བརྟག་དཔྱད་ཞིབ་འཇུག་གཙོ་གནད་དུ་བཟུང་ནས་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། 
2023.12.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—མཚོ་སྔོན་གྱི་ས་གནས་སོ་སོས་སྐོར་གཉིས་པའི་བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། མཚོ་སྔོན་གྱི་ས་གནས་སོ་སོས་བརྗོད་དོན་སློབ་གསོ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་རེ་བ་བཏོན་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པར་བརྟེན་ནས“འཕྲལ་མཁོ་དང་དཀའ་སྡུག་གི་གནད་དོན”མཐིལ་རྟོགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ“གནད་དོན་ངོ་མ་རྟོགས་པ་དང་། དངོས་གནས་བརྟག་ཞིབ་བྱེད་པ། གནད་དོན་དངོས་ཐག་གཅོད་བྱེད་པ”བཅས་བརྟག་དཔྱད་ཞིབ་འཇུག་གི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས་སློབ་གསོ་གཏིང་ཟབ་ནན་མོ་དང་། བདེན་འཚོལ། ཞིབ་ཚགས། གནད་ལ་འཁེལ་བ། ཕན་འབྲས་ཐོན་པ་བཅས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ། བརྟག་ཞིབ་བྱ་བ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། ས་གནས་སོ་སོས“དོན་དག་གཅིག་སྒྲུབ་པ་ནས་དོན་དག་སྐོར་ཞིག་ཡག་པོར་བསྒྲུབ་རྒྱུའི་བར”རྒྱུན་བསྲིངས་བྱས་ནས། བརྗོད་དོན་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད། 

ཚན་རིག་དང་མཐུན་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས།

ཅི་ཞིག་ལ་བརྟག་དཔྱད་ཞིབ་འཇུག་གི“གནད་དོན་དངོས”ཟེར་རམ། བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་འདེམས་རྒྱུ་ནི་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུའི་གནད་འགག་གི་རིམ་པ་ཡིན། 

བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཡག་པོ་འདེམས་ཆེད། མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་སློབ་སྦྱོང་གི་འདུ་ཤེས་དང་། སྙིང་བཅུད། བྱ་ཐབས། དོན་སྙིང་བཅས་ཀྱི་ཐོག་ནས་བརྟག་ཞིབ་ནང་དོན་གཏན་འཁེལ་བྱས་པའི་རྨང་གཞིའི་སྟེང་།  དབང་པོ་སྐྱོན་ཅན་གྱི་བྱིས་པ་དྲག་སྐྱེད་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས། གཞི་རིམ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གསུམ་བསྐྱར་དུ་གཏན་འཁེལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་གཏན་འཁེལ་བྱས་པ་རེད། བརྟག་ཞིབ་བྱེད་སྐབས། དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་དམངས་ཚིས་དགོས་མཁོའི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས། བརྟག་ཞིབ་འཆར་གཞི་དང“ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་གཞི་རིམ་དུ་བསྐྱལ་བ་དང་། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། གཞི་རིམ་དུ་ཡིག་སྐུར་ངོ་གཏུག་བྱེད་པ། གཞི་རིམ་གྱི་ཡུལ་དངོས་ནས་བྱ་བ་སྒྲུབ་པ”དང་། “བརྡ་སྦྱོར་མི་གཏོང་བ་དང་བརྡ་མི་རྒྱག་པ། སྙན་ཞུར་མི་ཉན་པ། སྣེ་ལེན་དང་ཕེབས་རོགས་བྱེད་མི་དགོས་པར་ཐད་ཀར་གཞི་རིམ་དང་ལས་ཡུལ་དངོས་སུ་བསྐྱོད་དེ། གློ་བུར་ཞིབ་བཤེར་དང་སྐབས་བསྟུན་ཟུར་བཤེར། ཕྱིར་མིག་ལྟ་བའི་བསྐྱར་ཞིབ”བཅས་ཀྱི་བྱེད་ཐབས་ཐོག་ནས་ཏང་ཡོན་ལས་བྱེད་པ་མཉམ་དུ་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་འབྲེལ། བརྟག་ཞིབ་བྱས་ཚུལ་དང་དྲག་སྐྱེད་ལས་ཁུངས་ཀྱི་སྒྲིག་ཆས་དཀོན་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་གནས་གཏན་འཁེལ་གྱི་དྲག་སྐྱེད་སྒྲིག་གཞི7ལPTཁང་གཅིག་དང་། ཚོར་དབང་ཁང་གཅིག བདེ་ཐང་སླར་གསོའི་སྒྲིག་ཆས་སུམ་ཅུ་བཅས་རོགས་སྐྱོར་བྱས་ཡོད། 

