མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་བྱས། 
2024.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོར་ཏན་ཏིག་སྒོས་སྐུལ་འདེད་གཏོང་བའི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་སྤེལ་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བྱས། 

མཚོ་ནུབ་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་རྟོག་དཔྱོད་ཞིབ་འཇུག་བྱེད་རྒྱུ་དེ་གནད་དོན་ཐག་གཅོད་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལྡན་པའི་བྱེད་ཐབས་སུ་བརྩིས་ཏེ། དེང་སྐབས་ཀྱི་བྱ་བའི་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་དང་། གྲོང་གསེབ་དར་སྤེལ་གྱི་ཚོད་ལྟ་སྡེ་བའི་ཕན་འབྲས་སོགས་ཀྱི་ཐད་རྟོག་དཔྱོད་ཞིབ་འཇུག་གི་བྱ་བའི་བྱེད་ཐབས་བཟོས་ནས་འགྲེམ་སྤེལ་བྱས་པ་དང་། མཚོ་ནུབ་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་ཏང་ཙུའུ་ཡི་འགོ་ཁྲིད་མི་སྣའི་ཁོངས་མིས་རང་འགུལ་གྱིས་རྟོག་དཔྱོད་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས་ཏེ།  གནད་དོན་ལ་དམིགས་ནས་འགན་འཁྲི་འཁུར་བ་དང་། སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་བསྐྱོད་དེ་རྟོག་ཞིབ་བྱས་པ་དང་། རྟོག་དཔྱོད་གྲུབ་འབྲས་དེ་དངོས་གནས་ཞན་ཆ་ཁ་གསབ་དང་། བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱེད་ཐབས་དང་ཆབ་སྲིད་བྱེད་ཐབས་བཅས་སུ་བསྒྱུར། 

