སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར“དོན་དངོས”འབུར་དུ་ཐོན་པར་བྱེད་དགོས།
2024.01.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

མིག་སྔར། སྐོར་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གཙོ་གནད་དེ་རྫོང་རིམ་པ་རུ་སྤེལ་བཞིན་ཡོད་པ་དང་། ཕན་འབྲས་ཇི་འདྲ་ཡིན་པ་དེ་ཐད་ཀར་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་སྤུས་ཚད་ལ་འབྲེལ་བ་ཡོད། གནད་དོན་ཐག་གཅོད་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་ལས་ཕྱི་ཚུལ་རིང་ལུགས་མི་འཛིན་པ་ནི་རྫོང་རིམ་པ་དང་པོའི་བརྗོད་དོན་སློབ་གསོའི་བླང་བྱ་གསལ་བོ་ཡིན། བརྒྱུད་རིམ་ཧྲིལ་བོར“དོན་དངོས”འབུར་དུ་ཐོན་པར་བྱེད་དགོས་པ་དང་། ཡོད་ཚད་དངོས་ཡོད་ནས་མགོ་བརྩམས་པ་རྒྱུན་འཁྱོངས་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ཤུགས་ཆེན་པོས་གཞུང་ལུགས་སློབ་སྦྱོང་དམ་འཛིན་བྱེད་པའི་སྟེང་ཤུགས་སྣོན་དགོས་པ་དང་། ཤུགས་ཆེན་པོས་རྟོག་དཔྱོད་ཞིབ་འཇུག་སྟེང་བྱེད་ཐབས་དངོས་སྤྱོད་པ། ཤུགས་ཆེན་པོས་ཞིབ་བཤེར་ལེགས་སྒྲིག་སྟེང་ཕན་འབྲས་དངོས་འཚོལ་བ། ཤུགས་ཆེན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་དངོས་སྐྲུན་དགོས།

རྫོང་བཅོས་སྐྱོང་བྱས་ན། གནམ་འོག་བདེ་ལ་འགོད་ཐུབ། རྫོང་རིམ་པ་དང་པོ་ནི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་ཅིག་ཏུ་ཡོད་པ་དང་། དེ་ནི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་འགན་སྲུང་། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། རྫོང་རིམ་པ་དང་པོས་བརྗོད་དོན་སློབ་གསོ་སྤེལ་ནས་ཐག་གཅོད་དགོས་པའི་གནད་དོན་སྔར་ལས་བྱེ་བྲག་གི་སྒོ་ནས་ཐག་གཅོད་བྱེད་དགོས་ན། ངེས་པར་དུ“དོན་དངོས”བླང་བྱ་རྒྱུན་འཁྱོངས་མཐར་ཐུག་པ་བྱེད་དགོས་པ་དང་། བྱེ་བྲག་ཏུ་དོན་འཁྱོལ་བྱེད་དགོས།

གཞུང་ལུགས་སློབ་སྦྱོང་དང་རྟོག་དཔྱོད་ཞིབ་འཇུག་ཁྲོད“དོན་དངོས”འབུར་དུ་དོད་དེ་དམ་འཛིན་བྱེད་དགོས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་དེ་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཕྱོགས་པ་དང་། ཁོ་ཚོ་འཐབ་ཕྱོགས་དང་པོ་དང་སྔར་ལས་ཐག་ཉེ་བ་དང་། མང་ཚོགས་དང་སྔར་ལས་ཐག་ཉེ་ལ། བྱེ་བྲག་གི་གནད་དོན་དང་སྔར་ལས་ཐག་ཉེ་བ་དང་། རང་འགུལ་གྱིས་བསམ་བློར་དྲག་ཆས་སྤྲ་བ་དང་། ལག་ལེན་ལ་མཛུབ་སྟོན་བྱས་ན། ད་གཟོད་ཏང་གི་གསར་སྐྲུན་གཞུང་ལུགས“སྤྱིར་བཏང་གི་ཁྱིམ་ཚང་མང་པོར་སྐྱོད་ཐུབ་པ”རེད། རྫོང་ཏང་ཨུའི་འགོ་ཁྲིད་ཚན་ཆུང་ནི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་ལུགས་ཀྱི“འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ”ཡིན་པའི་ཆ་ནས། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་པ་དང་དོན་དངོས། སེམས་སུ་འཇགས་པར་སྐུལ་འདེད་གཏོང་དགོས་ན། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་གསར་སྐྲུན་གྱི་དངོས་ཡོད་ནུས་པར་བསྒྱུར་དགོས། རྟོག་དཔྱོད་ཞིབ་འཇུག་བྱེད་ན་དོན་དངོས་ཡིན་དགོས་པ་དང་། གཏིང་ཟབ་མོ་དང་། དོན་དངོས། ཞིབ་ཚགས། ཡང་དག་པ། ཕན་འབྲས་ཡོད་པའི་སྟེང་འབད་པ་བྱེད་དགོས་ཤིང་། སེམས་རྣལ་ལ་བབ་ནས་་དུས་དང་རྣམ་པ་ཀུན་ཏུ་རྟོག་དཔྱོད་དང་། བསྡད་དེ་རྟོག་དཔྱོད་བྱེད་པ། གཤགས་བཅོས་བྱེད་པ་ལྟ་བུའི་སྒོ་ནས་རྟོག་དཔྱོད་བྱེད་པ་བཅས་བྱས་ཏེ། དངོས་ཡོད་ཀྱི་གནས་ཚུལ་དང་།  ཉམས་མྱོང་ལེན་པ། ཕྱི་ཚུལ་ཙམ་མ་ཡིན་པར་འགུལ་སྐྱོད་ལ་བརྟེན་ནས་བར་ཐག་སེལ་བ་དང་། གོམ་པས་དམངས་ཀྱི་གནས་ཚུལ་ཚད་འཇལ་བྱས།

