མདོ་ལ་རྫོང་གིས་གྲོང་གསེབ་དར་སྤེལ་ཁྲོད་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས།
2023.12.15 ཁུངས། མདོ་ལ་རྫོང་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 21

མདོ་ལ་རྫོང་གིས་གྲུབ་འབྲས་སྲ་བརྟན་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཐོག གྲོང་གསེབ་དར་སྤེལ་བགྲོད་ལམ་དུ་ཁྱིམ་ཚང་དང་མི་གཅིག་ཀྱང་མི་ལུས་པ་འགན་ལེན་བྱས།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་བར་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས།  “2411”བསྐྱར་དབུལ་སྔོན་འགོག་ལྟ་ཞིབ་ཚད་ལེན་གྱི་འགུལ་རྣམ་དོ་དམ་ལམ་སྲོལ་དང་ཉེན་ཟོན་ཆ་འཕྲིན་རྩིས་སྤྲོད་ལམ་ལུགས་དོན་འཁྱོལ་ནན་མོའི་སྒོ་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་ལས་འགན་ལ་དམ་པོར་དམིགས་ཏེ། ཆ་རྐྱེན་དང་མཐུན་པའི་རོང་འབྲོག་ཁྱིམ་ཚང་གིས“འཇལ་སྤྲོད་དཔྱིས་ཕྱིན་དང་རོགས་སྐྱོར་དཔྱིས་ཕྱིན། རམ་འདེགས་དཔྱིས་ཕྱིན། ཁྱིམ་ཚང་གཅིག་ཀྱང་མི་ལུས་པ། མི་གཅིག་ཀྱང་མི་ལུས་པ”ཁག་ཐེག་བྱས།

སློབ་གསོའི་འགན་སྲུང་ལ་ཤུགས་བསྣན་ཏེ་སློབ་མ་རེ་རེ“གཅིག་ཀྱང་མི་ལུས་པར”བྱས་པ། སློབ་གྲྭར་འགྲོ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི“ཐིག་གཉིས་འགན་ལེན་བཞིའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། རྫོང་སྲིད་གཞུང་དང་ཡུལ་གྲོང་སྲིད་གཞུང་། སྡེ་ཁག་སོ་སོ། ཡུལ་གྲོང་སྲིད་གཞུང་དང་སྡེ་བ་དང་སྡེ་ཁུལ། སྡེ་དམངས་བཅས་ཐིག་གཅིག རྫོང་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་དང་སློབ་གྲྭ སློབ་གྲྭ་དང་དགེ་རྒན། དགེ་རྒན་དང་ཁྱིམ་བདག་བཅས་ཐིག་གཅིག་ཏུ་བྱས་ཐོག རིམ་པ་བཞིན་འགན་འཁྲིའི་ཡི་གེ་བཀོད། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཡུལ་གྲོང་འགན་ལེན་བྱེད་པ་དང་། ཡུལ་གྲོང་མགོ་ཁྲིད་ཀྱིས་སྡེ་བ་འགན་ལེན་བྱེད་པ། སློབ་གྲྭའི་མགོ་ཁྲིད་ཀྱིས་སློབ་གྲྭ་འགན་ལེན་བྱེད་པ། དགེ་རྒན་གྱིས་སློབ་མ་འགན་ལེན་བྱེད་པ་བཅས“འགན་ལེན་བཞིའི”བྱ་བའི་ལམ་ལུགས་ལག་བསྟར་བྱས་ཤིང་། སློབ་གྲྭར་འགྲོ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་བྱ་བ་ཉིན་གྲངས་སྙན་ཞུ་དང་། གཟའ་འཁོར་རེའི་བརྡ་ཁྱབ། སློབ་གྲྭར་ཡོད་པའི་སློབ་མར་ཉིན་གང་རྗེས་འདེད་བྱེད་པ། རྒྱུན་ལྡན་གྱི་འགྲོ་སྐྱོད་སློབ་མའི་བསྐྱར་འདྲི་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས། མིག་སྔའི་བར། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་ཚད་ལ་སླེབས་པའི་སློབ་མའི་འབྱོར་ཐོ་བཀོད་ཚད100%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད99.22%ཟིན་ཡོད།

