མགོ་ལོག་ཁུལ་གྱིས་རྒྱུན་འཁྱོངས་གསུམ་ལ་བརྟེན་ནས་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།
2024.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་དང་ཐབས་ལམ་གསར་གཏོད་བྱེད་པ་རྒྱུན་འཁྱོངས་དང་། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་སུ་བརྟག་དཔྱད་ཞིབ་འཇུག་གི་བྱ་བ་སྤེལ་བར་སྣེ་ཁྲིད་བྱས་ནས།   གཏིང་ཟབ་དང་། གནད་འཁེལ། ཞིབ་ཚགས།   ཕན་འབྲས་ཐོན་ཐབས་བཅས་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་སྟོན་དང་། བྱ་བར་སྐུལ་འདེད་གཏོང་བའི་བསམ་བཀོད་དང་སྲིད་ཇུས་བྱེད་ཐབས་སུ་བསྒྱུར་ནས།  གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པར་བྱས།

ལངས་གནས“མཐོ་བ”རྒྱུན་འཁྱོངས་དང་།  དམིགས་འབེན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི་གཏན་འབེབས་བྱས། ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་རང་བཞིན་གྱི་གནད་དོན་དང་། ཡུན་རིང་འཕེལ་རྒྱས་ཀྱི་གནད་དོན། དཀའ་གནད་ཆེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ནས།  ཚན་རིག་མཐུན་པའི་དངོས་སྒྲུབ་དང་། གཙོ་གནད་དམ་འཛིན།  འོས་འཚམ་སྔོན་བརྒལ་བཅས་བྱས་ཏེ། མགོ་ལོག་གི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་མཚོན་པར་བྱས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གསལ་བོར་བཏོན་པའི་ཕྱོགས12དང་ཁུལ་ཏང་ཨུས་གཏན་འཁེལ་བྱས་པའི་ཕྱོགས་བཅུ་བཞིའི་ཐད་ཀྱི་བརྟག་ཞིབ་ནང་དོན་ལ་དམ་པོར་དམིགས་ཏེ།  《ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་བརྟག་དཔྱད་ཞིབ་འཇུག་ཇུས་གཞི》གཏན་འབེབས་དང་། “ཇུས་གཞི་གཅིག་བཟོ་བ་དང་། ཞིབ་འཇུག་བྱ་གཞི་རབ་དང་རིམ་པར་དམིགས་པ།  གྲོས་གཞི་སྐོར་ཞིག་འདོན་པ།   སྙན་ཞུ་གཅིག་འབྲི་བ། ལམ་ལུགས་ཆ་ཚང་བཟོ་བ”བཅས་ཀྱི་བརྟག་ཞིབ་རྐྱེན་སྲོལ་བཙུགས་ནས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།   མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་པ།  གནོད་འགོག་གནོད་སེལ་དང་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་འགན་ལེན་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བརྟག་ཞིབ་བྱ་གཞི9བཀོད་སྒྲིག་ཞིབ་ཚགས་བྱས།   ཁུལ་ཏང་ཨུས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་བརྟག་དཔྱད་ཞིབ་འཇུག་གི་བྱ་བའི་བཀོད་སྒྲིག་དང་བྱེད་ཐབས་གོ་རིམ་ལ་དམིགས་ནས། ཏང་ཙུའུ་ཡིས་སྤྱི་འགན་འཁུར་བ་དང་། ཚན་ཁག་གི་ཁོངས་མིས་བརྟག་དཔྱད་ཞིབ་འཇུག་བྱེད་པ།  འགན་འཁྲིའི་སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ།   ཇུས་འདོན་ཞབས་ཞུ་བྱེད་པ་བཅས་ཀྱི“བརྟག་ཞིབ་ཆེན་པོའི”འགན་འཁྲིའི་མ་ལག་དང་རྩིས་ཁྲ་དོ་དམ། གསལ་ཐོ་ཕྱོགས་བསྡོམས། འགུལ་རྣམ་བཀོད་གཏོང་བཅས་ཀྱི་རྣམ་པ་གྲུབ་པར་བྱས། བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཐེངས་མང་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་ནས་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་ཅི་ཐུབ་བྱས།

