ནོར་ལུག་ཤ་ཤེད་རྒྱས་པས་འབྲོག་དམངས་འཚོ་བ་སྐྱིད།
2024.01.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དགུན་གྱི་ཐེམ་ཆེན་རྩྭ་ཐང་ལྷིང་ཞིང་འཇགས་ལ་ཐེམ་ཆེན་རི་བོས་དགོང་ཁའི་མཚམས་སྤྲིན་གྱི་གོས་ལྭ་བཀླུབས་དུས།  ནོར་ལུག་རྣམས་ཁྱུ་དང་ཁྱུ་བྱས་ནས་རྒྱང་རིང་གི་རྩྭ་ཐང་ནས་ཕྱིར་ལྷས་འདབས་སུ་འཁོར་བཞིན་འདུག   སྣང་ཚུལ་དེ་མཐོང་བའི་མོད་ལ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོ་རྡོ་བཞི་སྡེ་བའི་འབྲོག་པ་གུ་རུ་རྒྱ་མཚོའི་གདོང་ལ་ཡོང་འཕར་གྱི་དགའ་སྤྲོའི་འཛུམ་གྱིས་ཁེངས་འདུག

དེ་རིང་ཡུལ་མི་རྣམས་ལ་གཏམ་བཟང་ཞིག་བཤད། ང་ཚོས་ལས་བཟོ་པའི་ཟ་ཁང་བཅུ་དགུ་དང་མངག་ཉོ་གན་རྒྱ་བཞག་ཡོད་པས། ད་ལོ་སྡེ་བའི་ནང་གི་ནོར་ལུག་གི་ཤ་བཙོང་ཚད་ཏུན་དྲུག་བཅུ་ལས་བརྒལ་རྒྱུའི་རེ་བ་ཡོད་ལ་ཕལ་ཆེར་ཡོང་སྒོ་སྒོར་མོ་ས་ཡ་གཉིས་དང་འབུམ་དྲུག་ལེན་ཐུབ་རྒྱུ་རེད་ཅེས་རྡོ་བཞི་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཝང་ཧའེ་ཧྲན་གྱིས་སྐམས་ལུག་ཤ་འཚོང་རོགས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་དགའ་སྤྲོའི་ངང་དེ་ལྟར་བཤད།

དེ་ལྟར་ཡིན་ན་ངོ་མ་བཟང་། ཧྲུའུ་ཅི་ལགས། ད་ལོ་ངེད་ཚང་གི་སྐམས་ལུག་གི་ཤའི་རིན་གོང་མཐོན་པོར་བཙོང་འདོད་ཡོད། ངོ་མ་བཟང་གི    ད་ལོ་རེ་སྨོན་འདི་མངོན་འགྱུར་བྱེད་ཐུབ་རྒྱུ་རེད་ཅེས་རྡོ་བཞི་སྡེ་བའི་འབྲོག་པ་རྡོ་རྗེ་ཡིས་དེ་ལྟར་བཤད།

