རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ།
2023.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ལ་སྣེ་ཁྲིད་མཛད་པའི་དངོས་བྲིས།

1978ལོ་ནས2023ལོའི་བར།   རླབས་ཕྲེང་མཁའ་རུ་འཕྱོ་བའི་བཅོས་སྒྱུར་གྱི་རླབས་རྒྱུན་དྲག་པོས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་གི་ཀྲུང་གོ་བཞེངས་སྐྲུན་བྱས་པ་རེད།

2012ལོ་ནས2023ལོའི་བར་བཅོས་སྒྱུར་གྱི་དར་ཆ་སྔར་ལས་མཐོན་པོར་བསྒྲེངས་ཏེ་ལྡོག་ཐབས་མེད་པའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད།

བཅོས་སྒྱུུར་སྒོ་འབྱེད་མ་བྱས་ཚེ། “ཀྲུང་གོའི་དེ་རིང་མེད་ལ་ཀྲུང་གོའི་སང་ཉིན་ཡང་ཡོད་མི་སྲིད”།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་ལོ་རྒྱུས་རང་འགུལ་སྙིང་སྟོབས་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ།  འགན་འཁྲི་འཁུར་སེམས་དྲག་པོ་བཅས་བཅངས་ནས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་དེ་ཡུལ་ཁམས་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད།

“རླབས་ཆེན་གྱི་དར་ཆ་སྔར་ལས་མཐོན་པོར་བསྒྲེངས་ཏེ།   བཅོས་སྒྱུར་སྒོ་འབྱེད་དེ་དེང་རབས་ཀྲུང་གོའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་དང་ཆེས་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཏུ་འགྱུར་བར་བྱེད་དགོས།”

ཧྲིན་ཀྲིན་ལེན་ཧྭ་རི་བོའི་སྟེང་།  བསིལ་རླུང་གི་ཁྲོད་དུ་ཀོ་ཧྲན་སྡོང་བོ་ཞིག་བརྗིད་ཉམས་ལྡན་པའི་ངང་ཀྲོང་ངེར་འགྱིང་སྟེ་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་ཀུན་ལ་དཔང་པོ་བྱེད་ཀྱིན་ཡོད།

པར་འདི་ནི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་དུ་བླངས་པའི་ཧྲིན་ཀྲིན་གྲོང་ཁྱེར་སྡོད་དམངས་ལྟེ་གནས་དང་ལེན་ཧྭ་རི་བོའི་སྤྱི་གླིང་གི་ཡུལ་དངོས་དང་པོ་རེད། (2020ལོའི་ཟླ10ཚེས2ཉིན་མི་མེད་གནམ་གྲུས་བླངས་པའི་པར་རེད།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེང་ཞུས་ཀྱིས་པར་བླངས།

2012ལོའི་ཟླ12པར། ཀྲུའུ་ཞིའི་འགན་བཞེས་མ་ཐག་ཏུ་ཐོག་དང་པོར་པེ་ཅིན་དང་ཞལ་གྱེས་ཏེ་གཟིགས་ཞིབ་མཛད་པར་ཕེབས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅོས་སྒྱུར་སྒོ་འབྱེད་ཀྱི་བསིལ་རླུང་ཐོག་མར་ལྡང་སའི་ཀོང་ཏུང་དུ་ཕེབས་ཏེ་ལེན་ཧྭ་རི་བོར་ཕྱིན་ནས་སྐུ་དངོས་སུ་ཀོ་ཧྲན་སྡོང་བོ་བཙུགས།

2023ལོའི་ཟླ4པར།  ལྷོ་རྒྱུད་ས་གཞི་ཆེན་མོར་བསིལ་རླུང་རབ་ཏུ་ལྡང་།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་ཚུགས་པའི་ལོ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་དང་པོར་ས་གནས་སུ་གཟིགས་ཞིབ་མཛད་པ་དང་།  ཁོང་ཉིད་ཡང་བསྐྱར་ལྷོ་རྒྱུད་ཀྱི་ཀོང་ཏུང་དུ་ཕེབས་ཏེ།  “ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ནི་ཡུན་རིང་འགྱུར་མི་སྲིད་ལ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་དགོསཞེས་མཛུབ་སྟོན་ཟབ་མོ་གནང་།

དར་ཆ་གསལ་སྟོན་གྱི་ཁྱབ་སྒྲོག་ནི་ལོ་རྒྱུས་ཀྱི་རང་རྟོགས་ཟབ་མོ་ལས་བྱུང་ཞིང་འགྱུར་མེད་ཀྱི་བཅོས་སྒྱུར་ཆོད་སེམས་ཅིག་ཅར་མངོན་ཡོད།

བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གདམ་ག་ཞིག་ཡིན།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། དུས་རིམ་གསར་པ་དང་གནད་དོན་གསར་པ་གསལ་རྟོགས་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་གྱི་ངེས་མཁོ་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་གནང་ཡོད་དེ།

“ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་གི་མདུན་བསུས་ཏེ། འཕེལ་རྒྱས་གསར་པ་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་རྩ་བའི་ཐོག་ནས་ད་དུང་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས”ཞེས་གསུངས་པ་རེད།

བཅོས་སྒྱུར་གྱི་ཕྱོགས་སྟོན་ཟབ་ཚད་གསར་པར་ཕྱོགས་པ་དང་གནས་བབ་གསར་པ་དང་ཁྱད་ཆོས་གསར་པ་སྟངས་འཛིན་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་གྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་གསལ་སྟོན་གནང་ཡོད་དེ།

“ད་ལྟ་རང་རྒྱལ་གྱི་བཅོས་སྒྱུར་དེ་མཁྲེགས་གཏོར་དུས་སྐབས་དང་འགག་རྩའི་དུས་སུ་སླེབས་ཡོད་པས། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་སྔར་ལས་ཆེན་པོར་བརྟེན་ནས་གོ་སྐབས་དམ་འཛིན་གྱིས་ཁྱབ་ཁོངས་གལ་ཆེན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས”ཞེས་གསུངས་པ་རེད།

ཕུགས་འདུན་འཚོལ་སྙེག་བྱེད་པའི་འགྲོ་ལམ་དེ་འགག་རྩའི་དུས་སྐབས་སུ་སླེབས་སྐབས།  གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ཞིབ་ལྟ་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་གྱི་འགག་རྩའི་རང་བཞིན་དང་གལ་ཆེའི་རང་བཞིན་ནན་བཤད་གནང་ཡོད་དེ།

“བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། ‘བརྒྱ་ལོ་གཉིས’ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན”ཞེས་གསུངས་པ་རེད།

ནུབ་ཀྱི་ཁྲང་ཨན་སྲང་ལམ་དུ་གནས་པའི་ཅིན་ཞི་མགྲོན་ཁང་ནི་བརྗིད་ཉམས་ཆེ་ཞིང་ལྷིང་འཇགས་ལྡན་པ་ཞིག་ཡིན་ལ།  དེ་རུ་ཀྲུང་གོའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱེད་བཞིན་ཡོད།

1978ལོའི་ཟླ12པར།  གནས་དེ་རུ་ཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།    བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རླབས་ཆེན་གྱི་བགྲོད་ལམ་བཏོད་པ་རེད།

2013ལོའི་ཟླ11པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གནས་དེར་ཚོགས་ནས། ཏང་ཡོངས་དང་རྒྱལ་ཡོངས་ལ་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་སྐུལ་སློང་གི་བཀའ་རྒྱ་བཏང་པ་རེད།

“ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་ཀྱི་དབྱེ་མཚམས་ཞིག་ཡིན་པས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡང་དུས་རབས་ཀྱི་དབྱེ་མཚམས་ཞིག་ཡིན་པས།   བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པ་བཏོད་དེ། རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཞིག་གསར་གཏོད་བྱས་པ”རེད་ཅེས་གསུངས་ཤིང་།    ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྗིད་ཆེའི་དཔེ་རིས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དུས་རབས་ཀྱི་ཁ་ཕྱོགས་ཁྲིད་སྟོན་གནང་ཡོད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མགོ་འཛིན་མཛད་ནས་འཆར་ཟིན་བཀོད་པའི《 བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས།  བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་པ་ཐོག་མར་བཏོན་པ་རེད།

བྱེ་བྲག་གི་ལས་འགན60དང་བཅོས་སྒྱུར་བྱེད་ཐབས336དེ་ཕྱོགས་སོ་སོར་ཁྱབ་ཡོད་པ་སྟེ།  ཡིག་འབྲུ་ཁྲི2ཙམ་གྱི་ཡིག་ཆ་དེས་སྤྱི་ཡོངས་ཀྱི་བཅོས་སྒྱུར་ལ་གཅིག་འདོམས་བཀོད་སྒྲིག་བྱས་ཡོད།   བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འཐབ་ཇུས་ཀྱི་གཙོ་གནད་དང་།   དམིགས་གསལ་གོ་རིམ།  གཙོ་རྒོལ་ཁ་ཕྱོགས།   བྱ་བའི་རྐྱེན་སྲོལ། སྐུལ་འདེད་གཏོང་སྟངས། དུས་ཚོད་རེའུ་མིག   ལམ་ཐིག་དཔེ་རིས་བཅས་རིས་སུ་བཀོད་ཡོད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་འཆར་ཟིན་འགོད་པའི་ཁྲོད་ཞུགས་པའི་ཁོངས་མི་ཞིག་གིས་ཕྱིར་དྲན་བྱེད་ཞོར་དུ་བཤད་རྒྱུར། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རས“ཐག་གཅོད་རང་བཞིན་གྱི་ནུས་པ”འདོན་དགོས་ཞེས་པའི་བརྗོད་སྟངས་གསར་བ་དེ།  མཇུག་མཐར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐག་གཅོད་གཏན་འཁེལ་གནང་བ་ཡིན་པས།  རིགས་པའི་གཞུང་ལུགས་ཀྱི་ཐོད་བརྒལ་གལ་ཆེན་མངོན་འགྱུར་བྱུང་བ་རེད།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོད་སེམས་མ་གནང་ཚེ།   བཅོས་སྒྱུར་གལ་ཆེན་མང་པོ་ཞིག་དོན་ཐོག་ཏུ་འཁྱོལ་དཀའ་བ་རེད”ཟེར།

ཟིལ་རླབས་དགུང་དུ་འཕྱུར་བའི་བཅོས་སྒྱུར་གྱི་རྒྱབ་ཕྱོགས་སུ་ལམ་སྣེ་ཁྲིད་མཁན་གྱི་བློ་སྟོབས་ཆེན་པོ་དང་ཆགས་སྟངས་ཆེན་པོ།  འགན་འཁྲི་ལྕི་མོ་བཅས་གནས་ཡོད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་བཀོད་སྒྲིག་གསལ་པོ་བྱས་ཡོད་པས། ཁྲིམས་སྐྱོང་དང་བཅོས་སྒྱུར་ནི་བྱ་གཅིག་གི་གཤོག་ཟུང་ལྟ་བུ་རེད།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་ཆེད་དུ་ཞིབ་འཇུག་བྱས་པར་མ་ཟད་གཏན་འབེབས་ཀྱང་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དཔེ་རིས་བརྒྱུད་རིམ་ལྡན་པའི་ངང་རིས་སུ་བཀོད་པ་རེད།