མིག་སྔའི་བར་དུ། སྔ་རྗེས་སུ་རྟོག་དཔྱོད་ཐེངས་ལྔ་ལ་བྱས། རྟོག་དཔྱོད་ཞིབ་འཇུག་བྱེད་པ་བརྒྱུད་དེ། ཡུལ་དངོས་ནས་ལས་གཞི་བརྒྱ་དང་བཅུ་བདུན་ལ་ཞིབ་བཤེར་བྱས་པ་དང་། ས་ཁུལ་སོ་སོས་དུས་ལྟར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་འབྲེལ་མཐུད་མ་དངུལ་གྱི་འགྲོ་སྒོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བྱས་ཤིང་། ངལ་རྩོལ་གྱི་ནུས་པ་ཡོད་པའི་ཡུལ་གཞན་གནས་སྤར་གྱི་མི་གྲངས་བརྒྱད་བརྒྱ་དང་ཉེར་གཉིས་ལས་ཞུགས་བྱེད་པར་རོགས་རམ་བྱས་ཏེ། ས་ཁུལ་སོ་སོས་འོད་ཤུགས་ཀྱི་ཁེ་ཕན་མ་དངུལ་བརྒྱུད་དེ་འོས་འཚམ་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་པ་དང་། མང་ཚོགས་བཞི་བརྒྱ་དང་སོ་བཞི་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་སྐུལ་སློང་བྱས། ས་ཁུལ་སོ་སོས་དབུལ་སྐྱོར་ལས་གཞིའི་མ་དངུལ་གྱི་རྗེས་མཐུད་དོ་དམ་ལ“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ། ལས་གཞིའི་མ་དངུལ་གྱི་སྤྱིའི་གཞི་ཁྱོན་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་ལ་སླེབས་པ་དང་། དེ་ལས་གཞིའི་རྣམ་གྲངས་ཀྱི་རྒྱུ་ནོར་སྟོང་བཞི་དང་སུམ་བརྒྱ་བཅུ་བཞི་དང་འབྲེལ་བ་ཡོད་པ་རེད། ས་ཁུལ་སོ་སོས2021ལོ་ནས2022ལོའི་བར་གྱི་ཕན་འབྲས་ལྡན་པའི་འབྲེལ་མཐུད་ལས་གཞིའི་རྒྱུ་ནོར་རྩིས་སྤྲོད་དབང་ཆ་གཏན་འཁེལ་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་མཛུབ་སྟོན་བྱས་པ་དང་། མིག་སྔའི་བར་དུ། རྩིས་བཤེར་ལས་གཞིའི་རྒྱུ་ནོར་བརྒྱད་བརྒྱ་དང་རེ་བཞི་ཡོད་པ་དང་། དེ་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་ལྷག་ལ་འབྲེལ་བ་ཡོད། 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ནན་ཏན་གྱིས་སློབ་སྦྱོང་བྱེད་ཞོར་དང་ཞིབ་ལྟ་བྱེད་ཞོར་ལེགས་བཅོས་བྱེད་ཞོར་གྱི་བྱ་བའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱོད་པ་དང་། ཁུལ་རིམ་པས་དྲ་སྟེང་ནས་ཐད་ཀར་སྒྲུབ་པ་དང་། རྫོང་རིམ་པས་སྒེའུ་ཁུང་ལས་ཕྱོགས་བསྡུས་སྒོས་སྒྲུབ་པ། ཡུལ་ཚོ་དང་གྲོང་རྡལ་གྱིས་དྲ་གནས་ནས་གཅིག་བསྡུས་སྒོས་མཉམ་དུ་སྒྲུབ་པ། ཞིང་སྡེའི་རྟ་ཐོག་ཞབས་ཞུ་ཡིས་སྒོ་ཁ་ནས་བྱ་བ་སྒྲུབ་རོགས་བྱེད་པའི་རིམ་པ་བཞིའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ་དང་འཚོལ་ཞིབ་བྱས་ནས་སྨན་བཅོས་འགན་སྲུང་གི་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་། དེ་དང་ཆབས་ཅིག ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གི་ལས་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་ཇེ་མཐོར་བཏང་སྟེ། “སྦྱོང་བརྡར”འགྲན་སྡུར་བྱ་འགུལ་སྤེལ་བ་དང་། འགྲན་སྡུར་གྱིས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་གིས་བྱ་བར་སྐུལ་འདེད་གཏོང་བ། སྨན་བཅོས་འགན་སྲུང་གི་དྲ་སྟེང་བྱ་བའི་མ་ལག་གི་སྲིད་ཇུས་ཀྱི་གཞུང་ལུགས་ཆུ་ཚད་དང་སྨན་བཅོས་འགན་སྲུང་གི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ། སྨན་བཅོས་འགན་སྲུང་གི་དྲ་སྟེང་ནས་བྱ་བ་སྒྲུབ་པའི་སྤྱི་བའི་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་། 

མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གྱིས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་དམིགས་འབེན་དུ་བཟུང་སྟེ། མིག་སྔའི་བར། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁེར་རྐྱང་ནད་ཕོག་པའི་བྱིས་པ་ཉིས་བརྒྱ་དང་རེ་དགུར་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། དབང་བོ་སྐྱོན་ཅན་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུར་རམ་འདེགས་འཕྲུལ་ཆས་འོས་འཚམ་གྱིས་སྒྲིག་སྦྱོར་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། དབང་བོ་སྐྱོན་ཅན་ལྔ་བརྒྱ་དང་ཉི་ཤུར་གསོ་བཅོལ་ཞབས་ཞུ་འདོན་སྤྲོད་བྱས། ད་ལོ་ནས་བཟུང་། མཚོ་ནུབ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཚོགས་པས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ། སྐད་འཕྲོད་པ། ཡན་ལག བློ་རིག་སོགས་ཀྱི་ཆ་རྐྱེན་དང་འཚམ་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ཁེར་རྐྱང་ནད་ཕོག་པའི་བྱིས་པར་བདེ་ཐང་སྦྱོང་བརྡར་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། དབང་བོ་སྐྱོན་ཅན་ལ་འོས་འཚམ་གྱིས་རམ་འདེགས་འཕྲུལ་ཆས་དང་དངོས་བཀོལ་ལག་རྩལ་གསོ་སྦྱོང་བྱེད་རྒྱུ་རེད། 