བྲག་དམར་ཡུལ་ཚོ་རྡོ་བཞི་སྡེ་བའི་ཏང་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད།  རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་མགོ་མཇུག་བར་གསུམ་དུ་ཁྱབ་ཏུ་འཇུག་པ་དང་། མང་ཚོགས་ཀྱི་གནད་དོན་ཐག་གིས་གཅོད་པ་དེ་རྐང་འཛུགས་སར་བརྩི་བ། ནོར་ལུག་ཕྱིར་བཙོང་གི་ལམ་བུ་གསར་པ་ཧུར་བརྩོན་གྱིས་འཚོལ་སྙེག་བྱེད་པ། སྐམས་ལུག་གི་ཤ་འཚོང་རོགས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དུས་ཐོག་ཏུ་ཚོགས་པ། ནོར་ལུག་ཕྱིར་འཚོང་གི་བྱ་བ་དེ་སྲོལ་རྒྱུན་ཕྱུགས་ལས་གཉེར་སྟངས་མཐོར་འདེགས་བྱེད་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་བྱ་བ་གལ་ཆེན་དུ་བརྩི་བ། ཕྱོགས་ཡོངས་ནས་གནས་བབ་ལ་དབྱེ་ཞིབ་དང་ཕྱོགས་མང་པོར་ཤུགས་འདོན་པ། འཛད་སྤྱོད་རོགས་སྐྱོར་གྱི་བྱ་བའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ། རོང་འབྲོག་པའི་ཡོང་འཕར་གྱི་ཐབས་ལམ་བསྟུད་མར་རྒྱ་བསྐྱེད་པ། སྐམས་ལུག་གི་ཤ་ལས་བཟོ་པའི་ཟ་ཁང་དུ་སྡེབ་སྐྱེལ་བྱེད་པར་ཁག་ཐེག་བྱེད་པ་བཅས་བྱས་པས། མིག་སྔའི་བར་དུ་སྐམས་ལུག་གི་ཤ་མངག་ཉོ་བྱེད་པའི་ཚད་ཏུན་སུམ་བཅུ་ལས་བརྒལ་ཡོད་པ་དང་། དེ་ནི2022ལོར་མངག་ཉོ་བྱས་པའི་ཚད་གཞི་དང་དང་མཚུངས།

ང་རང་ཏང་ཡོན་གདོང་ལེན་རུ་ཁག་གི་ཁོངས་མི་ཡིན་པའི་ཆ་ནས། རོགས་ཆེན་པོ་བྱེད་མི་ཐུབ་ཀྱང་ཚང་མར་ང་རང་མཁོ་དུས་ང་རང་དེ་མ་ཐག་ཏུ་ཐོན་ངེས་ཡིན་ལ། ངས་ཉེ་མི་རྣམས་ཁྲིད་ཡོང་སྟེ་བཤས་རའི་ནང་དུ་ཤ་གཏུབ་ཐུམ་སྒྲིལ་གྱི་ལས་ཀ་ཁ་ཤས་ལས་ཆོག ནོར་ལུག་ཕྱིར་འཚོང་ཐད་ལས་བྱེད་པ་ཚོ་ཁོ་ནར་བརྟེན་ན་མི་ཆོག ང་ཚོ་ཚང་མའི་རམ་འདེགས་ཀྱང་མཁོ་ཞེས་རྡོ་བཞི་སྡེ་བའི་འབྲོག་མི་ཏང་ཡོན་འབྲུག་བྱམས་རྒྱལ་གྱིས་དེ་ལྟར་བཤད།

ཏང་ཡོན་ར་རེ་དར་ཆ་རེ་ཡིན་ལ། ཀྲི་པུའུ་རེ་རེ་བཙན་རྫོང་རེ་ཡིན། བྲག་དམར་ཡུལ་ཚོ་རྡོ་བཞི་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་མི་རྣམས་རྩ་འཛུགས་བྱས་ཏེ།  ཏང་ཡོན་གདོང་ལེན་རུ་ཁག་དང་ན་གཞོན་འཕྲལ་རྒོལ་རུ་ཁག་བཙུགས་ཤིང་ནོར་ལུག་བཤའ་བ་དང་སྦྱོར་བཟོའི་ལས་ཡུལ་དུ་སོང་སྟེ། སྐམས་ལུག་ཤ་སྐོར་དང་པོ་བདེ་འཇགས་དང་འཕྲོད་བསྟེན་སྒོས་ལས་བཟོ་པའི་ཇ་ཁང་སོ་སོར་སྐྱེལ་བར་འགན་སྲུང་བྱས།    རྡོ་བཞི་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐམས་ལུག་ཤ་གཏུབ་པ་དང་ཐུམ་སྒྲིལ་གྱི་བྱ་བ་ཉིན་མཚན་མེད་པར་ལས་ཏེ།   ལོ་ཧྲིལ་པོའི་ནོར་ལུག་ཕྱིར་འཚོང་དང་འཛད་སྤྱོད་རོགས་སྐྱོར་གྱི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ་ང་ཚོས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གིས་གཅོད་པ་དེ་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། སྐམས་ལུག་གི་ཤ་ཉོ་སྡུད་ཀྱི་སྤུས་ཚད་འགག་སྒོ་དམ་འཛིན་བྱས་པ་ཡིན། ཕྱིར་བཙོང་བའི་སྔོན་ཏག་ཏག་ཏུ་ཏང་ཡོན་ལས་བྱེད་པ་དང་ཞིང་ཕྱུགས་སྨན་ས་ཚིགས་ཀྱི་ལས་སྒྲུབ་པ་འབྲོག་པའི་ཁྱིམ་ཚང་དུ་མངགས་ནས། ནོར་ལུག་གསོ་སྤེལ་གྱི་གནས་ཚུལ་ལ་འདྲི་རྟོག་བྱེད་དུ་བཅུག་པ་དང་། ལག་རྩལ་ཁྲིད་ནས་སྐམས་ལུག་གི་ཤའི་སྤུས་ཚད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཕྱིར་འཚོང་གི་ཚད་གཞི་ཇེ་མཐོར་བཏང་བ་ཡིན་ཞེས་བྲག་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཏུང་ཝུན་པང་གིས་དེ་ལྟར་བཤད།