དམིགས་འབེན་གྱི་ཕྱོགས་སྟོན་གསལ་ཞིང་མངོན་པ་དང་། བཀོད་སྒྲིག་གལ་ཆེན་ལ་གཅིག་རྗེས་གཉིས་མཐུད་སྒོས་སྐུལ་འདེད་བཏང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་། བྱ་གཞག་དར་རྒུད་དང་རྒྱལ་ཕམ་ཇི་ཡོང་ལ་ཐུག་པའི་རླབས་ཆེན་གསར་བརྗེ་འདིར་མགོ་ཁྲིད་གནང་ནས།  བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་དེ་སྔར་ལས་རྒྱ་ཆེ་ཞིང་རླབས་ཆེ་བའི་ལམ་ཐག་རིང་པོར་བསྐྱོད་པར་ཁྲིད་སྟོན་གནང་ཡོད།

རླབས་ཆེན་གྱི་འཕོ་འགྱུར་ནི་དར་ཆར་བརྟེན་ནས་ལམ་སྣེ་འཁྲིད་དགོས།

བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐོག་མའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་སྟོན་གྱིས“ང་ཚོའི་བཅོས་སྒྱུར་སྒོ་འབྱེད་ནི་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་དོན་བཅས་ལྡན་པ་ཞིག་ཡིན་ཞེས”ནན་གྱིས་གསུངས་ཡོད།

བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཡང་དག་པའི་བགྲོད་ལམ་གསལ་བོ་བཟོས་ནས།  བཅོས་སྒྱུར་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་བཅོས་སྒྱུར་ཞིག་ཡིན་པས། བཀག་སྡོམ་ངན་རེངས་ཀྱི་ལམ་རྙིང་དུ་མི་འགྲོ་བ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་འགྲོ་བ་བྱེད་དགོས་པ་དང་།  བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་བགྲོད་ལམ་གསལ་བོ་བཟོས་ནས།  ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་བྱེད་དགོས།

བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རིན་ཐང་གི་ལྟ་བ་གསལ་སྟོན་བྱས་ནས།  བཅོས་སྒྱུར་བྱེད་པར་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཁ་ཕྱོགས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བ་དང་། ལྟ་བ་དང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་།  བཅོས་སྒྱུར་བྱེད་དོན་ཅི་ཡིན་པ་དང་། སུའི་ཆེད་དུ་བཅོས་སྒྱུར་བྱེད་པ། ཇི་ལྟར་བཅོས་སྒྱུར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པར་ལན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་་གཏིང་ཟབ་ཏུ་གཏོང་བའི་དགོངས་པ་གལ་ཆེན་གྲུབ་སྟེ།  ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྟོབས་དང་ལྡན་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མཁོ་འདོན་གནང་བ་རེད།

རླབས་ཆེན་གྱི་འཕོ་འགྱུར་ལ་བསམ་བློའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།

ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཆུང་ཡིན་ནའང་འདྲ། ཡང་ན་བཅོས་སྒྱུར་རྗེས་ཀྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་ཡིན་ནའང་འདྲ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་སྣེ་ཁྲིད་མཛད་དེ།  བཅོས་སྒྱུར་གྱི་སྤྱིའི་ཇུས་འགོད་དང་། སྤྱི་འདོམས་མཐུན་སྦྱོར། ཁྱོན་ཡོངས་སྐུལ་འདེད། དོན་འཁྱོལ་ལ་སྐུལ་འདེད་བཅས་དམ་འཛིན་གནང་ཡོད།

དབང་ཟིལ་ལྡན་པའི་མི་སྣས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་བཅོས་སྒྱུར་གྱི་ཇུས་གཞི་གལ་ཆེན་གྱི་རྩོམ་ཡིག་ཚང་མར་ནན་ཏན་ངང་གཟིགས་ཞིབ་གནང་བ་དང་ཡིག་འབྲུ་རེ་རེ་བཞིན་བཟོ་བཅོས་བརྒྱབ་ཡོད་ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་དང་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས70པར་མགོ་འཛིན་མཛད་ནས་བཅོས་སྒྱུར་གྱི་བྱ་བ་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ཟུང་འབྲེལ་སྒོས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཛད་དེ་ལམ་ལུགས་འཛུགས་སྐྲུན་གྱི“ཀ་བཞི་གདོང་བརྒྱད”བཙུགས་ཡོད།

ཏང་གི་འཛུགས་སྐྲུན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས།  སྐྱེ་ཁམས་དཔལ་ཡོན་སོགས་ཁྱབ་ཁོངས་སོ་སོར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་བཟང་བོ་བྱུང་བ་དང་།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་གྱི་དམིགས་འབེན་ལས་འགན་སྤྱིའི་ཆ་ནས་དུས་ལྟར་ལེགས་འགྲུབ་བྱུང་བ་དང་། ཕྱོགས་སོ་སོའི་ཐད་སྡོམ་པས་བཅོས་སྒྱུར་གྱི་ཇུས་གཞི2000ལྷག་བཏོན་ཡོད།

རྨང་གཞི་བརྟན་གཏོང་དང་སྟེགས་བུ་འཛུགས་སྐྲུན། ཀ་གདུང་འཛུགས་པ་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་སྟོབས་ཤུགས་བསགས་པའི་བར་དང་། དེ་ནས་མ་ལག་གཅིག་བསྡུས་དང་། མཉམ་སྒྲུབ་ལས་ཆོད་ཆེ་བ།  ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་སོང་ཡོད།

རླབས་ཆེན་གྱི་འཕོ་འགྱུར་ལས་བློ་རྩ་བརྟན་ལ་འགན་འཁུར་ཕོད་པ་མངོན་ཡོད།

2017ལོའི་ཟླ4པར་ཆ་འཕྲིན་གཅིག་དཔྱིད་ཀྱི་འབྲུག་སྒྲ་ལྟར་འབྲི་ཆུའི་ལྷོ་བྱང་ཀུན་ཏུ་གྲགས་ཡོང་བ་སྟེ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧི་པེའི་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་ཐག་བཅད་པ་རེད།

པར་འདི་ནི་ཞུང་ཨན་ཁུལ་གསར་སློབ་ཆེན་གྱི་དཔེ་མཛོད་ཁང་རེད། (2023ལོའི་ཟླ10པའི་ཚེས1ཉིན་མི་མེད་གནམ་གྲུས་པར་བླངས།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཞུས་ཏུང་གིས་པར་བླངས།

གནས་ཡུལ་འདེམས་པ་དང་ཇུས་འགོད་བྱེད་པ་ནས་འཆར་འགོད་འཛུགས་སྐྲུན་བྱེད་པའི་བར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཐབས་ཇུས་འཐེན་པ་དང་།  བཀོད་སྒྲིག་བྱེད་པ།  སྐུལ་འདེད་གཏོང་བ་བཅས་མཛད་ནས།  སེམས་ཤུགས་ཡོད་རྒུས“ལོ་ངོ་སྟོང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་དོན་ཆེན”ལ་བརྗིད་ཆེའི་དཔེ་རིས་རིས་སུ་བཀོད་པ་རེད།

“བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་བ་གཏོད་པ”དང“བཅོས་སྒྱུར་སྒོ་འབྱེད་དེ་ཞུང་ཨན་ཁུལ་གསར་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས”།  “ཞུང་ཨན་ཁུལ་གསར་ལ་བཅོས་སྒྱུར་གྱི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་དགོས”ཞེས་པ་སོགས་ཞུང་ཨན་དུས་རབས་གསར་པའི་བཅོས་སྒྱུར་གྱི་གནས་རྟགས་གསར་བ་འདིས་ཀྲུང་གོའི་བཅོས་སྒྱུར་གྱི་ཁ་ཕྱོགས་གསར་པ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་བཞིན་ཡོད།

ཧྲིན་ཀྲིན་ཆན་ཧའེ་ཧྲི་སྤྱི་གླིང་དུ་བགྲོད་ལམ་བརྒྱུད་ནས་མདུན་ཕྱོགས་སུ་སླེབས་པ་ན།  “གྲུ་གཡོར་འཕྱར་ནས་མདུན་དུ་བསྐྱོད་པ”ལྟ་བུའི་བཟོ་དབྱིབས་ཀྱི་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་“ ཆན་ཧེ”ཞེས་པའི་ཡིག་འབྲུ་གཉིས་བྲིས་ཡོད་པར་ཟིལ་ཤུགས་ཆེན་པོ་ལྡན།

པར་འདི་ནི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཆན་ཧེ་ནས་པར་བླངས་པའི་ཆན་ཧའེ་ཕ་བོང་རེད། (2021ལོའི་ཟླ7པའི་ཚེས15ཉིན་པར་བླངས)  ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མའོ་སི་ཆིན་གྱིས་པར་བླངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ“དམིགས་བསལ་ཁུལ་ཁྲོད་ཀྱི་དམིགས་བསལ་ཁུལ”དེར་ཕེབས་ནས་ཆན་ཧེ་འཛུགས་སྐྲུན་ལ་ཁ་ཕྱོགས་གཏན་འཁེལ་གནང་བ་རེད།

ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཧའེ་ནན་གྱིས་ཞིང་ཆེན་རིམ་པའི་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་འགག་རྩའི་ཚོགས་ཆེན་རེ་རེར་ཞུགས་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནམ་ཡིན་ཡང་བཅོས་སྒྱུར་བྱེད་ཡུལ་གྱི་གནས་རྟགས་དང་། སྒོ་འབྱེད་ཀྱི་མཐོ་ས་བཅས་སུ་ཕེབས་ནས་བཅོས་སྒྱུར་གྱི་ལོ་རྒྱུས་ལམ་བུ་བསྐྱར་དྲན་དང་། བཅོས་སྒྱུར་གྱི་ལས་འགན་གསར་པ་སྤྲོད་པ།  བཅོས་སྒྱུར་གྱི་བྱེད་ཐབས་གསར་པ་བཀོད་སྒྲིག་བཅས་མཛད་ནས། དུས་རབས་གསར་པའི་བཅོས་སྒྱུར་འབྱེད་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད།

2023ལོའི་ཟླ4ཚེས21ཉིན། ཀྲུང་ནན་ཧའེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་མགོ་འཛིན་མཛད། 

ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་གྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་དྲན་མཛད་ནས་ནན་གྱིས་བསྟན་དོན།   “དུས་རབས་གསར་པའི་ལོ10ཡི་ནང་ང་ཚོས་སྐུལ་འདེད་བཏང་བའི་བཅོས་སྒྱུར་ནི་ཁྱོན་ཡོངས་དང་། གཏིང་ཟབ་པ། རྩ་བའི་རང་བཞིན་བཅས་ལྡན་པ་ཞིག་ཡིན་ལ། དེར་ཐོབ་པའི་གྲུབ་འབྲས་ནི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་གྱི་རང་བཞིན་བཅས་ལྡན་པ་ཞིག་ཡིན།  འཛམ་གླིང་ཡོངས་ལ་རྒྱང་ལྟ་བྱས་ཚེ། རྒྱལ་ཁབ་དང་སྲིད་ཏང་གང་ཞིག་ཡིན་རུང་འདི་ལྟ་བུའི་ཆབ་སྲིད་ཀྱི་བློ་སྟོབས་དང་འགན་འཁྲི་འཁུར་ལེན་དང་།    བློ་སྟོབས་ཆེན་པོས་མདུན་དུ་སྐྱོད་པ།  བློ་རྩེ་ནང་ལ་ཕྱོགས་པ། རང་ངོས་གསར་བརྗེ་བཅས་བྱེད་མི་ཕོད་ལ། རྒྱལ་ཁབ་དང་སྲིད་ཏང་གང་ཞིག་གིས་ཀྱང་དུས་ཡུན་ཐུང་ངུའི་ནང་ཁྱབ་ཁོངས་འདི་འདྲ་ཆེ་བ་དང་། གཞི་ཁྱོན་འདི་འདྲ་ཆེ་བ། ཤུགས་ཚད་འདི་འདྲ་ཆེ་བ་བཅས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་མི་ཐུབ་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་མངོན་གསལ་དོད་པའི་དགེ་མཚན་ཞིག་ཡིན”ཞེས་གསུངས་པ་རེད།

ལོ་ངོ45རིང་གི་འབད་འབུངས་ཡར་བརྩོན་དང་དུས་རབས་གསར་པའི་རླབས་ཆེན་གྱི་འཕོ་འགྱུར་དང་བཅོས་སྒྱུར་བཤད་མ་དགོས་པ་ཞིག་རེད། 

ཚན་རིག་དང་མཐུན་པའི་སྒོ་ནས་བགྲོད་ལམ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་དགོས།“བཅོས་སྒྱུར་སྒོ་འབྱེད་ནི་སྔར་བྱུང་མ་མྱོང་བའི་བྱ་གཞག་གསར་བ་ཞིག་ཡིན་པས། ངེས་པར་དུ་ཡང་དག་པའི་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ལག་ལེན་དང་འཚོལ་ཞིབ་བྱེད་པའི་ཁྲོད་སྐུལ་འདེད་གཏོང་དགོས”།

2018ལོའི་ཟླ12པའི་ཚེས18ཉིན། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་ཚོགས་པ་རེད།

ཀྲུང་གོ་ཡང་དག་པ་ཡིན་དོན་ཅི་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལེགས་འགྲུབ་བྱུང་དོན་ཅི་ཡིན་ནམ།

རྟེན་འབྲེལ་ཚོགས་ཆེན་སྟེང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རླབས་ཆེའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་ཆབས་ཅིག“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དགུ”ཡི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40རིང་གི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ་དེའི་ཐོག་ནས།  ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅོས་སྒྱུར་གྱི་རིགས་པའི་གཞུང་ལུགས་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་བ་རེད།

ལག་ལེན་བསྟར་བའི་སྟོབས་ཤུགས་ནི་དེ་ཙམ་གྱིས་ཡར་རྒྱས་ཡོང་བ་དང་། ལག་ལེན་གཏིང་ཟབ་བྱས་ན་དེ་ཙམ་གྱིས་ཇེ་བཟང་དུ་འགྲོ་ཐུབ།

བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་ནི་གཏིང་ཟབ་ཅིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་ཡིན་ལ།  རྙོག་འཛིང་ཆེ་ཞིང་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཀྱང་ཡིན་པས།  ངེས་པར་དུ་ཡང་དག་པའི་བཅོས་སྒྱུར་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མར་ས་གནས་ལ་གཟིགས་ཞིབ་གནང་སྐབས།“བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་།  སྤྱི་ཡོངས་རང་བཞིན།  མཐུན་སྦྱོར་རང་བཞིན་བཅས་ལ་སྔར་ལས་དོ་སྣང་བྱེད་དགོས་”པ་དང་། “བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་འཆར་འགོད་བྱེད་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད།

གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ལ་བཅོས་སྒྱུར་གྱི་སྒུལ་རྐྱེན་ཡང་ཡིན།

2015ལོའི་ཟླ7པའི་ཚེས1ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཟབ་སྤེལ་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པར་མགོ་འཛིན་མཛད་པ་དང་།  ཚོགས་འདུའི་གྲོས་རིམ་གལ་ཆེན་ཞིག་ནི《ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཇུས་གཞི(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རེད།

ལོ་དེའི་ཟླ12པའི་ཚེས31ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ཧི་པེ་རུ་བཅའ་སྡོད་བྱས། སྐབས་དེའི་ཧི་པེ་རུ་འཕེལ་རྒྱས་གཏོང་སྟངས་དང་དཔལ་འབྱོར་གྲུབ་ཆ་སོགས་ཀྱི་རྐྱེན་གྱིས་བཟོས་པའི་མཁའ་རླུང་སྦགས་བཙོག་གནད་དོན་ལ་དོ་ཁུར་ཆེན་པོ་མཛད་པ་རེད།  རྗེས་མཐུད་ཀྱི་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གིས་ཧི་པེ་ཞིང་ཆེན་ལ་ཚུར་ལན་སྤྲོད་པའི་གནས་ཚུལ་བརྡ་ཁྱབ་བཏང་བའི་ཁྲོད60%ཙམ་གྱིས་གནད་དོན་གླེང་ནས་རྣག་ཐོག་གཙག་འཁེལ་དང་གཅོང་གནད་ལྟ་བུའི་གནད་དོན་ཐད་ཀར་སྟོན་པ་བཅས་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དེའི་ལྟ་ཞིབ་ལས་དོན་ལ་ཁས་ལེན་གང་ལེགས་མཛད་དེ།  ལྟ་ཞིབ་ཁྲོད“གནད་དོན་ཤེས་རྟོགས་བྱུང་ནས་ཉེན་བརྡ་བཏང་བ་དང་། བླང་བྱ་བཏོན་པ།  དག་ཐེར་ཁ་ཕྱོགས་གསལ་བཟོ་”བཅས་བྱས་ཡོད་པར་མ་ཟད་ “ལས་དོན་དེ་དམ་འཛིན་བྱེད་དགོས”ཞེས་བླང་བྱ་གསལ་བོ་བཏོན་པ་རེད། 

ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་ཐོད་བརྒལ་བྱེད་ས་བྱས་ཏེ། ཞིང་ཆེན་རིམ་པ་མན་གྱི་སྐྱེ་ཁམས་ཁོར་ཡུག་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་འཛིན་གྱི་ཐད་ཀའི་དོ་དམ་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱེད་པ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་ཚེ་གང་བོའི་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་པ། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་གལ་ཆེན་རབ་དང་རིམ་པ་བཟོ་བཅོས་གཏན་འབེབས་བྱས་པ་དང་། བཅོས་སྒྱུར་རབ་དང་རིམ་པར་སྐུལ་འདེད་ནན་མོ་བྱས་ནས་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་ལ་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་ནི་གནད་དོན་ལྡོག་སྐུལ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། གནད་དོན་རྒྱུན་མི་ཆད་པར་ཐག་གཅོད་བྱེད་པའི་ཁྲོད་གཏིང་ཟབ་ཏུ་ཕྱིན་པ་ཞིག་ཀྱང་ཡིན་པས། ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་འདུ་ཤེས་ཟབ་མོ་བཙུགས་ནས་གང་དུ་འགལ་ཟླ་དང་གནད་དོན་འབུར་དུ་ཐོན་པ་ཡོད་ན་དེ་གཙོ་བོར་བཟུང་ནས་བཅོས་སྒྱུར་དམ་འཛིན་བྱེད་དགོས།

“ཏང་དང་རྒྱལ་ཁབ་ཀྱི་ཆགས་འཇིག་དང་འབྲེལ་བ་ཡོད་པའི”ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་ཆེད། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ནན་མོར་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་མཚུངས་སུ། ཏང་གི་སྒྲིག་བཤེར་སྒྲིག་སྲོལ་བཅོས་སྒྱུར་དང་། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བཅོས་སྒྱུར་གྱིས“ཞི་བདེ་ལ་གཡེང་པ”སེལ་ནས།  མི་དམངས་དམག་དཔུང་གི་སྒྲིག་སྲོལ་གསར་པ་དང་གྲུབ་ཆ་གསར་པ། གནས་སྟངས་གསར་པ། རྣམ་པ་གསར་རྐྱང་དུ་གྱུར། རྒྱུ་ནོར་གྱི་གྱོད་གཞི་དང་ངོ་སོའི་གྱོད་གཞི་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད།“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་དུ་འཇུག་པ”དང་ཁྲིམས་འཛིན་བཅོས་སྒྱུར་གྱི་གོམ་སྟབས་མགྱོགས་ལ་བརྟན་པོ་དང་གཏིང་ཟབ་མོར་སྤེལ་དགོས། རྒྱུགས་སྤྲོད་སློབ་གསོའི་ཞན་ཆར་དམིགས་ནས་སློབ་གསོའི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་བ་བརྟན་པོར་གཏོང་བར།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་མིན་དེ་ནི་བཅོས་སྒྱུར་གྱི་ཕན་འབྲས་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

“འཐད་པ་བྱུང་།”

2023ལོའི་ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི2900ལྷག་གིས་བརྡས་ཐག་གཅོད་ཆས་མནན་པས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་བྱེད་ཐབས་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

བཅོས་སྒྱུར་གྱི་ནང་དོན་རབ་དང་རིམ་པའི་ཁྲོད། “རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་འཛུགས་པར”དོ་ཁུར་ཆེན་པོ་ཐོབ་ཡོད། བཅོས་སྒྱུར་གྱི་བྱེད་ཐབས་གཞིར་བཟུང་ནས། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས“དངུལ་འཛིན་ལས་རིགས་ཕུད་པའི་དངུལ་རྩའི་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་གཅིག་གྱུར་གྱིས་འགན་འཁུར་རྒྱུ”རེད།

པར་འདི་ནི་པེ་ཅིན་ནས་བླངས་པའི་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིན།  2023ལོའི་ཟླ5བའི་ཚེས18ཉིན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞིན་གྱིས་པར་བླངས།

རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་འཛུགས་རྒྱུ་དེ་ནི་སྔར་ཡོད་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་ཉམས་གསོ་དང་ཁ་གསབ་བྱེད་པ་ཞིག་མིན་པར་ཁྱོན་ཡོངས་ལ་དམིགས་པ་དང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་ཞིག་ཡིན་པ་དེའི་ཐོག་ནས་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གྲུབ་ཆ་རང་བཞིན་བཅས་ཀྱི་བཅོས་སྒྱུར་བསམ་ཕྱོགས་མཚོན་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གྱིས་ཐེངས་རེ་རེར་བཅོས་སྒྱུར་གྱི་སྤྱིའི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་རྒྱུར་དམིགས་པ་དང་། ཚང་མ་བཅོས་སྒྱུར་གྱི་ཁྱོན་ཡོངས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་དམག་འཐབ་ཅིག་ཡིན་ལ།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དེང་རབས་ཅན་གྱི་གཅིག་བསྡུས་བྱ་སྤྱོད་ཅིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ནི་རྙོག་འཛིང་ཆེ་བའི་མ་ལག་གི་བཟོ་སྐྲུན་ཞིག་ཡིན་པས། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། བཅོས་སྒྱུར་སོ་སོའི་འབྲེལ་བའི་རང་བཞིན་དང་མ་ལག་རང་བཞིན། ལག་བསྟར་བྱེད་ཆོག་པའི་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས།

དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ནི་བྱེད་ཐབས་མཐུན་སྦྱོར་དང་ཕན་འབྲས་མཐུན་སྦྱོར་དམ་འཛིན་བྱེད་པ། རྒྱལ་ཁབ་ཁེ་ལས་བཅོས་སྒྱུར་དང་། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་པ་སོགས་ཀྱི་ཐད་ནས་གཅིག་བསྡུས་མཁྲེགས་གཏོར་བྱས་ཏེ། བཅོས་སྒྱུར་གྱི“མཉམ་ཤུགས”རབ་དང་རིམ་པ་བཏོན་པ་དང་བཅོས་སྒྱུར་གལ་ཆེན་ཁག་ཅིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྔ་རྗེས་རམ་འདེགས་དང་ཕན་ཚུན་མཉམ་འབྲེལ། སྤྱི་ཡོངས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས་ཡོད།

ཚོད་ལྟའི་ལས་དོན་ནི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

2023ལོའི་ཟླ9པའི་ཚེས29ཉིན།   རང་རྒྱལ་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཐོག་མ་སྟེ། ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ལོ་བཅུའི་སྐྱེས་སྐར་བསུས།

2014ལོའི་ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་སྐབས་བསྟན་དོན། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ནི་ཚོད་ལྟའི་ཞིང་ཁ་ཆེན་པོ་ཞིག་ཡིན་པས། སོན་བཟང་འདེབས་གསོ་དང་། འདེབས་འཛུགས་ཞིབ་ཚགས། དོ་དམ་ཞིབ་ཚགས་བཅས་བྱས་ནས་ལོ་ལེགས་འབྱུང་རྒྱུའི་རེ་བ་བྱེད་དགོས་པར་མ་ཟད། སོན་བཟང་འདེབས་གསོ་བྱེད་པའི་ཉམས་མྱོང་ཁྱབ་གདལ་དུ་གཏོང་དགོས།

ཧྲང་ཧའེ་ཧུང་ཁུག་ཆུའུ་བད་ཐན་བྱང་གི་བར་སྣང་ནས་ཀྲུང་གོ(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལུའུ་ཅ་ཙོས་བཅད་ཁུལ་ལ་ལྟ་བ།(2023ལོའི་ཟླ1ཚེས10ཉིན་མི་མེད་གནམ་གྲུས་བླངས་པའི་ཡུལ་ལྗོངས་ཡོངས་ཀྱི་འདྲ་པར)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྥང་ཀྲིག་གིས་པར་བླངས།

ཕྱི་ཚོང་དངུལ་གཏོང་ལྡོག་ཕྱོགས་ཀྱི་གསལ་ཐོ་ཐོག་མ་དང་། ཚོང་དོན་ཐོ་འགོད་ལམ་ལུགས་བཅོས་སྒྱུར་དང་རྒྱལ་སྤྱིའི་ཉོ་ཚོང་རྐྱང་པའི་སྒེའུ་ཁུང་ཐོག་མ་སྔོན་ལ་ལག་བསྟར་བྱས་པ་སོགས་ལོ་བཅུའི་རིང་ལ། ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱིས་ལག་ལེན་འཚོལ་ཞིབ་དང་ལམ་ལུགས་གསར་སྐྲུན་རྒྱུན་འཁྱོངས་བྱེད་པར་རྐང་བཙུགས་ནས་རྒྱལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་རིམ་རྩིས་བྱས་ན་ལམ་ལུགས་གསར་སྐྲུན་གྱི་གྲུབ་འབྲས 302ཕྱོགས་སྡོམ་གདམ་གསེས་བྱས་ནས་རྒྱལ་ཡོངས་སུ་འདྲ་བཤུས་ཁྱབ་གདལ་བཏང་བ་དེས་ཕན་འབྲས་ལྡན་པའི་སྒོ་ནས་བཅོས་སྒྱུར་ཚོད་ལྟའི་ཞིང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅོས་སྒྱུར་གལ་ཆེན་ཐད་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཉམས་མྱོང་ཐོབ་རྗེས་གཞི་ནས་ཁྱབ་གདལ་གཏོང་དགོས། “གོམ་པ་རེ་རེ་བརྟན་པོར་སྤོ་བའི་”བཅོས་བསྒྱུར་བྱེད་ཐབས་སྨྲ་བ་དུས་ལས་ཡོལ་མེད་ལ་ཡོལ་ཀྱང་མི་སྲིད།

ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་དེ་མཁར་གྲོང་འབྲིང་ཆུང་ནས་མགོ་བརྩམས་ཏེ། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁྱབ་གདལ་དུ་གཏོང་དགོས་པ་དང་མཐར་ཤིན་ཏུ་ཆེ་བའི་ལྟེ་བའི་གྲོང་ཁྱེར་དུ་སྤེལ་དགོས།

སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་གཞུང་བཙུགས་སྨན་ཁང་བཅོས་སྒྱུར་བྱེད་པ་ནས་མགོ་འཛུགས་དགོས་པ་དང་། སྨན་བཅོས་ཉེན་ཚབ་སྒྲིག་སྲོལ་བཅོས་སྒྱུར་གྱི་གནད་འགག་སྒྲོལ་ནས་སྨན་བཅོས་དང་། སྨན་བཅོས་ཉེན་ཚབ། སྨན་རྫས་ཀྱི“སྨན་གསུམ་མཉམ་འགུལ”ཆགས་པར་བྱེད་དགོས།

རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་དེ་པེ་ཅིན་དང་ཧྲན་ཞི། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་དུ་སྔོན་ལ་སྤེལ་ནས་རིམ་པ་བཞིའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཚང་མ་བཙུགས་ནས་ཚོད་ལྟའི་བྱ་བ་དེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད།

ཚོད་ལྟའི་འཚོལ་ཞིབ་ནས་འདྲ་བཤུས་བྱེད་ཆོག་པའི་ཉམས་མྱོང་དུ་འགྱུར་བའི་བར་དང་། དེ་ནས་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་སུ་རིམ་པ་སྤར་བ། མཐའ་མར་ཁྱབ་ཁོངས་ཆེན་པོའི་སྒོ་ནས་ལག་བསྟར་བྱེད་པ་དང་། གནས་དང་ངོས་ནུས་ལྡན་སྒོས་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།

2023ལོའི་ཟླ10་བའི་ཚེས12ཉིན་གྱི་ཕྱི་དྲོར། ཅང་ཞིས་ནན་ཁྲང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། 

ཝུའུ་ཧན་དབྱང་ལའོ་གྲུ་ཁའི་དུས་ཐེངས་དང་པོའི་གྲུ་ཁ(2023ལོའི་ཟླ7པའི་ཚེས5ཉིན་མི་མེད་གནམ་གྲུས་པར་བླངས།)ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝུའུ་ཀྲི་ཙུན་གྱིས་པར་བླངས།

2016ལོར་འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲུང་ཆིན་དང་། 2018ལོར་འབྲི་ཆུའི་དབུས་རྒྱུད་ཀྱི་ཝུའུ་ཧན། 2020ལོར་འབྲི་ཆུའི་སྨད་རྒྱུད་ཀྱི་ནན་ཅིན་སོགས་སུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་གཏོང་བའི་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞིར་མགོ་འཛིན་མཛད། 

ནན་ཁྲང་དུ་ཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས།“བྱ་བ་སྒྲུབ་ན་ལེགས་པོར་བསྒྲུབ་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་བསྒྲུབ་དགོས། ལག་བསྟར་བྱེད་རྒྱུར་ལྷོད་གཡེང་མི་གཏོང་བར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་དུས་ཡུན་རིང་བོར་བྱས་རྗེས་འཇོག་དགོས”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་གསུངས།

དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པ་དེ་ལ་དམ་འཛིན་མཐར་ཕྱིན་བྱེད་པའི་བཅོས་སྒྱུར་གྱི་ཐབས་ལམ་འདུས་ཡོད།

ལྟ་ཞིབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ནན་བཤད་བྱས་པ་དང་། དེ་ནི་ལས་འགན་ལ་ལྟ་སྐུལ་དང་། འཕེལ་རིམ་ལ་ལྟ་སྐུལ། ཕན་འབྲས་ལ་ལྟ་སྐུལ་བྱེད་པ་ཞིག་ཡིན་ལ། ངོས་འཛིན་ལ་ལྟ་ཞིབ་དང་། འགན་འཁྲི་ལ་ལྟ་ཞིབ། སྤྱོད་ཚུལ་ལ་ལྟ་ཞིབ་བྱེད་དགོས་པ་དང་། དེ་ནས་ལས་བྱེད་པ“བཅོས་སྒྱུར་ལ་སྐུལ་འདེད་གཏོང་མཁན་དང་བཅོས་སྒྱུར་གྱི་བྱ་བ་དངོས་སུ་སྒྲུབ་མཁན་ཞིག་ཀྱང་བྱེད་དགོས་པའི”བླང་བྱ་བཏོན་ཡོད་ལ། དེ་ནས་ཡང་བཅོས་སྒྱུར་ནི་ལས་སླ་མོར་འགྲུབ་ཐུབ་པ་ཞིག་མ་ཡིན་པ་དང་། དཀའ་བ་གཅིག་གིས་གཏན་གྱི་བདེ་བ་ཐོབ་ཐུབ་པ་ཞིག་ཀྱང་མ་ཡིན་པར། “དུས་ཡུན་རིང་བོར་བྱས་རྗེས་བཞག་ནས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་མཐར་ཐུག་པ་བྱེད་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་འོག་ཏུ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་རིམ་པ་རེ་རེ་བཞིན་བརྒྱུད་སྒྲོག་དང་གཅིག་རྗེས་གཅིག་མཐུད་ཀྱི་བཅོས་སྒྱུར་འགན་འཁྲིའི་མ་ལག་རིམ་གྱིས་བཙུགས་ཏེ། གནས་གསར་བ་རུ་ལས་ཀ་གཉེར་བ་དང་། དོན་ངོ་མར་བྱ་བ་སྒྲུབ་པ། དོན་ངོ་མས་བཅོས་སྒྱུར་བྱེད་པ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རང་རྟོགས་སུ་གྱུར་ཡོད།

རི་ལ་ཐུག་ན་ལམ་འབྱེད་པ་དང་། ཆུ་དང་འཕྲད་ན་ཟམ་འཕེན་དགོས།

དུས་རབས་གསར་པའི་རླབས་ཆེན་གྱི་འཕོ་འགྱུར་ཁྲོད་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མུ་མཐུད་དུ་བཅོས་སྒྱུར་གྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་ཆེས་ཕུན་སུམ་ཚོགས་པ་དང་། ཆེས་ཆ་ཚང་བ། ཆེས་མ་ལག་ལྡན་པའི་བཅོས་སྒྱུར་གྱི་བརྟག་ཐབས་སྨྲ་བ་གྲུབ་པར་བྱས་ཏེ། མཁྲེགས་གཏོར་དཀའ་སེལ་ཁྲོད་རྒྱུན་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། རྒྱལ་ཁ་གསར་བ་འཐོབ་པར་ཁག་ཐེག་ཏན་ཏིག་བྱས་ཡོད།

