བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་སེལ།
2023.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དམངས་འཚོར་ཕན་པའི་བྱ་བ་ནན་ཏན་གྱིས་སྒྲུབ་པ་དང་། དམངས་སེམས་ལ་ཕན་པའི་བྱ་བ་ཞིབ་ཕྲར་སྒྲུབ་པ།  དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡག་པོར་བསྒྲུབ་དགོས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས“དགོངས་པར་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ།   བྱས་རྗེས་གསར་པ་འཇོག་པ།  ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས།  གྲོང་ཁྱེད་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག   མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གི《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་རིམ་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》གྱི་བརྡ་སྦྱོར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།   རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བྱེད་ཐབས་གསར་བ་བསྐྲུན་པ། གཞུང་ལུགས་སློབ་སྦྱོང་བང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ། ཞིབ་བཤེར་དག་ཐེར་སོགས་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནས་ཚུལ་ལ་དམིགས་ནས། དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཚིས་འགན་སྲུང་ཤུགས་ཆེན་པོས་དམ་འཛིན་བྱེད་པ་བཅས་བྱས་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་དཀའ་ངལ་སེལ།

“རོགས་སྐྱོབ་རྐྱང་པ”ནས“སྣ་མང་ཞབས་ཞུའི”བར་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་།

“ཁྱེད་ཚོས་ཞབས་ཞུ་སྒྲུབ་པ་ཧ་ཅང་ཡག་པོ་རེད། ང་ཚོ་ལ་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མ་ཟད།  དུས་སྐབས་དང་པོའི་ནང་རོགས་སྐྱོར་བྱས་ནས་ངེད་ཚང་གི་ཁྱིམ་ཚང་གི་གནས་ཚུལ་དངོས་ལ་གཞིགས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་ཁྲོད་དུ་བཞག་པ་དང་། ནད་པའི་རྗེས་ཕྱོགས་ཀྱི་སྨན་བཅོས་ཐད་ལ་རོགས་སྐྱོར་ཞབས་ཞུ་སྒྲུབ་ཅིང་སེམས་ཁམས་ལ་ཁྲིད་སྟོན་བྱས། ཟི་ལིང་གྲོང་ཁྱེར་གྱི་ཡིན་པའི་སྐུ་ཞབས་ལིག་ནི་རང་གི་བུ་མོ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། ཁོ་ལ་ཟླ་རེར་སྒོར་མོ་སྟོང་གཉིས་དང་བརྒྱད་བརྒྱ་ཡི་ཡོང་སྒོ་ཡོད།  ཉིན་འགའི་སྔོན་དུ། སྟབས་མ་ལེགས་པར་ཁོ་རང་ཁང་པའི་ཐོག་བརྩེགས་བཅུ་གཅིག་པའི་སྟེང་ནས་ཐོག་བརྩེགས་དྲུག་པའི་སྟེང་དུ་ལྷུང་ནས་རྨས་སྐྱོན་ཕོག་རྗེས་སུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།   ཁོའི་རྨས་སྐྱོན་གྱི་གནས་ཚུལ་ལ་གཞིགས་ནས་“མྱུར་སྐྱོབ་བྱེད་དཀའ་བའི”རོགས་སྐྱོབ་མ་དངུལ་སྒོར་མོ་ཁྲི་གཉིས་བྱིན་པ་དང་། དེའི་རྗེས་སུ་ཁོ་ཚང་གི་ཁྱིམ་ཚང་དེ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྲོད་དུ་བཞག་པར་མ་ཟད་གནས་སྐབས་ཀྱི་རོགས་སྐྱོབ་སྒོར་མོ་ཁྲི་གཉིས་དང་སྟོང་གཉིས་བརྒྱ་དང་བརྒྱད་བཅུ་བྱིན།  དེ་མིན་ཁོ་ལ་སྨན་བཅོས་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས་པ་བརྒྱུད་ད་ལྟ་ཁོའི་རྨས་སྐྱོན་གྱི་གནས་ཚུལ་དེ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཞབས་ཞུའི་རིགས་ཀྱི་རོགས་སྐྱོབ་བྱེད་སྟངས་རྒྱ་ཆེར་བཏང་བ་དང་།“ཞབས་ཞུའི”བསམ་ཕྱོགས་རྒྱ་ཆེར་བཏང་བ། མང་ཚོགས་ཀྱི“རེ་སྒུག”དེ་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི“ལས་དོན”ལ་བརྩིས་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་དེ“རོགས་སྐྱོབ་རྐྱང་པ”ནས“སྣ་མང་ཞབས་ཞུའི”བར་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་།