སྨན་བཅོས་འགན་ལེན་དོན་འཁྱོལ་ཐད་ཁྱིམ་ཚང་རེ་རེ“གཅིག་ཀྱང་མི་ལུས་པར”བྱས་པ། ཡུལ་གྲོང་འཕྲོད་བསྟེན་ཁང་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དུ་ལས་གཉེར་དང་ལས་རོགས་སྨན་པ“ཕྱོགས་ཡོངས་སུ་ཁྱབ་པ”དང་། རྫོང་ཡོངས་ཀྱི“རིགས་བཞི་བའི་མི་ཚོགས”གཙོ་གནད་རོགས་སྐྱོབ་བྱ་ཡུལ་དང་། མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་མཚམས་ཁྱིམ་ཚང་གི་ཁོངས་མི། གྲོང་གསེབ་ཀྱི་བསྐྱར་དབུལ་འབྱུང་སླ་བའི་མི་འབོར། ཕྱིར་གཏོང་རྣམ་པའི་དབུལ་ཕོང་ཁྱིམ་ཚང་གི་ཁོངས་མི། དབུལ་ཐར་བརྟན་འཇགས་མི་འབོར་བཅས་ཐམས་ཅད་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བསྡུས་ཤིང་། “འགན་ལེན་དཔྱིས་ཕྱིན”ཡོང་བར་བྱས། སྨན་བཅོས་འགན་ལེན་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བདུན་སྟོང་དྲུག་དང་ལྔ་བརྒྱ་བཏང་ཞིང་། དབུལ་ཐར་མི་འབོར་གྱི་ནད་བཅོས་ཚད་དང་ཁྱིམ་ཚང་སྨན་པའི་གན་འཇོག་ལས་སྒྲུབ་ཚད100%ཟིན་ལ། དལ་འཕར་ནད་དང་ནད་ཚབས་ཆེན་ཕོག་མཁན་གྱི་ནད་བཅོས་ཚད100%ཟིན་ཡོད། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་བརྟན་འཇགས་དབུལ་ཐར་མི་འབོར་གྱི་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་སོ་སོར90%དང80%ཡན་ཟིན་ཡོད།

སྡོད་ཁང་འགན་སྲུང་སྲ་བརྟན་དུ་བཏང་ནས་ཉེན་ཡོད་ཁང་པ་རེ་རེ་བཞིན“གཅིག་ཀྱང་མི་ལུས་པར”བྱས་པ། རོང་འབྲོག་པའི་སྡོད་ཁང་བདེ་འཇགས་ཀྱི་ཕུགས་ཕན་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་ཤིང་། རིམ་རྩིས་ལྟར་ན་རང་བསྐྲུན་ཁང་པ་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་གྲལ་བཤེར་བྱས་པ་དང་། བདེ་འཇགས་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་སོ་བདུན་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས། བདེ་འཇགས་གཉེར་སྐྱོང་རང་བཞིན་མིན་པའི་རང་སྐྲུན་ཁང་པ་གྱ་གསུམ་གྱི་བཅོས་སྒྲིག་བྱས་ཚད95.54%ཟིན། ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཞིང་པའི་སྡོད་ཁང་སོ་བཞི་བསྐྱར་སྐྲུན་བྱས་ནས་རོང་འབྲོག་མང་ཚོགས་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ཡི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད། འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ནས་སྡེ་བ་རེ་རེར“གཅིག་ཀྱང་མི་ཆད་པར”བྱས། འཐུང་ཆུའི་བདེ་འཇགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དང་གནད་དོན་གྱི་འགུལ་རྣམ་གཙང་སེལ་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཟླ་རེར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་ཆུའི་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་ནས། སྡེ་བ་རིམ་པའི་ཆུ་དོ་དམ་པ་ཞེ་ལྔ་ཡིས་དུས་ཐོག་ཏུ་གྲལ་བཤེར་བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་ལ་རྗེས་སྙེག་ཐག་གཅོད་བྱས་ཏེ། དུས་ཚིགས་རེར་རྫོང་ཡོངས་ཀྱི་ཡུལ་གྲོང་བདུན་གྱི་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་ལས་གྲྭའི་ཆུ་ཁུངས་སོ་གཉིས་སུ་ཆུའི་སྤུས་ཚད་ལ་ཞིབ་བཤེར་བྱས་ཏེ་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱས། མིག་སྔའི་བར་རྫོང་ཡོངས་ཀྱི་གྲོང་གསེབ་ཏུ་རང་འབབ་ཆུའི་ཁྱབ་ཚད92%ཟིན་པ་དང་། གཅིག་བསྡུས་ཆུ་འདོན་ཚད92.22%ཡན་ཟིན་ལ། གཅིག་བསྡུས་ཆུ་འདོན་འགན་ལེན་ཚད95%ཟིན། ཆུ་སྤུས་ཚད་གཞིར་ལོན་ཚད100%ཟིན་ཡོད།

                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།