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་བརྗོད་གཞི་འདེམས་པ་དང་། བརྗོད་དོན་གཏིང་ཟབ་སེལ་བ། བརྗོད་གཞི་ནན་ཏན་སེལ་བ། སྤུས་ཚད་མཐོན་པོའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱ་བ་སྤེལ་བ། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་དུས་ཡུན་རིང་པོའི་བཟོ་སྐྲུན་ཅིག་ཏུ་བརྩིས་ནས་མུ་མཐུད་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་བཀོལ་སྤྱོད་བྱེད་པ་བཅས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། 

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་བྱ་བ་འགྲུབ་པའི་ཐབས་ལམ་ཡིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“ལས་བྱེད་པས་བྱ་བ་ནན་ཏན་སྒྲུབ་པ་དང་། བསམ་ཕྱོགས་གསལ་པོ་བྱེད་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་དམིགས་འབེན་ལ་དམ་པོར་དམིགས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་བདེ་འཛུགས་སྐྲུན་གྱི་བྱ་བའི་དཀའ་གནད་སེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ། རྫོང་དང་ཁའོ་རིམ་པའི་འགོ་ཁྲིད20སྐོང་འཐེན་བྱས་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཙུགས་པ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནས་སྡོད་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་བ་སྤེལ་ནས་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱ་རྒྱུའི་ཁག་ཐེག་བྱས། དུས་བདེའི་ཡུས་ཧྲུའུ་འཛུགས་སྐྲུན་བྱ་བ་དེ་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས། ཆེད་དོན་གྲོན་དངུལ་བཀོད་སྒྲིག་དང་མ་དངུལ་འགན་ལེན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བརྗོད་དོན་སློབ་གསོ་དང་དུས་བདེའི་ཡུས་ཧྲུའུ་འཛུགས་སྐྲུན་བྱ་བ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་མཉམ་དུ་ཡུས་ཧྲུའུ་ཡི“རྒྱུགས་ལེན”ཡག་པོ་འདེབས་དགོས། 

གནས་ཚུལ་དངོས་རྟོག་ཞིབ་དང་བྱ་ཐབས་དངོས་འདོན་པ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་གྱི་དོན་དངོས་གནས་ཚུལ་དང་དམངས་ཚིས་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྨན་བཅོས་འགན་སྲུང་གི་དམངས་ཕན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བརྟག་ཞིབ་བྱ་གཞི9གཏན་འཁེལ་བྱས་པ་དང་།“བརྟག་ཞིབ་ཆུང་གྲས”དང“བརྟག་ཞིབ་མགྱོགས་པོ”ཡི་བྱེད་ཐབས་སྤྱད་དེ། བརྟག་དཔྱད་ཞིབ་འཇུག་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 

གཞི་རིམ་དུ་བསྐྱོད་པ་དང་ཐད་ཀར་གནད་དོན་ལ་དམིགས་ནས་ཐག་གཅོད་བྱེད་པའི་ཐད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་སྡོད་ཞིབ་འཇུག་དང་བརྟག་ཞིབ་ནན་མོ་བྱས་པ་བརྒྱུད། བརྟག་ཞིབ་ལ་མཐོང་ཆེན་དང་གནད་དོན་འཚོལ་བ། དཀའ་གནད་སེལ་བ་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས་ནས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