“མི་དམངས”ཞེས་པའི་མིང་དེ་ཕ་བོང་ལྟར་ལྗིད་ཅིང་། “མི་དམངས་ཀྱི་ཆེད་དུ་བཅོས་སྒྱུར་བྱེད་པ་དང་། བཅོས་སྒྱུར་བྱས་ན་ད་གཟོད་དོན་སྙིང་ལྡན། མི་དམངས་ལ་བརྟེན་ནས་བཅོས་སྒྱུར་བྱས་ན། བཅོས་སྒྱུར་ལ་གཞི་ནས་སྒུལ་ཤུགས་ཐོབ་ཐུབ།”

2023ལོའི་ཟླ11པའི་ཚེས29ཉིན། ཧྲང་ཧའེ་རུ་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་ཕྱི་ཡོང་མི་གྲངས་ཀྱི་བསྡུར་ཚད་མཐོ་བའི་མིན་ཞིན་ཁུལ་དུ་ཕེབས་ནས་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་དུ་ཕེབས།

སྡོད་ཁང་ལམ་ལུགས་དང་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བའི་བཅོས་སྒྱུར་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་འགའི་རིང་། ཧྲང་ཧའེ་ཡིས་འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་གྲབས་གསོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་སྡོད་མི་གསར་བ་དང་ན་གཞོན་སྔར་ལས་མང་བོར་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱས་ཡོད།

སློབ་ཆེན་ནས་མཐར་ཕྱིན་ཏེ་ལོ་གཉིས་ལྷག་ཙམ་རིང་བྱ་བ་སྒྲུབ་པའི་ཀྲིན་ལན་ཡུས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་རང་ཉིད་ཀྱི་གླ་གཏོང་སྡོད་ཁང་གསར་པར་བསུས་ནས“རང་ཉིད་ལ་ཧྲང་ཧའེ་རུ་ཁྱིམ་ཡོད་པར་གྱུར་བ་དང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་”ཞེས་ཞུས། 

རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་ལ་མཐོ་ཚད་དགོས་པ་མ་ཟད། དྲོད་ཚད་དེ་བས་མཐོ་བ་དགོས། མི་དམངས་ཀྱིས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་སྣ་མང་ཅན་དང་སྣེ་མང་ཅན་གྱི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་དགོས་ཞེས་གསུངས།

ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་སྒུལ་ཤུགས་དང་གཞི་འཛིན་སའང་ཡིན།

བྱ་བ་ཐམས་ཅད་དེ་ལྟར་སྒྲུབ་ན། ཐམས་ཅད་རླབས་ཆེན་ཞིག་ཏུ་འགྱུར་ཐུབ།

---མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས།

ཉོ་དགོས་པའི་ཐོན་རྫས་ཁྲོད་བདམས་ཐོན་བྱུང་བའི་ཐོན་རྫས་ཀྱི་ཆ་སྙོམས་རིན་གོང་70%ཙམ་མར་ཆག་པ་དང་། ལུས་རྩལ་གསོ་རིག་རིགས་ཀྱི་ཟད་གྲོན་རྒྱུ་ཆའི་ཆ་སྙོམས་རིན་གོང་74%མར་ཆག་པ་དང་སྔོན་དཔག་བྱས་ན་ལོ་རེར་སྒོར་མོ་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་གྲོན་ཆུང་བྱེད་ཐུབ་རྒྱུ་ཡིན་པ་རེད། ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་པའི་རིན་གོང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་བསྡུས་ཉོ་བསྡུའི་མཇུག་འབྲས་སྐོར་ཐེངས་བཞི་བ་ཡོངས་བསྒྲགས་བྱས།

སྨན་རིན་མཐོན་པོ་དང་ནད་སྟོན་དཀའ་བའི་གནད་དོན་ལ་དམིགས་ཏེ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་འོག་ཏུ་ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ་དང་། ལོ་དྲུག་ཅུ་ལྷག་གི་རིང་ལག་བསྟར་བྱས་པའི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་ཁ་སྣོན་བྱེད་པ་མེད་པར་བཟོས་ནས་གཅིག་བསྡུས་ཉོ་བསྡུའི་ལམ་ལུགས་བཙུགས་ཡོད། མིག་སྔའི་བར། སྐོར་ཁག་དགུ་བའི་སྨན་རྫས་སྣ་ཁ་སུམ་བརྒྱ་དང་དོན་བཞིའི་རིན་གོང་ཆ་སྙོམས་ཀྱིས་བཅག་ཚད50%ལས་བརྒལ་བ་དང་། སྨན་བཅོས་ཉེན་ཚབ་དཀར་ཆག་ནང་སྨན་རྫས་རིགས་དྲུག་བརྒྱ་དང་བཅོ་བརྒྱད་གསར་དུ་ཁ་སྣོན་བྱས་པ་དང་།  སྒོར་མོ་ཁྲག་ཁྲིག་ལྔའི་ཁུར་པོ་ཇེ་ཡང་དུ་བཏང་ལ། སྨན་རིན་ཇེ་མཐོར་གཏོང་བའི་རྙོག་འཛིང་གི་རྣམ་པ་ནུས་ཡོད་སྒོས་ཡོ་བསྲང་བྱས་ཡོད།

ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་བྱིས་པའིICUནད་ཁང་དུ་སྨན་བཅོས་མི་སྣས་དམིགས་འབེན་ལྟར་སྨན་བཅོས་བྱེད་པའི་སྨན་རྫས་ནའོ་ཞིས་ན་ཧྲིན་ནཱ་ཡིས་ལོ་བཞི་ཅན་གྱི་རྒྱུངས་པའི་རང་བཞིན་གྱི་ཤ་གྲིམ་རྙིད་འཁུམ་ནད་ཕོག་པའི་བྱིས་པར་སྐུལ་ལྕག་གནང་བཞིན་པ།  (2022ལོའི་ཟླ1པོའི་ཚེས1ཉིན་པར་བླངས།) ནའོ་ཞིས་ན་ཧྲེན་ནཱ་གཙགས་ཁབ་ནི་རང་རྒྱལ་གྱི་རྒྱུངས་པའི་རང་བཞིན་གྱི་ཤ་གྲིམ་རྙིད་འཁུམ་ནད་སྨན་བཅོས་བྱེད་པར་ཆོག་མཆན་ཐོག་མ་ཐོབ་པའི་ནང་འདྲེན་བྱས་པའི་སྨན་ཞིག་ཡིན། 2019ལོར་ཀྲུང་གོའི་ཁྲོམ་རར་ཐོན་སྐབས། གཙགས་ཁབ་རེའི་རིན་གོང་སྒོར་མོ་འབུམ་བདུན་ཡིན། 2021ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་ཉེན་ཚབ་དཀར་ཆག་གི་སྨན་རྫས་གྲོས་མོལ་ཁྲོད་དུ། གཙགས་ཁབ་རེར་སྒོར་མོ་ཁྲི་གསུམ་དང་སྟོང་གསུམ་རེའི་རིན་གོང་བྱས་ནས་སྨན་བཅོས་ཉེན་ཚབ་ཀྱི་སྨན་རྫས་གསར་པའི་དཀར་ཆག་ནང་བཅུག་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀུའོ་ཞུས་ལེ་ཡིས་པར་བླངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མང་ཚོགས་ཀྱིས་ཅི་ཞིག་ལ་སེམས་ཁུར་དང་ཅི་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད་ཚེ། བཅོས་སྒྱུར་གྱིས་དེ་དམ་འཛིན་དང་དེ་ལ་སྐུལ་འདེད་གཏོང་དགོས་པ་དང་། བཅོས་སྒྱུར་བརྒྱུད་དེ་མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་ལས་མང་པོ་ཁྱེར་ཡོང་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད།

ཞིང་སྡེའི“སྤྱོད་ཁང་གསར་བརྗེ”ནས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་བར་དང“ཤེལ་མིག་ཆུང་ངུ”འགོག་བཅོས་བྱེད་པ་ནས་དག་གཙང་དྲོད་ལེན་ལ་སྐུལ་འདེད་གཏོང་བའི་བར་མང་ཚོགས་ཀྱི་བྱ་བ་ཆུང་ཆུང་རེ་རེ་བཞིན་ཀྲུང་ནན་ཧའེ་ཡི་གྲོས་དོན་ཐོག་བཞག་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་དང་མཉམ་འདྲེས་ཐུབ་པ་བྱེད་རྒྱུ་དེ་བཅོས་སྒྱུར་གྱི་དོ་ཁུར་བྱེད་ས་དང་ཤུགས་རྒྱག་སར་གྱུར་ཡོད།

ཨན་ཧོས་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་ཁྲང་ཧྥིན་རྫོང་ཀྲོང་མུའུ་གྲོང་རྡལ་ཙའོ་ལིན་སྡེ་ཁུལ་དུ་དང་བླངས་པས་སྡོད་མིས་རིག་ནུས་གད་སྙིགས་རིགས་དབྱེ་ཚུར་བསྡུ་སྒྲིག་ཆས་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་བཞིན་པ། (2023ལོའི་ཟླ9བའི་ཚེས1ཉིན་པར་བླངས།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའོ་ལི་ཡིས་པར་བླངས།

བཅོས་སྒྱུར་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་འགན་འཁྲིའི་མ་ལག་བརྟན་པོ་ཡོང་བར་བྱེད་པ། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྐྱོར་གྱི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། རིམ་པ་ལྔའི་ཧྲུའུ་ཅི་ཡིས་དབུལ་སྐྱོར་འཛིན་པ་དང་ཏང་ཡོངས་སྐུལ་སློང་གིས་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ། ལོ་བརྒྱད་ཀྱི་རིང་ལ་ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ཙམ་དབུལ་བོ་ལས་ཐར་བའི་རླབས་ཆེན་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་པ་རེད།

ཧུའུ་ནན་ཞིང་ཆེན་ཞང་ཤིས་ཐུའུ་ཅཱ་རིགས་མེའོ་རིགས་རང་སྐྱོང་ཁུལ་ཧྭ་དཔེན་རྫོང་ཧྲི་པཱ་ཏུང་སྡེ་བ་རུ་ཧྲི་པཱ་ཏུང་སྡེ་བའི་དབུལ་སྐྱོར་རུ་དཔོན་མཱ་ཧོས་ཧུང་(གཡོན)དང་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཧྲི་ལིན་ཅའོ(དཀྱིལ)ཡིས་ཐད་གཏོང་གི་ལམ་ནས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཐད་ཀར་ཕྱིར་འཚོང་བྱེད་བཞིན་པ། (2020ལོའི་ཟླ5བའི་ཚེས15ཉིན།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་སི་ཧན་གྱིས་པར་བླངས།