མཚོ་ནུབ་ཁུལ་གྱི་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མྱུར་མོར་ཕན་འབྲས་ཐོན་པ་འབུར་དུ་ཐོན་པར་བྱེད་པ་དང་། རང་གི་ལས་གནས་ཀྱི་བྱ་བའི་དངོས་ཡོད་ལ་རྐང་བཙུགས་ཏེ། ཁ་བྱང་འདེམ་ནས་གཞི་རིམ་ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཁག་དང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི《མཚོ་ནུབ་ཁུལ་གྱི་སྤྱི་བའི་ལས་ཁུངས་ཀྱི་ནུས་ཁུངས་ཐོན་ཁུངས་འཛད་སྤྱོད་སྤྱི་སྡོམ་བྱ་བའི་རྟོག་ཞིབ》བྱ་བ་ཟབ་མོར་སྤེལ་བ་དང་། དེ་དང་ཆབས་ཅིག གཞི་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་རྙིང་བས་ལས་སྒོ་སྤེལ་བར་ཤན་ཤུགས་ཐེབས་པའི་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་ཡུལ་དངོས་ཚོགས་འདུ་བསྡུས་པ་དང་། བྱེད་ཐབས་བཙལ་བ་དང་ཐབས་ཤེས་ངོ་མ་བཏོན་ནས་རྗེས་འདེད་ཐག་གཅོད་བྱེད་དགོས། 

འཚམས་འདྲི་བྱེད་པ་དང་། རྟོག་ཞིབ་བྱེད་པ། ཞིབ་བཤེར་བྱེད་པ། མཁྲེགས་གཏོར་ཆེན་མོ་དང་ཐབས་འདོན་ཇུས་འབུལ་བྱེད་པ། གནད་དོན་བཙལ་བ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ལས་ཁུངས་ཀྱི་མཁོ་སྒྲུབ་ཞབས་ཞུའི་འགན་སྲུང་བསམ་འཆར་བསྡུ་ལེན་བྱས། ཁུལ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་གོ་གསུམ་རྩ་འཛུགས་བྱས་ནས“རྒྱལ་ཡོངས་ཀྱི་གྲོན་ཆུང་རང་བཞིན་གྱི་ལས་ཁུངས”གསར་འཛུགས་བྱས་པ་དང་། གསར་འཛུགས་ཀྱི་ཚད92.6%ལ་སླེབས་ཤིང་། གསར་འཛུགས་དམིགས་འབེན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱས། ཏང་ཡོན་ཡོངས་ཐེངས་གཉིས་ལ་རྩ་འཛུགས་བྱས་ནས་ཁ་གཏད་རོགས་སྐྱོར་ས་ཚིགས་ཀྱི་སྡེ་བར་སོང་ནས་ཁ་གཏད་རོགས་སྐྱོར་བྱས་པ་དང་། མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། རོགས་སྐྱོར་མང་ཚོགས་གཉིས་ཀྱི་རྣ་བའི་མཉན་ཆས་དང་ལས་ཞུགས་ལས་གནས་དགོས་མཁོ་ཐག་གཅོད་བྱས། “ལས་རྐང་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་པ”དང་“བསྐྱོད་པ་གསུམ་དང་ཞབས་ཞུ་གསུམ”གྱི་ཁས་ལེན་ལག་བསྟར་བྱེད་སྒོ་སྤེལ་ནས་ཁ་གཏད་རོགས་སྐྱོར་སྡེ་ཁུལ་གྱི་མང་ཚོགས་ཀྱི་སེམས་འདུན་ཆུང་ཆུང་དགུ་གཅིག་བསྡུ་བྱས། 

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།