“ལེགས་སྒྲིག”དོན་ཐོག་ཏུ་འཁྱོལ་བ་དང“ཞིབ་འཇུག”བྱས་པར་ཕན་འབྲས་དངོས་ཐོན་ཡོད། 

གནས་ཚུལ་དངོས་ལ་ལྟ་བ་ཡང་དག་ཡིན་མིན་དང་གསལ་པོ་ཡིན་མིན་དེ་བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་དང་ཕན་འབྲས་ལ་ཐད་ཀར་འབྲེལ་བ་ཡོད། མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དགོས་གཏུག་གི་གནད་དོན་ནི་རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་ཀྱི་བྱ་བའི་གནད་སྒྲོལ་སའི་འགག་རྩར་གྱུར་ཡོད། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ25ཡིས“བརྡ་སྦྱོར་མི་གཏོང་བ་དང་བརྡ་མི་རྒྱག་པ། སྙན་ཞུར་མི་ཉན་པ། སྣེ་ལེན་དང་ཕེབས་རོགས་བྱེད་མི་དགོས་པར་ཐད་ཀར་གཞི་རིམ་དང་ལས་ཡུལ་དངོས་སུ་བསྐྱོད་དེ། གློ་བུར་ཞིབ་བཤེར་དང་སྐབས་བསྟུན་ཟུར་བཤེར། ཕྱིར་མིག་ལྟ་བའི་བསྐྱར་ཞིབ”ཀྱི་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། བརྟག་ཞིབ་ཚན་ཆུང་སོ་སོའི་སྣེ་ཁྲིད་དེ་ལས་ཡུལ་དང་པོར་བསྐྱོད་ནས་མང་ཚོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། གནས་ཚུལ་དངོས་ལ་བརྟག་པ། བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཉམ་འབྲེལ་ལྟ་སྐུལ་སློབ་སྟོན་དང་། བཞུགས་མོལ་དང་བཅར་འདྲི། མངོན་ཞིབ་ལྐོག་འདྲི། དབྱེ་ཞིབ་ནན་མོ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྗེས་འདེད་བྱེད་པ་དང་། གྲོང་ཁུལ་གཙོ་བོའི་གནད་དོན་ལ་བརྟག་ཞིབ་ནན་མོ་བྱེད་པ། མང་ཚོགས་ཀྱི་ཁྲོད་ཟབ་ཞུགས་བྱས་ནས་དམངས་ཀྱི་གནས་ཚུལ་ལ་ཉན་པ་དང་དོན་དངོས་ལ་བརྟག་ཞིབ་ནན་མོ་བྱེད་པ། བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་པ་དང་། དེའི་སྐབས་གནད་དོན་དོན་དྲུག་རྙེད་པ་དང་ཐག་གཅོད་ཀྱི་བྱེད་ཐབས་དོན་དགུ་བཏོན། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་གནད་དོན་དང་མངའ་ཁོངས་ཀྱི་ངལ་རྩོལ་པ་བཀོལ་བའི་ཆ་འཕྲིན་དངོས་དང་མི་མཐུན་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། ལས་ཞུགས་ཀྱི་དྲིལ་སྒྲོག་རླངས་འཁོར་ཆེན་པོ་གཞི་རིམ་དུ་བསྐྱོད་ནས་ལས་མི་བསྡུ་བའི་ཆེད་སྤྱོད་བྱ་འགུལ་སྤེལ། གྲོང་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་བཀོད་སྒྲིག་ལུགས་མཐུན་མིན་པ་དང་། མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ལ་དམིགས་ནས། རྫོང་མཁར་དུ་སྤྱི་སྤྱོད་རླངས་འཁོར་གྱི་འདུག་གནས40བསྐྲུན་རྒྱུ་དང་། སྤྱི་སྤྱོད་རླངས་འཁོར་གྱི་འདུག་གནས71བསྐྱར་སྐྲུན་བྱས་ནས། མུ་མཐུད་དུ་བརྟག་དཔྱད་ཞིབ་འཇུག་གི“ཡང་དག་པའི་སྒོ་འབྱེད་བྱ་ཐབས”བསྐྲུན་རྒྱུ་རེད། 

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ཏང་གི་ཁྱིམ་བརྒྱུད་ནོར་བུ་ཡིན་ལ། བྱ་བ་སྣ་ཚོགས་ལེགས་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡང་ཡིན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་བྱང་ཁུལ་གྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་གྱི་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། མང་ཚོགས་ལ་ཐབས་ཇུས་འདྲི་བ་དང་ལག་ལེན་གྱི་ནང་ནས། ཚན་རིག་དང་མཐུན་པའི“གདམ་ག”དང་།“ཞིབ་ཚགས་གནད་འཁེལ་”བཅས་བྱས་པ་བརྒྱུད། ཆུ་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཏན་ཏིག་དང་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་། 

བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་རེ་རེ་མགྱོགས་མྱུར་ངང་དོན་ཐོག་ཏུ་འཁྱོལ་ནས་བརྟག་དཔྱད་ཞིབ་འཇུག་ལ“དངོས”ཀྱི་དགོངས་གཞི་བཟོས། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མེ་ཏོག་ལུང་བ་གོང་མའི་བགྲོད་ལམ་རྙིང་བ་དེ་ཁུལ་ཚན་རྩལ་ཅུའུ་ཡིས་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་བུར་གྱུར་ནས།“འགྲོ་སྐྱོད་དཀའ་བའི”གནད་དོན་རྩ་བ་ནས་ཐག་གཅོད་བྱས།