《ཟི་ལིང་གྲོང་ཁྱེར་གྱིས་〈མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞིའི〉གཙོ་གནད་ལས་འགན་ཁག་བགོས་ཇུས་གཞི》དེ་ཟི་ལིང་གྲོང་ཁྱེར་གྱིས་མགྱོགས་མྱུར་ངང་བཏོན་པ་དང་། 《ཟི་ལིང་གྲོང་ཁྱེར་གྱིས་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་བཅོས་སྒྱུར་ཚོད་ལྟའི་ལག་བསྟར་ཇུས་གཞི》བཟོས་ནས།      “རེ་ཞུ་དང་རོགས་སྐྱོབ། ཞབས་ཞུ། ལྟ་སྐུལ”བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་ནུས་རོགས་སྐྱོབ་ཀྱི་སྟེགས་བུ་བཙུགས་ནས།    ཟི་ལིང་གི་ཁྱད་ཆོས་ལྡན་པའི་རིགས་དབྱེའི་རོགས་སྐྱོབ་མ་ལག་ཆེན་པོ་ཞིག་ཆགས་པར་བྱས་ཡོད།

ད་ལོ་ལོ་ན་ཞེ་གསུམ་ཡིན་པའི་མ་ཧྲིན་མའེ་ལ་ཨོལ་གོང་གཤེར་རྨེན་གྱི་སྐྲན་ནད་ཕོག་ཡོད་པ་དང་ངལ་རྩོལ་ནུས་པ་ཉམས་མེད། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཟླ་དཀྱིལ་དུ་ཁྱིམ་ཚང་རེ་རེར་སོང་སྟེ་ཞིབ་བཤེར་བྱེད་སྐབས་སུ།  ཁོ་ཚང་གི་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པ་ཤེས་རྗེས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པར་མ་མཐའི་འཚོ་བའི་འགན་སྲུང་གི་ཁྲོད་དུ་བཞག   ཁོ་ལ་ངལ་རྩོལ་གྱི་ནུས་པ་ལྡན་པ་དང་ལས་ཞུགས་ཀྱི་དགོས་མཁོ་ཡོད་པའི་དབང་གིས། ཀྲིག་ཅ་ཆོན་ཁྲོམ་གཞུང་དོན་གཅོད་ཁྲུའུ་དམངས་སྲིད་དང་སྤྱི་ཚོགས་འགན་སྲུང་སྐར་ཁུང་གི་ཆ་འཕྲིན་སྤེལ་རེས་བྱས་ཏེ།  མ་ཧྲིན་མའེ་སྤྱི་ཕན་ལས་གནས་ཀྱི་དོ་དམ་གཞོགས་འདེགས་པར་འོས་སྦྱོར་བྱས་ཤིང་།   ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཅིག་པར་དངོས་སུ་ལས་གནས་སུ་ཞུགས་ལ་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་དགུ་བརྒྱ་ཡོད།    མ་ཧྲིན་མའེ་ལས་གནས་སུ་ཞུགས་རྗེས་ཁྱིམ་ཚང་གི་ཡོང་འབབ་ཇེ་བཟང་དུ་སོང་བ་དང་མཉམ་དུ།   ་ལས་བཟོ་པའི་སྤྱི་ཚོགས་འགན་སྲུང་དང་སྨན་འཅོས་འགན་སྲུང་གི་ཁྲོད་དུ་ཡང་ཞུགས་ཡོད་པས་མ་ཧྲིན་མའེ་ཡི་འཚོ་བར་སྔར་ལས་འགན་སྲུང་བྱེད་ཐུབ་པར་གྱུར་ཡོད།