སྐམས་ལུག་གི་ཤའི་སྤུས་ཚད་མཐོར་འདེགས་བྱེད་ཆེད། རྡོ་བཞི་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཏང་ཡོན་གྱིས་ལྟེ་གནས་ཁྱིམ་ཚང་གི་ཕྱུག་འགྱུར་ལ་སྣེ་ཁྲིད་པ་དང་། ནོར་ལུག་གསོ་སྤེལ་ཁྱིམ་ཆེན་ལ་ཡུལ་དངོས་སུ་རྟོག་ཞིབ་འཚམས་འདྲི་བྱེད་པ། ནོར་ལུག་གི་ཤ་ཤེད་ལ་ཞིབ་བཤེར་བྱེད་པ། ནོར་ལུག་ཕྱིར་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། འབྲོག་པ་མང་ཚོགས་ལ་ཆེས་གསར་པའི་ནོར་ལུག་གསོ་སྤེལ་ལས་རིགས་ཀྱི་གནས་ཚུལ་དང་ཁྲོམ་རའི་རིན་གོང་སོགས་རིན་ཐང་ལྡན་པའི་གནས་ཚུལ་འདོན་སྤྲོད་བྱེད་པ། འབྲོག་པ་རྣམས་ལ་མིག་རྒྱང་རིང་པོའི་དཔལ་འབྱོར་རྩིས་ཐོ་དང་སྐྱེ་ཁམས་རྩིས་ཐོ་ཞིབ་རྩིས་བྱེད་རོགས་བྱེད་པ། གོ་སྐབས་དང་སྟེགས་བུ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ། འཁྱགས་མཛོད་ཀྱི་ཐོན་ཁུངས་བེད་སྤྱོད་པ། ཉོ་སྒྲུབ་དང་བཤའ་བ། སྦྱོར་བཟོ་ཐུམ་སྒྲིལ་གྱི་གོ་རིམ་རེ་རེ་དམ་འཛིན་བྱེད་པ། སྐམས་ལུག་ཤའི་སྤུས་ཚད་ཀྱི་གནད་འགག་དམ་འཛིན་བྱེད་པ། ལྗང་མདོག་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་སྦྲེལ་ཐག་ཕྱོགས་ཡོངས་ནས་བཏོད་པ་བཅས་ཀྱིས་བྲག་དམར་ཡུལ་ཚོའི་ཐོན་ལས་དར་སྤེལ་ལ་ནུས་པ་ཅི་ཡོད་བཏོན།

                                             རྩོམ་སྒྲིག་པ། གཡང་འབུམ་རྒྱལ།