སྡེ་ཁུལ་གྱི་ཁོར་ཡུག་སྦགས་བཙོག་ལྟ་བུའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་གལ་ཆེན་ལ་དམིགས་ཏེ། ཁྲི་ཀ་རྫོང་གིས་བརྟག་ཞིབ་བྱས་པ་བརྒྱུད། སྡོད་ཁུལ་ཉེ་འགྲམ་གྱི་ཟོག་རོ་ཉོ་སྒྲུབ་ས་ཚིགས་གནས་སྤོར་བྱེད་དུ་བཅུག་པ་མ་ཟད། ད་དུང་སྡོད་ཁུལ་གྱི་སྡོད་མི་ལ་གནས་སྡོད་ཁོར་ཡུག་སྐྱིད་པོ་ཞིག་བསྐྲུན། 

ཀོས་ནན་རྫོང་གིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་མང་ཚོགས་ལམ་ཕྱོགས་ཀྱི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩིས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དམིགས་པ་དང་། བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་། ཁྱིམ་ཚང་དུ་བསྐྱོད་པ་དང་དེ་མིན་རྫོང་རིམ་པའི་འགོ་ཁྲིད་ཀྱི་འབྲེལ་གཏུག་བྱ་བ་དང་ཟུང་འབྲེལ་བྱས་ནས། མང་ཚོགས་ཁྲོད་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ལ་ཉན་པ་དང་མང་ཚོགས་ཀྱི་དགོས་མཁོ་གང་ཡོད་ཤེས་རྟོགས་བྱས་ནས་འབྲེལ་ཡོད་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས། 

ཐུན་ཏེ་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་ཏེ། བྱ་ཐབས་དངོས་བཏོན་པ་དང་ཕན་འབྲས་དངོས་ཐོན་པ་བྱས་ནས། ལས་སྒྲུབ་ལས་སྐྲུན་ལ་འགྲན་རྩོད་དང་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་དབུལ་ཐར་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་བཅུ་དྲུག་ཟིན་པ་དང་འཕར་ཚད་27.9%ཟིན་ཡོད། 

དགོས་གཏུག་གི་གནད་དོན་དང་འགལ་བ་དང་ལེན་བྱེད་ཐུབ། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ལྷོ་ཁུལ་གྱི་འགོ་ཁྲིད་དང་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དཀའ་ཁག་མང་པ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་བྱེད་པ། བྱ་བ་སྤེལ་མི་ཐུབ་པ་བཅས་ཀྱི་ས་གནས་སུ་བརྟག་ཞིབ་བྱེད་པར་བསྐྱོད་དེ། བཅོས་སྒྱུར་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་འགལ་ཟླ་དང་གནད་དོན་འཚོལ་ཞིབ་མང་ཙམ་བྱས་ནས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དངོས་གནས་མཐིལ་རྟོགས་དང་། སྲིད་ཇུས་གནད་འཁེལ་ཐུབ་ཚད་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མི་ཆད་པར་འཕེལ་བར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད། 

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས《ཁུལ་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་འགྲེམ་སྤེལ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་བརྗོད་དོན་གཙོ་བོར་དམིགས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དམངས་ཚིས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་སུ་བསྡོམས་པས་བརྟག་དཔྱད་ཞིབ་འཇུག་བྱ་གཞི368གཏན་འཁེལ་བྱས་པ་དང་། “གནད་དོན་གཅིག་ལ་ཇུས་གཞི་གཅིག”གི་བླང་བྱ་གཞིར་བཟུང་ནས་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་བྱ་བའི་འཆར་གཞི་བཟོས། 《བརྟག་དཔྱད་ཞིབ་འཇུག་བྱ་གཞིའི་ཞིབ་བཤེར་གཏན་འབེབས》དང《བརྟག་དཔྱད་ཞིབ་འཇུག་སྙན་ཞུའི་དཔྱད་གླེང》སོགས་ཀྱི་ལམ་ལུགས་གཏན་འབེབས་དང་དཔར་འགྲེམ་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་བཅས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་དང་དམངས་ཚིས་དོན་དག་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་གཞི་བདམས་པའི་འགག་སྒོ་ནན་སྲུང་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་སྟོང་པ་མི་ཡོང་བའི་འགན་ལེན་བྱས་ཡོད། 《མགོ་ལོག་ཁུལ་གྱི་ཁུལ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་ལམ་ལུགས》བཟོས་ནས་གཟའ་འཁོར་རེར་གཅིག་གྱུར་བཀོད་གཏོང་དང་། བརྟག་དཔྱད་ཞིབ་འཇུག་གི་ལས་རིམ་ལུགས་དང་མཐུན་པར་བཀོད་སྒྲིག་བྱས་ཏེ། མི་མང་འདུས་ནས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པ་དང་། སྣེ་མང་བརྟག་དཔྱད། བརྟག་དཔྱད་ཞིབ་འཇུག་བསྐྱར་མ་བཅས་མི་ཡོང་བར་བྱས་ནས་གཞི་རིམ་གྱི་ཁུར་པོ་དངོས་གནས་ཇེ་ཡང་དུ་བཏང་ཡོད། 