ལོ་ངོ་མང་པོའི་རིང་མཁར་གྲོང་གི་བཙན་རྫོང་གཏོར་ནས་ཁྱིམ་ཐོ་ལམ་ལུགས་ཀྱི་བཅོས་སྒྱུར་གྱིས་ཞིང་ལས་གཞན་བསྒྱུར་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བཞི་མཁར་གྲོང་དུ་གཞིས་ཆགས་ཐུབ་པ་བྱུང་བ་དང་། ཐེབས་རྩས་ཕན་ཚུན་རོགས་སྐྱོར་གྱི་མི་འདང་སར་ཤུགས་སྣོན་བྱས་ནས་རྒན་གསོའི་ཉེན་ཚབ་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་བྱས་ཏེ།   རྒན་གསོའི་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ་ཁག་ཐེག་ཏན་ཏིག་བྱས། མ་མཐའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁང་བདག་ཁོངས་ལམ་ལུགས་བཅོས་སྒྱུར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་གི་སྡོད་ཁང་གི་དཀའ་ངལ་སེལ་བ་དང་། ཡོང་སྒོ་འབྲིང་བ་དང་དམའ་བའི་ཚོགས་སྤྱིའི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། མི་སྒེར་གྱི་ཐོབ་ཁྲལ་བཅོས་སྒྱུར་བྱས་པས་མི་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལ་ཁེ་ཕན་བསྐྲུན། སྔར་ལས་ལེགས་པ་དང་འདྲ་མཉམ་གྱི་སློབ་གསོ་ལ་གཞོལ་ཏེ་སློབ་གསོའི་བཅོས་སྒྱུར་ལ་བརྟེན་ནས་ས་ཁུལ་དང་མཁར་གྲོང་བར་གྱི་ཧེ་བག་མུ་མཐུད་དུ་ཇེ་ཆུང་དུ་བཏང་།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་ཚུན་ལ། བཅོས་སྒྱུར་གྱི་བྱེད་ཐབས་སྟོང་གཉིས་ལྷག་ཙམ་གྱི་ནང་།“མི”ཞེས་པའི་ཡིག་འབྲུ་ཡིས་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པ་དང་། ཟས་གོས་འགྲོ་སྡོད་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་ཕྱོགས་སོ་སོ་ནས་དམངས་ཚིས་འགན་སྲུང་གི་དྲ་བ་རེ་རེ་བཞིན་ཞིབ་བཟོ་བྱས་ཡོད།

ཧྲན་ཏུང་ཞིང་ཆེན་རུའུ་ཧྲན་གྲོང་ཁྱེར་མཁར་ཁུལ་སྲང་ལམ་ཐིན་ཅ་ཀྲོང་སྡེ་བའི་བདེ་སྐྱིད་ཟ་ཁང་དུ་དང་བླངས་པས་རྒན་པ་ཚོར་གུང་ཟས་སྡེབ་སྐྱེལ་བྱེད་བཞིན་པ།(2023ལོའི་ཟླ6ཚེས24ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀུའོ་ཞིས་ལེ་ཡིས་པར་བླངས།

---ཕུགས་ཀྱི་རྩ་བར་དམིགས་ཏེ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་དགོས་མཁོ་གསར་པ་རྒྱུན་མི་ཆད་པར་སྐོང་དགོས།

པེ་ཅིན་མཁར་ནུབ་ཁུལ་གྱི་གླ་གཏོང་ཁང་བ་ཞིག་གི་ནང་དུ། ལོ49ལ་སླེབས་པའི་ཕྱི་རོལ་ཟས་སྐྱེལ་མཁན་སྐུ་ཞབས་ཀྲང་ལགས་བློ་བདེ་མོའི་ངང་ངལ་གསོ་བྱེད་བཞིན་འདུག

ད་ལོའི་ལོ་སྟོད་དུ་ཁོས་ཟ་མ་སྐྱེལ་སྐབས་ཐང་ལ་འགྱེལ་ནས་རྐང་པ་གཡོན་མའི་རུས་པར་ཆག་སྐྱོན་བྱུང་། “བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་རིན་སྒོར་ཁྲི་བཞི་དང་སྟོང་དྲུག་ཤོར་བ་ཚང་མ་ལས་རིགས་ཀྱི་གནོད་འཚེའི་འགན་སྲུང་ནང་རྩིས་ཞུ་བྱས་པ་དང་། སྟེགས་བུ་དེས་ད་དུང་གཏན་འབེབས་གསར་བ་གཞིར་བཟུང་ནས་ང་ལ་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི་གཅིག་དང་སྟོང་བཞི་སྤྲད་པ་རེད”ཅེས་ཁོས་ཚོར་སྣང་ཟབ་མོའི་སྒོ་ནས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་གྲངས་འབོར་ཆེས་ཆེར་འཕར་ནས་ཁོང་ཚོའི་མདུན་དུ་ལྷགས་པའི་གནད་དོན་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་གཞིགས་ཟབ་མོ་གནང་བཞིན་ཡོད་པ་སྟེ།“ཞིང་པ་ལས་བཟོ་བ་དང་། སྐབས་བསྟུན་ལས་ཞུགས་མི་སྣ། ལས་རྣམ་གསར་པའི་ལས་ཞུགས་མི་སྣ་སོ་སོ་སྤྱི་ཚོགས་འགན་སྲུང་ནང་བཅུག་མེད་པ་དང་།‘འགན་སྲུང་ནང་མེད་པ’དང་།‘འགན་སྲུང་ཤོར་བ’‘འགན་སྲུང་ཆད་པ’བཅས་ཀྱི་གནས་ཚུལ་ཡོད་པ”དང་།“མྱུར་སྐྱེལ་བ་བྱེད་རྒྱུའང་ལས་སླ་མོ་མིན་པར་ཁོ་ཚོར་སྟབས་བདེ་མང་པོ་བསྐྲུན་དགོས།”

འཕེལ་རྒྱས་ཀྱིས་ཁ་བྱང་འདོན་དགོས་པ་དང་། བཅོས་སྒྱུར་གྱིས་རྩོམ་ཡིག་འབྲི་དགོས།

སྡེ་ཁག་བརྒྱད་ཀྱིས་མཛུབ་ཁྲིད་བསམ་འཆར་མཉམ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་ཏེ་ལས་སྟེགས་ཀྱི་འགན་འཁྲི་སོགས་གནད་དོན་གཙོ་བོ་ཐོག་མར་གཏན་འཁེལ་གསལ་བོ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ལས་སྟེགས་ཁེ་ལས་བདུན་གྱིས་ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་མི་སྣའི་ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ལམ་ལུགས་ཚོད་ལྟ་བྱས་ནས་མ་དངུལ་སྒོར་མོ་ཐེར་འབུམ་གཉིས་ལྷག་བཏང་ནས་ཞབས་ཞུའི་ས་ཚིགས་སྣ་ཚོགས་འབུམ་གཅིག་དང་ཁྲི་གསུམ་ལྷག་བསྐྲུན་པ་སོགས་མྱུར་སྐྱེལ་བ་ཚོའི་ཁེ་དབང་འགན་སྲུང་གི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་སྐབས་ཤིག་ལ་དུས་སྐབས་ཤིག་རིང་གི་གནད་དོན་ཡོད་པ་དང་། ཚོགས་སྤྱི་ཞིག་ལ་ཚོགས་སྤྱི་ཞིག་གི་དཀའ་ངལ་ཡོད་པས། ང་ཚོས་དེ་ལ་མཐོང་ཆེན་བྱས་ནས་མུ་མཐུད་དུ་ཐག་གཅོད་བྱེད་དགོས།

སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། “མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ”ནི་འཕེལ་རྒྱས་ལ་ཚད་འཇལ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཚད་གཞི་གསར་པ་ཞིག་རེད།

རྒན་པ་ཅན་གྱི་འགྲན་སློང་ལ་ཁ་གཏད་བཅག་ནས་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་དགོས། ཡོང་སྒོ་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བསམ་པའི་དགོས་མཁོ་སྔར་ལས་མང་པོ་བསྐངས་ནས་སྤྱི་བའི་རིག་གནས་ཀྱི་ཐོན་རྫས་མཁོ་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གནམ་སྔོན་ཆུ་དྭངས་ཀྱི་འཚོ་བ་གསར་བར་རེ་སྒུག་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་གཏོང་ཆེད། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ནས་མི་དམངས་ཀྱི་རེ་སྒུག་གསར་པར་རྒྱུན་མི་ཆད་པར་ལན་འདེབས་པ་དང་།   མང་ཚོགས་ཀྱི་དགོས་མཁོ་གསར་པ་བསྐངས་ནས“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ”གཟབ་ནན་གྱིས་ཁས་ལེན་མཛད།

--བློ་གྲོས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་།   མི་དམངས་དང་དམ་དུ་འབྲེལ་ནས་བཅོས་སྒྱུར་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཨན་ཧོས་ཞིང་ཆེན་ཧྥིན་དབྱང་རྫོང་ཞའོ་ཀང་སྡེ་བའི་ལོ80ལ་སོན་པའི་ཡན་ཅིན་ཁྲང་གིས་སྔར་བཞིན་སྡེ་བའི་ས་ཞིང་བཅོས་སྒྱུར་ལ་སེམས་ཁུར་བྱེད་བཞིན་འདུག འགན་གཙང་ལེན་གྱི་སྣེ་ཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས་ཡན་ཅིན་ཁྲང་གིས2016ལོའི་ཟླ4ཚེས25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞའོ་ཀང་སྡེ་བར་གཟིགས་ཞིབ་ཏུ་ཕེབས་པའི་གནས་ཚུལ་གསལ་བོར་དྲན་བཞིན་ཡོད།

ཉིན་དེར་ཚོགས་པའི་ཞིང་སྡེ་བཅོས་སྒྱུར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅིས“ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་དེ་གཞི་རྩའི་ཆ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་བརྟེན་དགོས་པ་རེད། གནས་བབ་གསར་བའི་འོག་ཞིང་སྡེ་བཅོས་སྒྱུར་གཏིང་ཟབ་སྒོས་སྤེལ་བའི་གཙོ་ཐིག་ནི་སྔར་བཞིན་ཞིང་བ་དང་ས་ཞིང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་རེད”ཅེས་གསུངས།

ཨན་ཧོས་ཞིང་ཆེན་ཧྥིན་དབྱང་རྫོང་ཞའོ་ཀང་སྡེ་བའི་ཞིང་ཐང་གི་རྣམ་པ།(2018ལོའི་ཟླ9བའི་ཚེས27ཉིན་མི་མེད་གནམ་གྲུས་པར་བླངས།) ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཏོན་གྱིས་པར་བླངས།