ལྟ་ཞིབ་ལེགས་སྒྲིག་གི་འབུར་ཐོན་གནད་དོན་ཁྲོད“དོན་དངོས”མངོན་པར་བྱེད་དགོས།

ལྟ་ཞིབ་ལེགས་སྒྲིག་གི་བརྒྱུད་རིམ་ཁྲོད། ཐོས་ན་དགའ་བའི་རྣམ་འགྱུར་དང་གྲི་ཁ་ནང་ལ་བསྐོར་བའི་དཔའ་སྤོབས་ཀྱིས་གནད་དོན་ལ་མི་གཡོལ་བ་དང་། མཁྲེགས་སར་གཏུགས་ཐུབ་པ། བརྩོན་ལེན་ལ་དངོས་ཡོད་ཀྱི་ཕན་འབྲས་ངོ་མ་ཐོབ། རྟོག་ཞིབ་བྱས་ཡོང་བའི་གནད་དོན་ལ“གཟེར་མ་རྡེབ་པ་ལྟ་བུའི་སྙིང་སྟོབས”ཀྱིས་རྒྱུན་འཁྱོངས་ལྷོད་མེད་སྒོས་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ཏེ། བརྟན་པོའི་སྒོ་ནས་དཀའ་གནད་སེལ་བ་དང་། གནད་ལ་འཁེལ་བའི་སྒོ་ནས་ལེགས་སྒྲིག་རྩིས་ཐོ་ལ་རྟགས་བརྒྱབ་སྟེ། སིལ་འཚོང་ཨང་གྲངས་བདའ་འདེད་བྱས་ནས་རེ་རེ་བཞིན་དངོས་འབེབ་བྱས་པ་དང་། ལེགས་སྒྲིག་བྱས་པ་མི་ལེགས་ན་ལས་ཀའི་མཇུག་མི་བསྡུ་བ་དང་། མང་ཚོགས་ཀྱིས་ཁས་ལེན་མ་ཐོབ་ན་ངལ་མི་གསོ་བ་ལྟ་བུ་རེད། ལྟ་ཞིབ་ལེགས་སྒྲིག་གིས་དངོས་ཡོད་དང་དམ་དུ་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་རྒྱང་རིང་དང་མ་འོངས་པར་འཆར་འགོད་བྱེད་བཞིན་ཡོད་ཅིང་། “མྱུར་དུ་ལེགས་སྒྲིག”དང་“ཡུན་རིང་ལེགས་སྒྲིག”བྱེད་པ་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་ལེགས་པོ་དང་ཉམས་མྱོང་བཟང་པོ་དེ་ལམ་ལུགས་ཀྱི་རྣམ་པས་བརྟན་འཇགས་སུ་བཏང་ནས་ཡང་དང་བསྐྱར་དུ་བྱུང་བའི་གནད་དོན་འཐུས་ཚང་དུ་གཏོང་བའི་རྐྱེན་སྲོལ་དང་སྒྲིག་ཡིག་འཛུགས་པ་དང་ལམ་ལུགས་བཟོ་བའི་བྱ་བ་ལེགས་པོར་སྒྲུབ་ཏེ། དོན་དག་བསྐྱར་དུ་འབྱུང་བ་སྔོན་འགོག་བྱེད་དགོས།