“འཚོ་གནས་རོགས་སྐྱོབ”ནས“འཕེལ་རྒྱས་རོགས་སྐྱོབ”ཀྱི་བར་དུ་འགྱུར་ལྡོག་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རིམ་པ་མང་བའི་རོགས་སྐྱོབ་དགོས་མཁོ་སྐོང་ཐུབ་པར་བྱེད་དགོས།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་སྡེ་ཁག་སོ་སོའི་ལས་ཀའི་འགན་ནུས་དང་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་ཏེ།  དམངས་སྲིད་ཀྱིས་སྣེ་ཁྲིད་པ་དང་སློབ་གསོ་དང་སྡོད་ཁང་སོགས་སྡེ་ཁག་མང་པོ་ཞིག་གིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། མ་མཐའི་འཚོ་བའི་འགན་ལེན་མཐའ་ཁུལ་གྱི་ཁོངས་མི་སོགས་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་དགོས་མཁོ་འཚོལ་སྡུད་བྱས་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཁྱིམ་ཚང་ཁྲོད་ཀྱི་འགའ་ཤས་དང་འཚོ་བའི་རང་མགོ་ཐོན་པའི་རྒན་རྒོན།  བྱིས་པ་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་དགོས་མཁོ་ལྟར། རོགས་སྐྱོར་བྱེད་ཡུལ་ཁྲི་གཅིག་དང་སྟོང་གཅིག་དགུ་བཅུ་ལ་ཁྱིམ་ཚང་སྡེ་ཚན་བྱས་ཏེ་ཡིག་ཚགས་ཞིབ་ཕྲ་བཟོས་ནས། འཚོ་བའི་ཞབས་ཞུའི་རིགས་དང་དྭངས་གསལ་ཞབས་ཞུའི་རིགས། སྨན་བཅོས་བདེ་ཐང་གི་རིགས་དང་ནུས་པ་མཐོར་གཏོང་གི་རིགས་བཅས་རིགས་ཆེན་པོ་བཞིའི་ཞབས་ཞུའི་རྩིས་ཐོ་སོ་བརྒྱད་རིགས་དབྱེ་ནས་བཟོས་ཏེ། སྤྱི་ཚོགས་རོགས་སྐྱོབ་ལག་བསྟར་དོན་འཁཡོལ་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་།

“གཞི་རྩའི་རོགས་སྐྱོབ”ནས“ཞབས་ཞུའི་རོགས་སྐྱོབ”བར་འགྱུར་ལྡོག་བཏང་བ།

ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་ཝང་ཆེ་གེ་མོ་དང་ཁོའི་ལོ་ན་མཐོ་བའི་ཨ་མ་དང་ལོ་ན་ཆུང་བའི་བུ་ཆུང་བཅས་མཉམ་དུ་འཚོ་བ་རོལ་བཞིན་ཡོད།  ཁོའི་ཨ་མ་ད་ལོ་ལོ་ན་དོན་ལྔ་ལ་སླེབས་ཡོད་ཅིང་།  མོ་ལ་ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད། གཅིན་སྙི་ཟ་ཁུའི་ནད་སོགས་ཕོག་ཡོད།  ཉིས་སྟོང་བཅུ་གསུམ་ལོར་སྙིང་ཁམས་ཀྱི་འདེགས་སྐྱོར་གཤགས་བཅོས་བྱས་མྱོང་བས་ལུས་ཕུང་གི་གནས་ཚུལ་བཟང་རྒྱུ་མེད།

ཉིས་སྟོང་ཉེར་གཉིས་ལོར་ཝང་ཆེ་གེ་མོ་ལ་མཁལ་མའི་འབྲས་སྐྲན་ཕོག་ཡོད་པའི་དབང་གིས་གཤགས་བཅོས་བྱས་པ་དང་།  ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་པའི་ཚེས་བཅུ་བདུན་ཉིན།  ཝང་ཆེ་གེ་མོ་ལ་སྐབས་འཕྲལ་རོགས་སྐྱོབ་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་དགུ་བརྒྱ་གོ་བཞི་བྱས་པ་དང་། ད་ལོའི་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན།  ཁོའི་བྱིས་པ་ཡང་ནད་ཀྱི་དབང་གིས་ཟི་ལིང་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་ཞག་སྡོད་བྱས།  ནད་གཞིའི་གནས་ཚུལ་ཇེ་དགར་མ་སོང་བའི་སྟབས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན།  ཞི་ཨན་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་འགྲོ་དགོས་པ་བྱུང་ཞིང་།  ནད་གཞི་ལྕི་མོའི་ལྟ་སྐྱོང་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་པའི་འགྲོ་གྲོན་སྒོར་མོ་འབུམ་གཅིག་ཙམ་བཏང་།

