མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་བསྡུས།
2023.12.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

 ཉེ་ལམ།  གཅིག་སྒྲིལ་རྫོང་གིས་ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་མི་གདན་ཞུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཞིབ་ཚགས་ཁྲོད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། གོ་རྟོགས་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ལེགས་པོར་སྤེལ་བར་སྐུལ་འདེད་བྱས།  རྫོང་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོ། རྫོང་ཏང་ཨུའི་སྡེ་ཁག་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག  མང་ཚོགས་ཚོགས་པའི་རྩ་འཛུགས་སོ་སོ་བཅས་ཏང་ཡོན་ལས་བྱེད་པ་སྡོམ་པས300ལྷག་ཆེད་དོན་འཆད་ཁྲིད་ནང་ཞུགས།

སྒྲོག་འགྲེལ་ཚོགས་འདུའི་ཐོག  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཉིས་ཀྱིས་སོ་སོར་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་།  དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཆོས་ཉིད་རང་བཞིན་གྱི་ངོས་འཛིན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་ལ་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་ལྡོག་ཏུ་མེད་པའི་ཆོས་ཉིད། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྩོམ་ཡིག་ཡག་པོ་འབྲི་བ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།     ཚོགས་ཞུགས་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོས་གཅིག་སྒྲིལ་རྫོང་ལ་སྒྲོག་འགྲེལ་དུ་ཡོང་བ་གོ་སྐབས་སུ་བྱས་ནས། “དགོངས་པར་སློབ་སྦྱོང་བྱེད་པ”དེ་བརྗོད་དོན་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཏེ།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།   “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།   “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ།  སློབ་སྦྱོང་དམ་འཛིན་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱེད་པ་དང་།  ཡིད་ཆེས་བརྟན་པོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་མིག་སྔའི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་དང་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ལ་བསྒྱུར་བ། རྒྱུན་ཆད་མེད་པར་སློབ་སྦྱོང་གི་གྲུབ་འབྲས་དེ་མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་གཅིག་སྒྲིལ་གསར་པ་འཛུགས་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་བར་བྱེད་རྒྱུ་ཡིན་ཟེར།

གཞན་ཡང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཏང་སེམས་དང་དམངས་སེམས་སྔར་ལས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་བསྩོལ་ཆེད།  ཉེ་ལམ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་ཉིན་ཡོལ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་སྤྱི་ཚོགས་སྟེང་གི་མི་བྱམས་བརྩེ་ཅན་ཁྲིད་དེ་གྲོང་རྡལ་སྲིད་གཞུང་ནས་ལེགས་སྐྱེས་འབུལ་བའི་འཚམས་འདྲིའི་བྱ་འགུལ་སྤེལ། གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའམ་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགོ་གཙོ་ཚབ་མ་ཨོ་རྒྱན་འཕགས་མེད་དང་། ཡུལ་དུ་ཡོད་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཉིན་ཡོལ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་སྡོད་ལས་བྱེད་རུ་ཁག  མི་བྱམས་བརྩེ་ཅན་མིག་དམར་རྒྱ་མཚོ་བཅས་ལེགས་སྐྱེས་འབུལ་བའི་མཛད་སྒོར་ཞུགས།