  དམངས་ཕན་གྱི་དོན་དག་ངོ་མ་བཟང་པོར་སྒྲུབ་པའི་ཁྲོད“དོན་དངོས”ལག་བསྟར་བྱེད་དགོས། “དོན་དངོས”ཞེས་པའི་ཡིག་འབྲུ་དེ་རྒྱུན་ལྡན་ལྟ་བུ་ཞིག་ཡིན་ཡང་། དེའི་ནང་དུ་དོན་ངོ་མར་དམངས་ཀྱི་བརྩེ་བ་ཟབ་མོ་འདུས་ཡོད་པ་རེད། གློག་སྒྲོན་གཅིག་གིས་མང་ན་ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་གསལ་བོར་འགྱུར་ཐུབ་པ་དང་། སྤྱོད་ཁང་གཅིག་གིས་མང་ན་མང་ཚོགས་ལ་སྟབས་བདེ་སྐྲུན་ཡོད་ཅིང་། སློབ་གྲྭ་གཅིག་གིས་མང་ན་རེ་བ་སྩོལ་ཐུབ་པ་རེད། དོན་དག་རེ་རེ་ཡིས་ལས་བྱེད་པས་བྱ་བ་སྒྲུབ་པ་དོན་དངོས་ཡིན་མིན་ལ་ཉམས་ཚོད་ལེན་བཞིན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱུ་ནོར་ཧམ་ཟ་མི་བྱེད་པ་དང་ཕྱི་རྒྱལ་ལ་ལད་མོ་མི་བྱེད་པ། རྨོངས་ཚོད་ཀྱིས་ལས་ཀ་མི་སྒྲུབ་པ། མཁས་ཉམས་བསྟན་ནས་གཞན་གྱིས་དགའ་བོ་བྱེད་དུ་འཇུག་པའི་བྱ་བ་མི་སྒྲུབ་པ། བྱེད་ཐབས་དངོས་དང་ཕན་འབྲས་དངོས་འཚོལ་ཞིབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱི་མཛེས་ནང་སྟོང་དང་། སྐབས་འཚོལ་གཡོ་ལེན། གྲངས་ཀ་རྫུན་བཟོ་མི་བྱེད་པ་དང་། རྨང་གཞི་བཏིངས་ནས་ཡུན་རིང་ལ་ཕན་པ་སྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ནས་མྱུར་མོར་བྱས་རྗེས་བཞག་ཏེ་མྱུར་མོར་ཕན་པ་ལེན་པ་དང་། རྫིང་བུ་སྐམ་པོའི་ནང་ཉ་འཛིན་པ། མི་ངལ་རྒྱུ་འཛད་བྱེད་མི་རུང་།  “རྣང་ཞིང་གྲུ་བཞིའི་བར”རྒྱུན་དུ་སྐྱོད་དེ། དུས་རྒྱུན “ཁྱིམ་དོན་ཙག་ཙིག”ལ་ཉན་པ་དང་།      “ཟན་སྣུམ་བུད་ཤིང་”གིས་འདང་མིན་མང་པོར་དྲིས་ཚེ།  ད་གཟོད་དོན་ངོ་མས་གནས་ཚུལ་ངོ་མ་རྟོགས་ཐུབ་པ་དང་། དམངས་ཀྱི་འདོད་བློ་གསལ་བོར་ཞིབ་འཇུག་བྱེད་ཐུབ་ལ། དངོས་སུ་དོན་དངོས་སྒྲུབ་པ་དང་ཡང་ན “སེམས་སུ་འཇགས་པར”བྱེད་ཐུབ་ཅིང་། དོན་ངོ་མའི་སྟེང་དཔོན་གནས་ཁུར་རྗེས་དམངས་ལ་བདེ་སྐྱིད་སྐྲུན་དགོས།

  སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བརྒྱུད་རིམ་ཧྲིལ་བོར‘དོན་དངོས’ཞེས་པའི་ཡིག་འབྲུ་འབུར་དུ་ཐོན་པར”བྱས་ནས་ངེས་པར་དུ་རྒྱུ་སྤུས་གཙོ་བོར་བཟུང་སྟེ་འཚོལ་སྙེག་བྱེད་པ་དང་། ནུས་པ་ཞིག་གི་ཚད་ལ་བཞག་སྟེ་ཁོང་དུ་ཆུད་པར་བྱེད་དགོས་ལ། འགན་འཁྲི་ཞིག་ཏུ་སེམས་ནས་འགན་འཁུར་དགོས་ཤིང་། དངོས་ཐོག་བདེན་འཚོལ་དང་། དམ་འཛིན་དངོས་སྒྲུབ་བྱེད་པ་དང་། འབད་བརྩོན་གྱིས་མི་དམངས་ལ་དངོས་ཡོད་གྲུབ་འབྲས་གསར་སྐྲུན་བྱེད་དགོས། ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་དམ་འཛིན་དངོས་སྒྲུབ་ཀྱི་བྱ་བའི་བྱེད་ཐབས། ཕུལ་བྱུང་གི་བྱ་བའི་སྤྱོད་ཚུལ་བཅས་ཀྱིས་མུ་མཐུད་དུ་བརྗོད་དོན་སློབ་གསོ་གཏིང་ཟབ་མོར་སྤེལ་བ་དང་དོན་ངོ་མར་སྤེལ་བ། ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས།                                                                                                  

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།