“ཞིང་ཆེན་ཡོངས་ཀྱི་ས་ཞིང་འགན་གཙང་ལེན་ལས་གཉེར་དབང་ཆ་ཐོ་འགོད་ཀྱི་སྐོར་ཁག་དང་པོའི‘དེབ་དམར་པོ’དེ་ང་ཚོའི་སྡེ་བའི་ལག་ཏུ་ཐོན་པ་དང་། ས་ཞིང་མུའུ་ཁྲི་གཅིག་དང་སྟོང་གསུམ་ལྷག་གི་ས་ཞིང་ཚང་མའི་དབང་ཆ་གཏན་འཁེལ་བྱས་ཡོད། ད་ལྟ་ཡང་‘ས་ཞིང་མ་རྐང་ལམ་ལུགས’ཀྱི་བཅོས་སྒྱུར་སྔོན་ལ་འཚོལ་ཞིབ་བྱས་ཡོད།” ཡན་ཅིན་ཁྲང་གིས་འཛུམ་དམུལ་དམུལ་གྱི་སྒོ་ནས་བཤད་རྒྱུར། ས་ཞིང་སྔར་ལས་མང་པོའི་སྟེང་དུ་ལོ་ལེགས་ཐོན་པ་དང་། ཚང་མའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཅོས་སྒྱུར་སྒོ་འབྱེད་ནི་མི་དམངས་དུང་ཕྱུར་མང་པོ་རང་ཉིད་ཀྱི་བྱ་གཞག་ཡིན་པས། ངེས་པར་དུ་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་མགོ་ཁྲིད་འོག་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་།

བཅོས་སྒྱུར་སྒོ་འབྱེད་དེ་ངོས་འཛིན་དང་ལག་ལེན་གྱི་སྟེང་ཐོད་བརྒལ་དང་གོང་འཕེལ་བྱུང་ཐེངས་རེ་རེ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་གསར་ཐོན་བྱ་དངོས་ཀྱི་བྱུང་བ་དང་འཕེལ་རྒྱས་རེ་རེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕྱོགས་སོ་སོའི་ཉམས་མྱོང་གསར་སྐྲུན་དང་གསོག་འཇོག་བྱེད་པ་ཚང་མ་ནི་མི་དམངས་དུང་ཕྱུར་མང་པོས་དཀའ་སྤྱད་འབད་འཐབ་དང་སྤྱང་གྲུང་བློ་གྲོས་ཀྱི་ཐོག་ནས་མ་ཐོབ་པ་གཅིག་ཀྱང་མེད།

པེ་ཅིན་གྱི“ཁྲོམ་གཞུང་དང་ཡུལ་ཚོར་ཤུ་ཙམ་བརྒྱབ་ན་བྱ་བའི་སྡེ་ཁག་གིས་འབྱོར་ཐོ་འགོད་པ་”དང་། ཀྲེ་ཅང་ལ“ཆེས་མང་ན་ཐེངས་གཅིག་འགྲོ་བ།”ཐེན་ཅིན་གྱིས“ཐེལ་ཙེ་གཅིག་གིས་དོ་དམ་གྱི་ཞིབ་མཆན་འགོད་པ”སོགས་ནུས་ལྡན་གྱི་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་ས་གནས་ཀྱིས་འཚོལ་ཞིབ་བྱས་པ་དང་འབྲེལ་རྒྱལ་ཡོངས་སུ་འདྲ་བཟོ་ཁྱབ་གདལ་བཏང་།

ཅི་ལིན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་གྱི་ཁུལ་གཉིས་པའི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་རམ་འདེགས་རེའུ་མིག་བཀོད་འབུལ་ཁུལ་དུ་གྲོང་མིས་ལས་དོན་མི་སྣའི་རམ་འདེགས་འོག་དོན་ཚན་རེའུ་མིག་བཀོད་འབུལ་བྱེད་ཀྱིན་པ།2020ལོའི་ཟླ་11པའི་ཚེས་23ཉིནཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུའུ་ཁྲང་གིས་པར་བླངས།

“མིང་ཐོ་བཀོད་ནས་མགོ་འདྲེན་བྱེད་པ་”དང“མདུན་དུ་མཆོང་བའི་” ཚན་ཞིབ་འགྲོ་གྲོན་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་ནས་ཚན་ཞིབ་མི་སྣའི་གསར་གཏོད་རང་བཞིན་འཕེལ་བར་བྱས་པ་དང་།  《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཏོན་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུའུ་བཙུགས་ཏེ།  དམངས་གཉེར་ཁེ་ལས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད། བཅོས་སྒྱུར་ལ་བརྟེན་ནས་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་སྐྱོད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཡོད།

“ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས།”

ལོ་མཇུག་ཏུ་སླེབས་དུས།  ཅིང་ཞིའི་མགྲོན་ཁང་དུ་དུས་རབས་གསར་པའི་ཚུན་གྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཉིས་པས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་དབང་དྲངས།

“ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།”“གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས།”“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་པ་”སོགས་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཕྱོགས་སྡོམ་བྱས་ནའང་འདྲ། ཡང་ན་ལོ་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ནའང་འདྲ། བཅོས་སྒྱུར་སྒོ་འབྱེད་ནི་འགག་རྩའི་ཐ་སྙད་ཅིག་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་དང་། ལོ་གསུམ་རིང་གི་པྲོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་སུ་གཏོང་བའི་ལོ་གཅིག་མཇུག་བསྒྲིལ་ལ་ཉེ་ཞིང་།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་གཅིག་མཇུག་བསྒྲིལ་གྲབས་ཡོད།

རྒྱལ་ནང་ལ་བལྟས་ཚེ། དཔལ་འབྱོར་སླར་གསོ་བྱ་རྒྱུ་དེ་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་པ་དང་། འཁོར་ཡུན་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་མང་པོ་ཡོད་པ། གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་། གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ལྡོག་ཕྱོགས་ཀྱི་བསམ་བློའི་རླབས་རྒྱུན་ཐོན་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་དོད་པོས་འཕར་བ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཕྱི་རོལ་གྱི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད།

དཀའ་ངལ་དང་འགྲན་སློང་ཇི་ཙམ་འཕྲད་ན་དེ་ཙམ་གྱིས་བཅོས་སྒྱུར་ལ་སྒུལ་ཤུགས་དང་སྒོ་འབྱེད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།

“དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན་པ་དང་།  སྤྱི་ཡོངས་བརྟན་པོ་དང་འགྱུར་ལྡོག་ལ་སྟབས་བསྟུན་བྱེད་པ། མགོ་རྩོམ་ས་གསར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས།” སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསུང་བཤད་གལ་ཆེན་ལས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྔར་ལས་ཤུགས་སྣོན་བྱེད་དགོས་པའི་ཆོད་སེམས་དང་བློ་སྟོབས་མངོན་ཡོད།

མདུན་སྐྱོད་ཀྱི་ལམ་བུའི་སྟེང་བཅོས་སྒྱུར་སྒོ་འབྱེད་ནི་སྔ་ཕྱི་བར་གསུམ་དུ་ང་ཚོ་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་རྣམ་པ་གསར་རྐྱང་གཏོད་པའི་འགག་རྩའི་བྱེད་ཐབས་ཤིག་དང་། གསོན་ཤུགས་ཀྱི་འབྱུང་ཁུངས་དང་མཆོག་ནོར་གལ་ཆེན་ཞིག་ཡིན་ལ་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན།

ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་དགོས།

2023ལོའི་དཔྱིད་མགོར།  པེ་ཅིན་ནུབ་འདབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་དུས་ལྟར་ཚོགས་མགོ་བརྩམས་པ་དང་།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”གྱི་བརྗོད་དོན་གཙོ་བོར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“འགག་རྩའི་ཉུང་ཤས”ཐད་ལ་གནད་འགག་གི་སློབ་ཁྲིད་ཐེངས་ཤིག་གནང་།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་ཞེས་གསལ་པོར་བསྟན་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཁྲོད་ཀྱི་དོན་སྙིང་གསལ་པོར་བསྟན་ཞིང་། “འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་གཏན་འཁེལ་བྱེད་པའི་སྐད་ཆ་ཡིན་ལ། སྤྱི་ཁོག་དོ་དམ་དང་རྩ་བ་དོ་དམ་བྱེད་པ་ཡིན།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ཏང་གི་མགོ་ཁྲིད་ཀྱི་གོ་གནས་ནན་བཤད་བྱ་དགོས་དོན་གང་ཡིན་ནམ། དེ་ནི་ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་མདུན་ལམ་དང་ལས་དབང་། མཐའ་མཇུག་གི་རྒྱལ་ཕམ་བཅས་ལ་ཐད་ཀར་དུ་འབྲེལ་བ་ཡོད་པའི་རྐྱེན་གྱིས་རེད།”

ཉེ་ལམ་ཚོགས་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྟེང་། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་དགོས་ཞེས་ནན་བཤད་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་ཡིན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་རླབས་ཆེན་དེར་ངོ་བོའི་ཐོག་ནས་བླང་བྱ་བཏོན་པ་ནས་རྩ་དོན་གལ་ཆེན་དུ་གྱུར་པ་དང་། ཏང་གི་མགོ་ཁྲིད་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་གནས་ཡོད། ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་ཐོབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་དང་བཅོས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཆབ་སྲིད་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད།

སྐྱོད་ལམ་གསར་བའི་སྟེང་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་མགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ།  ཕུགས་འདུན་མི་བསྒྱུར་བ་དང་མདུན་ལམ་མི་བསྒྱུར་བ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་དེ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱེད་དགོས།

ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་ཆེད་དུ་སྒུལ་ཤུགས་གསར་པ་བསྣན་པ།

“སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས”ཞེས་པ་འདི་ནི་ད་ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་ཐ་སྙད་གལ་ཆེན་དེ་ཐོག་མར་བཏོན་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་བྱུང་ཡོད།

སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པ་བྱ་རྒྱུ་ནི་འཕེལ་རྒྱས་གཏོང་རྒྱུའི་བརྗོད་གཞི་ཡིན་ལ་བཅོས་སྒྱུར་གྱི་བརྗོད་གཞི་ཡང་ཡིན།

ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རིག་ནུས་དྲ་སྦྲེལ་དང་གློག་སྒུལ་རླངས་འཁོར་ཐོན་ལས་གླིང་དུ་གནས་པའི་ལུའུ་ཐེ་སིའི་གོ་ལ་ཧྲིལ་པོའི་རིག་ནུས་བཟོ་གྲྭར་བཟོ་པས་མུ་མཐུད་ལས་སྒྲུབ་བྱེད་བཞིན་པ།2023ལོའི་ཟླ་1པོའི་ཚེས་11ཉིནཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞའོ་དབྱི་ཅིའུ་གིས་པར་བླངས།

དེང་སྐབས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། འགྱེད་འཕྲོའི་ཁྱབ་ཁོངས་རྒྱ་ཆེ་བ། ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་པ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་དང་བཅོས་སྒྱུར་ལ་བརྟེན་ནས་གསར་གཏོད་ཀྱི་སྒུལ་ཤུགས་བསྣན་ཚེ་གཞི་ནས་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་འབྱུང་རྩའི་སྒུལ་ཤུགས་སྣོན་ཐུབ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། གཏིང་ཟབ་པའི་སྒྲིག་གཞི་དང་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་དེས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་ལ་སྔར་ལས་ལེགས་པའི་སྒོ་ནས་འགྱུར་ལྡོག་གཏོང་དགོས་པ་ནན་བཤད་བྱས་ཡོད།

《ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་བཙུགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《གྲོང་གསེབ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས། ད་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་3ལ་སྔ་རྗེས་སུ་མགོ་འཛིན་མཛད་ནས།   དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྔར་ལས་གསལ་བའི་རྩེ་རིམ་ཇུས་འགོད་གནང་།