ཇི་ལྟར་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་བརྗོད་བྱ་གཙོ་བོ་གནད་ལ་འཁེལ་བའི་སྒོ་ནས་ཇུས་འགོད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ཁ་ཕྱོགས་མི་འཁྱོག་པའི་འགན་ལེན་བྱེད་དགོས་སམ། ཇི་ལྟར་བྱས་ནས་བརྟག་ཞིབ་ཁྲོད་འབེན་སྙིང་གནད་ལ་འཁེལ་བ་དང་གནད་དོན་ཤེས་རྟོགས་ཐུབ་པའི“ཞིབ་ཚགས”དང“ཚད་གཞི”འཚོལ་དགོས་སམ། 

བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་རྟ་རྒྱུག་ཞོར་མེ་ཏོག་ལ་ལྟ་བ་མ་ཡིན་པར། འགལ་བ་དང་གནད་དོན་ལ་ཁ་གཏད་དེ། གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་འདོན་དགོས། བར་ཁྱམས་སུ་དངོས་པོ་མང་པོ་སྤུངས་ཡོད་པ་དང་། སྡོད་མིའི་ཁང་པ་དང་གྱང་ཤུན་མར་ལྷུང་ཡོད་པ། རྐུན་འགོག་ལྕགས་སྒོ་ལ་བཙའ་ཆགས་ཡོད། ཉེ་ལམ། མང་ཚོགས་ཀྱིས་སྡོད་ཁུལ་གྱི་སྡོད་ཁང་གི་ཁོར་ཡུག་གནད་དོན་ལ་དམིགས་ཏེ་བསམ་འཆར་མང་པོ་བཏོན། མཚོ་ནུབ་ཁུལ་གྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་། ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲིག་ཞའོ་བུའུ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། “སྡོད་ཁུལ་རྙིང་པ་སྐོར་ཞིག་གསར་སྒྱུར་བྱས་ཡོད་པ་དང་། སྡོད་ཁུལ་གྱི་སྡོད་མིའི་བདེ་སྐྱིད་ཚོར་སེམས་སྔར་ལས་ཆེ་རུ་ཕྱིན་ཡོད”ཟེར། 

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པ་དང་སེམས་ཁྲལ་བྱེད་པའི་གནད་དོན་ཁག་གཅིག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། ཐབས་ཇུས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་དགོས་མཁོ། མང་ཚོགས་ཀྱི་དགོས་མཁོ། ཏང་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོ་བཅས་ལ་དམིགས་ཏེ་གཙོ་གནད་བརྟག་ཞིབ་བྱ་གཞི་ཁག35གཏན་འཁེལ་བྱས། ལྡོག་ཕྱོགས་ཀྱི་དཔེ་མཚོན་དངོས་ལ་དབྱེ་ཞིབ་བྱེད་པའི་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་ནས། བརྟག་དཔྱད་ཞིབ་འཇུག་དང་འཚོལ་བསྡུ་བྱས་པའི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་དང་། མང་ཚོགས་ཀྱི་བསམ་འཆར་མང་བའི་དཀའ་ཉེན་དང་རེ་སྒུག་གི་གནད་དོན། དོན་དངོས་བྱ་བའི་དུས་ཡུན་རིང་འབྲིང་གི་དཀའ་གནད་དང་གནད་དོན”སོགས་ལ་དམིགས་ཏེ། མཁར་གྲོང་གི་རང་བརྟེན་སྡོད་ཁང་ལས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དོ་དམ་ཚོད་འཛིན། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་དཀའ་བ་སོགས་འབུར་ཐོན་གནད་དོན10ཆེད་དོན་བཅོས་སྐྱོང་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་། མིག་སྔར། གནད་དོན་སྣ་ཚོགས479འཚོལ་རྙེད་གནད་འཁེལ་ཐུབ་པ་དང་། བཅོས་སྒྲིག་བྱ་ཐབས1156ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན། 