ཟི་ལིང་གྲོང་ཁྱེར་དམངས་སྲིད་སྡེ་ཁག་གིས་གནས་ཚུལ་དེ་ཤེས་རྗེས། “དོན་རེར་གྲོས་རེ”བྱས་ནས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན།  ཟི་ལིང་གྲོང་ཁྱེར་དམངས་སྲིད་སྡེ་ཁག་གིས་སྒོར་མོ་ཁྲི་བཞི་དང་སྟོང་གཉིས་བརྒྱ་དང་བརྒྱད་ཅུ་ཡི་རོགས་སྐྱོབ་བརྒྱུད་རིམ་གཞིར་བཟུང་སྟེ།  མ་ཧྥང་ཁྲོམ་གཞུང་དོན་གཅོད་ཁང་དང་སྡེ་ཁུལ། བཟོ་ཚོང་དངུལ་ཁང་ཟི་ལིང་ཞིས་ཁྲོན་ཡན་ལག་དངུལ་ཁང་དང་། ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ། ཡུང་ཧི་སྡེ་ཚོགས་བཅས་ཀྱིས་“ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་བྱེད་པའི”གཅེས་སེམས་ཆེན་པོའི་སྙིང་སྟོབས་ལ་བརྟེན་ནས།   ནད་ཀྱིས་མནར་བའི་བྱིས་པ་དེར་རོགས་སྐྱོར་བྱས་ནས་ཞལ་འདེབས་སྒོར་མོ་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ཕུལ།  དུས་མཚུངས་སུ་མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་དཔྱད་ཚོགས་འདུ་བརྒྱུད་ནས་ཁྱིམ་ཚང་དེ་མྱུར་དུ་མ་མཐའི་འཚོ་བའི་འགན་ལེན་གྱི་ཁྲོད་དུ་བཞག

ཇི་ལྟར་བྱས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས་སམ། གནས་ཚུལ་དེའི་སྐོར་ནས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱེད་དོན།   གོམ་སྟབས་རྗེས་མར་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་།   རིམ་པ་དབྱེ་ནས་རིགས་དབྱེ་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་དམིགས་འབེན་འཐུས་ཚང་དུ་གཏོང་བར་དམ་པོར་དམིགས་ཏེ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྔར་ལས་སྤྱི་འདོམས་འཕེལ་རྒྱས་སུ་བཏང་ནས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་ལ་གཞི་རྩའི་འཚོ་བའི་རོགས་སྐྱོབ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  སྨན་བཅོས་དང་སློབ་གསོ་སོགས་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་དང་། སྲིད་ཇུས་ལམ་ལུགས་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ།   སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་འོས་འཚམ་གཏོང་བ། ཁྱབ་ཁོངས་དང་ཕན་འབྲས་ཆེ་རུ་གཏོང་བ། ཕྱོགས་བསྡུས་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་པ། རོགས་སྐྱོབ་དང་གནད་སྨིན་ཕན་འབྲས་ཐོན་པར་བྱེད་པ།  སྲིད་ཇུས་དང་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས།  ཆ་རྐྱེན་དང་མཐུན་པའི་ཡོང་འབབ་དམའ་བའི་མང་ཚོགས་ལས“འགན་ལེན་བྱེད་དགོས་རིགས་འགན་ལེན་དང་རོགས་སྐྱོབ་བྱེད་དགོས་རིགས་ལ་རོགས་སྐྱོབ་བྱེད་པ”བཅས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པར་བསྟན།

 ཡིག་སྒྱུར་པ།  གཡང་འབུམ་རྒྱལ།