བཅོས་སྒྱུར་སྒུལ་ཤུགས་སུ་བྱས་ནས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་བསྐྲུན་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོ་ཞིག་གསོག་ཐུབ་ངེས་རེད།

ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ་མ་འོངས་པར་བར་སྟོང་གསར་པ་གཏོད་དགོས།

ཉེ་སྔོན། 《རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས་པ་རེད།  སྒོ་འབྱེད་ཀྱི་བྱེད་ཐབས་གསར་པ་80ཡི་ཐོག་ནས་ཆུ་ཚད་སྔར་ལས་མཐོ་བའི་གནོན་ཤུགས་ཀྱི་ཚད་ལེན་ཚོད་ལྟ་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ཡོད།

ཟླ་11པའི་ཚེས་1ཉིན་ཧྲང་ཧའེ་དང་བར་ཐག་སྤྱི་ལེ་4000ཡོད་པའི་ཞིན་ཅང་དུ་རྒྱལ་ཁབ་ཀྱིས་བཙུགས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཨང་22པ་ཝུའུ་ལུའུ་མུའུ་ཆི་རུ་སྒོ་བྱང་བཀལ།

ཤར་ནུབ་གཉིས་སུ“ཚོད་ལྟའི་ཁང”གཉིས་ཀྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་བརྟན་པོ་བདེན་དཔང་བྱས་ཡོད། མཚོ་རྒྱུད་དང་ནང་ལོགས་ས་ཁུལ། མཐའ་རྒྱུད་ས་ཁུལ་བཅས་སུ་ཕྱོགས་མང་པོ་དང་རིམ་པ་མང་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་ཆགས་ཡོད།

ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་རྟོག་ཞིབ་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ས་ཁོངས་ཀྱི་འཐབ་ཇུས་ལ་དམིགས་ནས་བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས།

ཟླ་5པར།   ཧོ་པེ་རུ་པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཟླ་6པར།  ནང་སོག་གི་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཟླ་9པར། ཧེ་ལུང་ཅང་གིས་དུས་རབས་གསར་པར་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།   ཟླ་10པར་ཅང་ཞིའི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།  ཟླ་11པར་ཧྲང་ཧའེ་ཡི་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།

བཞུགས་མོལ་ཚོགས་འདུ་དེ་དག་ལས་ལ་ལ་ནི་ཐེངས་གཉིས་པ་དང་། ལ་ལ་ནི་ཐེངས་གསུམ་པ་ཡིན་ཞིང་། ལ་ལ་ནི་ཐེངས་བཞི་པ་ཡིན་པས་འཆར་འགོད་གཅིག་མཐར་ཕྱིན་པར་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་མངོན་པ་དང་། བཅོས་སྒྱུར་སྒོ་འབྱེད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བའི་གཏན་ཚིགས་ཀྱི་སྟོབས་ཤུགས་ཀྱང་མངོན་ཡོད།

དེ་ནི་ཤར་དབུས་ནུབ་གསུམ་གཅིག་ཏུ་སྦྲེལ་བ་དང་ལྷོ་བྱང་ཕྱོགས་གཉིས་མཐུན་སྦྱོར་བྱེད་པའི་“བྱེད་ཐབས་གལ་ཆེན་ཞིག”རེད།

པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་“སྒུལ་ཤུགས་འབྱུང་ཁུངས་”ཆེན་པོ་གསུམ་བསྐྲུན་པ་དང་།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་“གཙང་པོ་དང་ཆུ་བོའི་འཐབ་ཇུས་”ལག་བསྟར་བྱ་དགོས།  ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

དེ་ནི་ཁྱོན་ཡོངས་ནས་སྟོབས་ཤུགས་འཚོལ་བ་དང་གནད་འགག་ཐུག་ས་དང་འབྲེལ་བ་ཡོད་པའི་“མིག་མངས་”ལྟ་བུ་ཞིག་རེད།

ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་དང་པེ་ཅིན་གྱི་རྒྱལ་སའི་ནུས་པ་མིན་པའི་ནུས་པ་དང་ལེན་བྱེད་པ་གལ་ཆེ་མཉམ་འཛིན་གྱི་དུས་མཚམས་སུ་སླེབས་ནས“མ་འོངས་པའི་གྲོང་ཁྱེར”ལ་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་ཡོད།  ཧྲིན་ཀྲིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་།  ཕུའུ་ཏུང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁུལ། ཧའེ་ནན་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ།  ཀྲེ་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཛུགས་སྐྲུན་བཅས་ཀྱི་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་དུ་སྔོན་ལ་འཚོལ་ཞིབ་དང་གསོན་ཤུགས་འཕེལ་ཡོད།

འདི་ནི་ཧའེ་ནན་རང་མོས་ཉོ་ཚོང་ཁུལ་གྱི་གཙོ་གནད་གླིང་ཁུལ་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་དབྱང་ཕུའུ་གྲུ་ཁ་རེད།2023ལོའི་ཟླ་2པའི་ཚེས་26ཉིན་བླངས་པའི་མི་མེད་གནམ་གྲུའི་འདྲ་པར།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུའུ་ཞའོ་ཞུའུ་ཡིས་པར་བླངས།

བཅོས་སྒྱུར་གྱི་མཐོ་ས་དང་སྒོ་འབྱེད་ཀྱི་མདུན་ཕྱོགས་རེ་རེ་ལས་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་དང་དུས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་སྣུར་བསྲིང་བྱེད་བཞིན་ཡོད།

ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ་འཛམ་གླིང་ལ་གོ་སྐབས་གསར་པ་བསྐྲུན་དགོས།

གསེར་མདོག་གི་ཟླ་བཅུ་པར་“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་པེ་ཅིན་དུ་ཚོགས་པ་དང་། མི་དམངས་ཚོགས་ཁང་ཆེན་མོའི《རི་ཀླུང་ཇི་འདྲའི་མཛེས་སྡུག་ལྡན།》ཞེས་པའི་རི་མོ་ཆེན་པོའི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླིང་ལྔ་མཚོ་བཞི་ནས་ཡོང་བའི་གྲོགས་པོ་གསར་རྙིང་དག་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

“ལོ་ངོ་བཅུ་ལ་ངལ་བ་དང་དུ་བླངས། ལོ་ངོ་བཅུ་ཡིས་འབྲས་བུའི་མེ་ཏོག་བཞད།‘རྒྱུད་གཅིག་ལམ་གཅིག’མཉམ་དུ་བསྐྲུན་རྒྱུ་དེ་ནི་ཀྲུང་གོའི་ཡིན་པ་དང་གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་“འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་ཡག་པོ་ཡོང་བ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་སྔར་ལས་ཡག་པོ་ཡོང་རྒྱུའི” དོན་སྙིང་ཟབ་མོ་མཚོན་ཡོད།

དུས་ཐུང་ཉིན་6གི་ནང་དུ། ལོ་འཁོར་རྩིས་ཁུངས་ལྟར་ཚོང་འགྲིག་དངུལ་འབོར་ཨ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བརྒྱད་དུང་ཕྱུར་བཞི་བྱེ་བ་གཅིག་ཟིན་ནས། སྐབས་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བསྐྲུན་པ་སྟེ།  ཟླ་སྔོན་མར་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་དྲུག་པར་རྒྱལ་ཁབ་དང་ས་ཁུལ་128ནས་ཡོང་བའི་ཁེ་ལས་3400ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད། དངོས་ཡོད་གྲངས་གཞིའི་ཐོག་ནས་ཀྲུང་གོ་དང་འཛམ་གླིང་ལག་གདང་སྦྲེལ་ནས་མ་འོངས་པ་བསྐྲུན་པར་གསོན་ཉམས་ལྡན་པའི་འགྲེལ་བཤད་བརྒྱབ་ཡོད་པ་རེད།

འདི་ནི་2023ལོའི་ཟླ་11པའི་ཚེས་6ཉིན་པར་བླངས་པའི་སྐབས་དྲུག་པའི་འགྲེམས་ཚོགས་ཀྱི་རྒྱལ་ཁབ་འགྲེམས་སྟོན་ཡའེ་ནན་འགྲེམས་སྟེགས་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྥང་ཀྲིག་གིས་པར་བླངས།

ཕྱི་རྒྱལ་གྱི་མ་དངུལ་བརྟན་གཏོང་གི་སྲིད་ཇུས་བྱེད་ཐབས་24ཡོངས་བསྒྲགས་བྱས་ནས་ཕྱོགས་རྐྱང་པས་རྒྱལ་ཁབ་ཀྱི་ཐོངས་མཆན་འགོད་མི་དགོས་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བར་ཚོད་ལྟ་བྱས་པ་དང་། སྤུས་ཚད་མཐོན་པོས་མཉམ་དུ་“རྒྱུད་གཅིག་ལམ་གཅིག”གི་བྱ་སྤྱོད་ཁག་བརྒྱད་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི“འགྲེམས་ཚོགས་ཀྱི་ལིང་ཚེ”སྔར་ལས་བཀྲག་མདངས་འཚེར་བར་བྱས་ཏེ།  ཁྱབ་ཁོངས་སྔར་ལས་ཆེ་ཞིང་ཡངས་པ་དང་། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཀྲུང་གོའི་སྟོབས་ཤུགས་བསྣན་ཡོད།

ད་ལྟའི་ཀྲུང་གོ་འདི་ཉིད་ནི་ཕུགས་འདུན་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བྱེད་པའི་ཀྲུང་གོ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོ  མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོ  འཛམ་གླིང་དང་འབྲེལ་བ་དམ་ཟབ་བྱེད་པའི་ཀྲུང་གོ་བཅས་སུ་གྱུར་ཡོད།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བཏོད་ནས་དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་ཡོད།

ཟླ་11པའི་ཚེས་17ཉིན།   ཨ་རིའི་ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པའི་ཐོག་གསུང་བཤད་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་ཐོབ།

“ད་ལོ་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་45འཁོར་བའི་ལོ་ཡིན་པས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་འདོན་སྤྲོད་བྱེད་དགོས། ”

ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡིད་ཆེས་དང་བསམ་བློར་གཡོ་འགུལ་འབྱུང་མི་སྲིད་པ་དང་ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་ཇི་ཙམ་ཕྱེས་ཚེ་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས།

རླུང་བུ་དལ་བར་ལྡང་། ལེ་དབར་ཁྲི་ཡི་གནམ་མཐའ་ནས། རི་ཀླུང་གི་མཛེས་སྡུག་ལ་བལྟས།

རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་སྐྱོད་ལམ་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ལ་ཁྲིད་སྟོན་བྱས་ནས། སྔར་ལས་གཏིང་ཟབ་ཅིང་སྔར་ལས་དཔངས་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་འཛམ་གླིང་གིས་མིག་ལྟོས་བྱེད་པའི་ཁྱད་མཚར་བསྐྲུན་དགོས།

                      ཡིག་སྒྱུར་བ།   སྒྲོལ་མ་སྐྱིད།  ཚེ་རིང་སྒྲོལ་མ། གཡང་འབུམ་རྒྱལ།།