གནད་དོན་བཙལ་ནས་ཐག་གཅོད་བྱ་ཐབས་ནན་མོ་བཏོན་ན། གཞི་ནས་གནད་ལ་འཁེལ་བའི་ཐག་གཅོད་བྱེད་ཐུབ།

ཡུག་ཁུལ་ལྔ་ཡི་སྐོར་སྐྱོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ་དང་། རླངས་འཁོར་འཇོག་ས1500ཇེ་མང་དུ་བཏང་བ། ཆར་པ་དང་སྦགས་བཙོག་ཁག་བགོས་ཆུ་ཕུད་སྦུག་ལམ་སྒྱུར་བཀོད་ལས་གཞི11ལས་འགོ་ཚུགས་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་1533ནང་གནས་སྤར།  ཟི་ལིང་གྲོང་ཁྱེར་གྱིས་བརྗོད་དོན་སློབ་གསོའི་ཁྲོད་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གནད་དོན་མངོན་གསལ་དོད་པོས་སེལ་བ། གནད་དོན་དངོས་ལ་དམིགས་ནས་ཞིབ་བཤེར་དང་བཅོས་སྒྲིག་བཅས་བྱས། གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ལས་ཡུལ་དང་པོར་བསྐྱོད་ནས་དངོས་སྡོད་ཞིབ་འཇུག་བྱས་པ་དང་། བརྟག་དཔྱད་ནན་མོ་བྱས་པ། ཐད་ཀར་བརྗོད་དོན་གཙོ་བོར་བལྟས་ནས་གྲུབ་འབྲས་མི་གླེང་བ། བརྟག་ཞིབ་བྱེད་སྐབས་བཏོན་པའི་གནད་དོན་ཤེས་རྟོགས་ཐུབ་པ། འཕྲལ་མར་དག་ཐེར་བྱེད་ཐུབ་པ་རྣམས་ལས་ཡུལ་དངོས་ནས་དག་ཐེར་བྱས། དུས་ཡུན་ཐུང་ངུའི་ནང་ཐག་གཅོད་ཐུབ་པའི་རིགས་དུས་ཐོག་ཏུ་ཐག་གཅོད་བྱས། གནས་སྐབས་ཐག་གཅོད་དཀའ་བའི་གནད་དོན་ལ་དམིགས་ནས་ཆེད་དོན་ཚོགས་འདུ་ཚོགས་ཏེ་ཐབས་ཇུས་བྱ་ཐབས་ལ་ཞིབ་འཇུག་བྱས་ནས།   རྩིས་ཁྲ་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་སྤྱད་དེ་གནད་དོན་གྱི་ཞིབ་ཐོ་འགན་འཁྲིའི་རྩིས་ཁྲར་འགྱུར་བར་བྱེད་དགོས། མིག་སྔར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་ཐེངས856བྱས་པ་དང་། གནད་དོན་1072ཞིབ་ཏུ་བསྒྲིགས་པ། ཐབས་ཇུས་དང་བྱེད་ཐབས1294གཏན་ལ་ཕབ། ལས་ཡུལ་དངོས་སུ་གནད་དོན231ཞིབ་འཇུག་དང་ཐག་གཅོད་བྱས་ནས། བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། 

ལག་ལེན་དངོས་ཀྱི་འཕེལ་རྒྱས་ལ་རྫོགས་མཐའ་མེད། བརྟག་དཔྱད་ཞིབ་འཇུག་ནམ་ཡང་ལམ་ན་ཡོད། 

གནད་དོན་ལ་དམིགས་པ་དང་། དཀའ་གནད་ལ་དམིགས་པ། དངོས་ཕན་དོན་གཉེར་བཅས་བྱེད་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་གྱི་ས་གནས་སོ་སོས“གནད་དོན་གསལ་ཐོ”དེ“ཕན་འབྲས་གསལ་ཐོར”བསྒྱུར་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། དངོས་གནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་བྱ་བ་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བྱེད་ཐབས་སུ་བསྒྱུར་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།