བརྟག་དཔྱད་ཞིབ་འཇུག་ཏན་ཏིག་ཡོང་བ་རྒྱུན་འཁྱོངས་དང་། གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། ཡུལ་དངོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་།  གནད་དོན་འཚོལ་སྙེག་དང་གནད་དོན་ལེགས་བཅོས། གྲུབ་འབྲས་སྐྲུན་པ་བཅས་ཀྱི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཏོན། གཞི་རིམ་དུ་སྐྱོད་པ་བཞི་ཡི་སྲོལ་རྒྱུན་བཟང་པོ་ཤུགས་ཆེན་པོས་དར་སྤེལ་དང་།   མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་ལག་བསྟར། བརྟག་ཞིབ་བྱེད་ཐབས་དྲུག་ཡག་པོར་སྤྱོད་པ། ཏང་འཛུགས་སྐྲུན་དམ་འཛིན་བཅས་བྱས་ཏེ།   བཅར་འདྲི་ཆེན་པོ་དང་། བརྟག་ཞིབ་ཆེན་པོ། རྩད་ཞིབ་ཆེན་པོ། འགག་སྒྲོལ་ཆེན་པོ་བཅས་ཀྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ། བསམ་འཆར་ཡིག་སྒམ་དང་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་སྟེང་བསམ་འཆར་འདོན་པ་སོགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས། གླེང་ཕྱོགས་ཀྱི་ལྟ་སྐུལ་དེ་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་པ་དང་།   མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱས།

བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ།  གནད་དོན་ལ་ཐད་ཀར་ཕྱོགས་པ་དང་། བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་བའི་འགག་རྩའི་གནད་དོན་དང་དཀའ་གནད་སོགས་ལ་ཞིབ་བཤེར་ཆེན་པོ་བྱས་ཏེ། གནད་དོན་རེ་རེ་བཞིན་དབྱེ་ཞིབ་དང་། ཞིབ་འཇུག  གྲོས་བསྡུར། ཐག་གཅོད་བཅས་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས། མིག་སྔའི་བར་གནད་དོན35ཤེས་རྟོགས་བྱུང་བ་དང་།  ཡུལ་དངོས་ནས་གནད་དོན6ཐག་གཅོད་བྱས་པ།  གནད་དོན30འཆར་གཞིའི་ནང་བཅུག་པ། ཐག་གཅོད་བྱེད་ཐབས34བཟོས་ཡོད།

ཕན་འབྲས་མངོན་གསལ་ཐོན་པ་རྒྱུན་འཁྱོངས་དང་། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་ལ་དོ་སྣང་བྱས་ཏེ། བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་། བརྟག་དཔྱད་ཞིབ་འཇུག་གི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་བྱ་བ་ལེགས་བཅོས་བྱེད་པའི་བྱེད་ཐབས་དངོས་སུ་བསྒྱུར་བ་དང་།  བརྟག་དཔྱད་དང་ཞིབ་འཇུག  གཞན་སྒྱུར་བཅས་ཏན་ཏིག་གིས་སྒྲུབ།    བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་པའི་གསལ་ཐོ་བཟོས་ཏེ།   འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས། གྲུབ་འབྲས་གཞན་སྒྱུར། ལེགས་འགྲུབ་དུས་ཡུན། གཞོགས་འདེགས་སྡེ་ཁག་བཅས་རེ་རེ་བཞིན་བཀོད་སྒྲིག་བྱས། བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་དང་ལེགས་འགྲུབ་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ཏེ། བྱེད་ཐབས་ཡག་པོ་དང་གྲོས་གཞི་ཡག་པོ་ལེགས་སྒྲིག་བྱས་ནས་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་བ་དང་། ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གདམ་གསེས་བྱས་ནས་ལམ་ལུགས་དང་རྐྱེན་སྲོལ་དུ་འགྱུར་བར་བྱས།  མིག་སྔའི་བར་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས17དང་ལམ་ལུགས་སྣ་ཚོགས9བཏོན་པ་དང་། བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་བྱས་ཚད93.33%ལ་སླེབས་ཡོད། དེ་དང་ཆབས་ཅིག་ཏང་ཙུའུ་ཡི་ཁོངས་མིས་འགན་འཁྲི་འཁུར་བ་དང་གནད་དོན་ལ་དམིགས་ནས།  དུས་རྒྱུན་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྤུས་ཚད་མཐོ་ལ་ཕན་ནུས་ལྡན་པའི་ངང་ཞིང་ཆེན་དང་ཁུལ་གྱི་དམངས་ཚིས་དོན་དངོས་བཟོ་འགོད་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གྱི་གྱོད་གཞི་སྒྲུབ་པར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་པ་དང་།  སློབ་གསོ་དང་། སྨན་བཅོས། རྒན་གསོ། བཅོལ་གསོ། སྡོད་ཁང་། ལས་ཞུགས་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།