་རིས་དང་པོ”ཡིན་པའི་ཆ་ནས། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག”པའི་སྤྱིའི་བླང་བྱ་དམ་པོར་ཁོང་དུ་ཆུད་པར་བྱས་ཤིང་། “སློབ། རྟོགས། ནན། ཞིབ”བཅས་ཡིག་འབྲུ་བཞིའི་ཐབས་ཇུས་ལ་བརྟེན་ནས“རྒྱུན་འཁྱོངས་དྲུག”གི་བླང་བྱ་གལ་ཆེན་ལག་ལེན་གཏིང་ཟབ་བྱས་པ་དང་། “ཞབས་ཞུ་གསུམ”གྱི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བའི་ཁྲོད་བརྗོད་དོན་སློབ་གསོའི་ལས་འགན་དང་བླང་བྱ་དངོས་འབེབས་ཞིབ་མོ་བྱས།

“སློབ”ཡི་རྣམ་འགྱུར་དྲང་མོར་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པའི་ཐད་ཤུགས་བཏོན་པ། “དགོངས་པར་སློབ་སྦྱོང་”བྱེད་པའི་ཐད། བསམ་པའི་ངང་ཚུལ་སྟོབས་དང་ལྡན་ཞིང་སློབ་སྦྱོང་གི་རྣམ་འགྱུར་དྲང་མོར་བརྟེན་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ཤིང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་ཀྱིས་ཆབ་སྲིད་ཀྱི་ངོས་འཛིན་དང་བསམ་བློའི་ངོས་འཛིན། གཞུང་ལུགས་ཀྱི་ངོས་འཛིན། བརྩེ་བའི་ངོས་འཛིན་བཅས་མུ་མཐུད་དུ་འཕེལ་བར་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་དངོས་གནས་སེམས་སུ་འཇགས་པར་བྱས་ལ། འགུལ་སྐྱོད་ཀྱི་སྟེང་ནས་མངོན་པར་བྱས།

“རྟོགས”ཀྱི་སྙིང་བཅུད་དམ་འཛིན་གྱིས་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བའི་ཐད་ཤུགས་བཏོན་པ། ཁུལ་ཏང་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞི”ཡི་སྤྱིའི་རིག་ལམ་དང་རྫོང་ཏང་ཨུའི“མིང་བྱང་ལྔ”བསྐྲུན་པའི་དམིགས་འབེན་བླང་བྱར་དམ་པོར་དམིགས་ཏེ། གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་དུ་འཇུག་པ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གིས་གཅོད་པར་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོ་སྤེལ་བ་དེ་དངོས་ཡོད་བྱ་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་དང་ཁུལ། རྫོང་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལ་ཞབས་འདེགས་ཞུ་བ་དང་ཟུང་འབྲེལ་བྱེད་པ། གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་པ་དེ་སློབ་སྦྱོང་དང་བསམ་གཞིག་གི་གཞི་འཛིན་སར་འཇོག་པ་དང་གཅིག་བསྡུས་སློབ་སྦྱོང་གི་ཞིབ་འཇུག་བགྲོ་གླེང་དང་བརྗེ་རེས་ཀྱི་གོ་རིམ་ཧྲིལ་པོར་ཁྱབ་ཏུ་བཅུག་པ་བཅས་ཀྱིས་སློབ་སྦྱོང་གི་ཁྲོད་ནས“ཞབས་ཞུ་གསུམ”གྱི་ཆུ་ཚད་ཇི་ལྟར་ཇེ་མཐོར་གཏོང་བར་དངོས་གནས་ཚོར་རྟོགས་ཟབ་མོ་བྱས་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྔར་ལས་རོགས་སྐུལ་བྱས།

“ནན”གྱི་སྒྲིག་ལམ་འབུར་དུ་ཐོན་པར་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སྲོལ་བཟང་དར་སྤེལ་གཏོང་བའི་ཐད་ཤུགས་བཏོན་པ། གཟབ་ནན་གྱི་བླང་བྱ་རང་འགུལ་གྱིས་བརྗོད་དོན་སློབ་གསོའི་དུས་རིམ་རེ་རེ་དང་ལྷུ་མཚམས་རེ་རེར་ཁྱབ་དུ་བཅུག་ཅིང་། བྱེད་ཕྱོགས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་གཞུང་ཡིག་ཐག་གཅོད་དང་གྲོས་ཚོགས་བཀོད་སྒྲིག བདེ་འཇགས་གསང་བ། མཁོ་སྒྲུབ་ཞབས་ཞུ་སོགས་ཉིན་རྒྱུན་གྱི་བྱ་བའི་ཕྱོགས་སོ་སོའི་སྟེང་ནས་མངོན་པར་བྱས།

“ཞིབ”ཀྱི་ཕན་འབྲས་མཐོར་འདེགས་བཏང་སྟེ་སློབ་སྦྱོང་ལ་བརྟེན་ནས་ལས་ལ་སྐུལ་བའི་ཐད་ཤུགས་བཏོན་པ། གཞུང་ལུགས་སློབ་སྦྱོང་གི་ཐད་དངོས་གནས་སློབ་པ་དང་དངོས་གནས་རྟོགས་པ། དངོས་གནས་ཡིད་ཆེས་པ། དངོས་གནས་བེད་སྤྱོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཐད་གནད་དོན་ལ་དངོས་གནས་ཞིབ་འཇུག་དང་གནད་དོན་ངོ་མར་ཞིབ་འཇུག་བྱེད་དགོས། གཞུང་ལས་ཁང་གི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་ངོ་མ་འདོན་པ་དང་བྱེད་ཐབས་གོ་ཆོད་སྤྱོད་པ། རྟོག་ཞིབ་དག་ཐེར་གྱི་ཐད་བྱེད་ཐབས་ངོ་མ་འདོན་པ་དང་ཕན་འབྲས་ངོ་མ་བརྩོན་ལེན་བྱས་ནས། བརྗེ་རེས་འགྲོ་འོང་གི་ཁྲོད་ནས་ངོས་འཛིན་ཟབ་སྤེལ་བྱེད་པ་དང་། བསམ་བློའི་གདོང་གཏུག་གི་ཁྲོད་ནས་ནུས་པ་མཐོར་འདེགས་གཏོང་དགོས་ལ། བགྲོ་གླེང་བརྗེ་རེས་ལ་བརྟེན་ནས་གཅིག་བསྡུས་སློབ་སྦྱོང་གི་ཕན་འབྲས་ལ་བརྟག་བཤེར་བྱས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།