མཛད་སྒོ་མ་འཚོགས་སྔོན་ལ། དྲུག་ཆེན་སུམ་མདོ་གྲོང་རྡལ་ཉིན་ཡོལ་སྡེ་བས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ།  “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”ཡི་ལག་ལེན་བྱ་འགུལ་དེ་བརྗོད་དོན་སློབ་གསོའི་རྐང་འཛུགས་སར་བྱས་ཏེ། སྡེ་སྡོད་ལས་བྱེད་རུ་ཁག་གི་ཐོན་ཁུངས་མང་པ་དང་མང་ཚོགས་ལ་ཡོངས་ཁྱབ་ཏུ་འབྲེལ་གཏུག་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། རང་འགུལ་ངང་སྤྱི་ཚོགས་སྟེང་གི་མི་བྱམས་བརྩེ་ཅན་ལ་འབྲེལ་གཏུག་བྱས་ཏེ་མངའ་ཁོངས་ཀྱི་དཀའ་ངལ་ཡོད་པའི་སློབ་མར་སྤྱི་ཚོགས་ཀྱི་རོགས་དངུལ་བརྩོན་ལེན་བྱས། མཛད་སྒོའི་སྐབས་སུ་མིག་དམར་རྒྱ་མཚོ་དང་། ཁྲིན་ཧྲི་ཧེ་བཅས་སྤྱི་ཚོགས་སྟེང་གི་མི་བྱམས་བརྩེ་ཅན་གྱིས་སློབ་མར་བརྩེ་བས་བཅངས་ཏེ་སེར་སྣ་མེད་པར་ལེགས་སྐྱེས་ཕུལ། ཉིན་ཡོལ་སྡེ་བའི་དཀའ་ངལ་ཡོད་པའི་སློབ་ཆུང་སློབ་མ70ལ་སློབ་སྦྱོང་གི་ཡོ་བྱད70དང་། དཔེ་ཁུག70། ལག་ཕུར70བཅས་སྐྱེས་སུ་ཕུལ་ཏེ། དགུན་འཁྱག་འདིའི་ནང་བྱིས་པ་ཚོར་དྲོད་ཁོལ་སྐྱེལ་ཏེ་བརྩེ་སེམས་ཕུལ་བ་འདིས་འགན་འཁུར་ཕོད་པ་དང་། སྤྱི་ཚོགས་སྟེང་གི་ཉམ་ཆུང་ལ་སེམས་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་མངོན།  མཛད་སྒོ་མཇུག་བསྒྲིལ་རྗེས་བྱིས་པ་ཚོས་སྐུ་ཞབས་མིག་དམར་རྒྱ་མཚོ་དང་སྡེ་སྡོད་ལས་བྱེད་རུ་ཁག་ལ་བཀའ་དྲིན་ཞུས་ཤིང་། སློབ་སྦྱོང་ལ་འབད་པ་བྱས་ཏེ་རྒྱུད་ལ་ཡོན་ཏན་འབྱོར་དུ་འཇུག་པ་དང་། མི་བྱམས་བརྩེ་ ཅན་གྱི་ལེགས་སྐྱེས་ལ་དྲིན་གཟོ་དང་གཅེས་སྤྲས་བྱེད་ངེས་པའི་སེམས་འདུན་བརྗོད།

ཉིན་ཡོལ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཆོས་སྐྱིད་ཀྱིས་བཤད་རྒྱུར། ཉིན160ཡི་རིང་ལ་སྡེ་སྡོད་ཀྱི་བྱ་བ་སྒྲུབ་པའི་དུས་ཡུན་ནང་། ང་ཚོ་དང་ཉིན་ཡོལ་སྡེ་བའི་སྡེ་དམངས་བར་ལ་བརྩེ་བ་ཟབ་མོ་ཆགས་ཡོད། སྡེ་སྡོད་བྱ་བས་ང་ཚོར་ཐོབ་དཀའ་བའི་མི་ཚེའི་མྱོང་བ་ཞིག་སྦྱིན་སྟབས། རྩ་འཛུགས་ཀྱིས་ང་ཚོར་ཡིད་ཆེས་གནང་སྟེ་གཞི་རིམ་ནས་སྦྱོང་བརྡར་དང་སློབ་སྦྱོང་དུ་མངག་པར་བཀའ་དྲིན་ཞུ།  ཉིན་ཡོལ་སྡེ་བར་ཐོན་རྗེས། འགྲོ་འདུག་སྤྱོད་གསུམ་ཚང་མ་སྡེ་དམངས་དང་མཉམ་དུ་བྱས་སྟབས། ང་ཚོའི་སྡེ་སྡོད་ཀྱི་བྱ་བ་སྔར་ལས་དོན་ལྡན་དུ་བཏང་། དུས་རྒྱུན་སྡེ་སྡོད་རུ་ཁག་གི་ཁོངས་མི་རྣམས་ཁྱིམ་ཚང་རེ་རེར་འདྲི་རྩད་དུ་སོང་སྟེ། དངོས་ནས་མང་ཚོགས་ལ་རོགས་བྱས་ཏེ་དོན་དངོས་ཤིག་སྒྲུབ་བསམ་པ་དང་།  གྲོང་གསེབ་དར་སྤེལ་གྱི་བརྒྱུད་རིམ་ཁྲོད། རང་གི་ནུས་པ་འདོན་འདོད་པ་ཡིན། རྗེས་ཕྱོགས། ཉིན་ཡོལ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་བྱ་བ་སོ་སོ་མུ་མཐུད་དུ་སྤེལ་ཏེ། བསམ་བློ་ཞིབ་ཏུ་གཏོང་བ་དང་། རང་འགུལ་གྱིས་བྱ་བ་བསྒྲུབ་པ། ལས་དོན་འགྲུབ་པར་བརྩོན་ལེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རོགས་རམ་ངོ་མ་དང་རོགས་འདེགས་དངོས་བྱས་ཏེ།  གཞི་རིམ་བརྟན་སྲུང་དང་བདེན་འཛིན་དངོས་གཉེར་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།