མགོ་ལོག་ཁུལ་གྱིས་བརྗོད་དོན་སློབ་གསོའི་ཁྲོད་རོང་འབྲོག་ཁུལ་གྱི་ཏང་ཡོན་སློབ་གསོའི་ལས་དོན་ལ་མུ་མཐུད་དུ་ཤུགས་བསྣན།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 མགོ་ལོག་ཁུལ་གྱིས་བརྗོད་དོན་སློབ་གསོའི་ཁྲོད་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་དམ་པོར་དམིགས་ཏེ།  ཏང་ཡོན་སློབ་གསོ་ཆ་འཕྲིན་ཅན་དང་མ་ལག་ཅན། དོ་དམ་ཞིབ་ཚགས་ཅན་དང་གསར་གཏོད་ཅན་བཅས་འབུར་དུ་ཐོན་པར་བྱས་ནས། དུས་རབས་གསར་པའི་ཏང་ཡོན་སློབ་གསོའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་།  བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དད་སེམས་ཀྱི་བླ་སྲོག་དང་དར་རྒྱས་གོང་འཕེལ་གྱི་ནུས་པ་བརྟན་པོ་ཞིག་བསྐྲུན་པར་མ་ཟད།   རོང་འབྲོག་ཁུལ་གྱི་ཏང་ཡོན་སློབ་གསོའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན།

ལྟེ་བའི་ལས་འགན་ལ་དམིགས་ཏེ།  “རྨང་གཞིའི་འཛུགས་སྐྲུན”གྱི་ལས་དོན་ཏན་ཏིག་གིས་བསྒྲུབས་ནས་ཏང་ཡོན་སློབ་གསོ་སྔར་ལས་གནད་འཁེལ་ཡོང་བར་བྱས། མགོ་ལོག་ཁུལ་གྱིས་ལྟེ་བའི་ལས་དོན་ལ་དམིགས་པ་དང་། གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། གསོ་སྦྱོང་ཐོན་ཁུངས་སྤྱི་འདོམས་བྱེད་པ། རིམ་པ་དང་རིགས་དབྱེ་ནས་དམིགས་སའི་རང་བཞིན་ལྡན་པ་བཅས་ཀྱི་སྒོ་ནས་སློབ་གསོ་གསོ་སྦྱོང་བྱས།

གསོ་སྦྱོང་གི་ནང་དོན་མ་ལག་འཐུས་ཚང་དུ་བཏང་།  གཞི་རྩའི་ལས་འགན་ལ་དམིགས་ནས་བརྒྱུད་རིམ་རང་བཞིན་གྱི་སློབ་གསོའི་གསོ་སྦྱོང་བྱས་ཏེ། ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་དང་། ཆབ་སྲིད་ཀྱི་སློབ་གསོ། ཆབ་སྲིད་ཀྱི་སྦྱོང་བརྡར། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ། ཏང་གི་དམིགས་ཡུལ་གྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ། གནས་བབ་དང་སྲིད་ཇུས་ཀྱི་སློབ་གསོ། ཤེས་བྱའི་རྩལ་ནུས་སོགས་ཕྱོགས་བདུན་ཐད་ཀྱི་ཏང་ཡོན་སློབ་གསོའི་གཞི་རྩའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གསོ་སྦྱོང་གི་ནང་དོན་ལ་དུས་རབས་རང་བཞིན་དང་བརྒྱུད་རིམ་རང་བཞིན་ལྡན་པར་བྱས།

གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་།  མགོ་ལོག་ཁུལ་གྱིས་གནས་ཚུལ་དངོས་ལ་གཞི་ཚུགས་ནས《མགོ་ལོག་ཁུལ་གྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད》སོགས་མ་ལག་ཚང་བའི་ལམ་ལུགས་དང་རྐྱེན་སྲོལ་བཏོན་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལམ་ལུགས་འཛུགས་པ། སློབ་གསོ་གསོ་སྦྱོང་ལམ་ལུགས་ཇེ་ལེགས་སུ་གཏོང་བ། ཐོན་ཁུངས་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལམ་ལུགས་ལ་ཤུགས་སྣོན་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཏེ། གོང་འོག་སྦྲེལ་མཐུད་དང་འཐུས་ཚང་དུ་གཏོང་བའི་ལམ་ལུགས་ཀྱི་སྒྲོམ་གཞི་ཞིག་ཆགས་པར་བྱས་ཤིང་།   འབྲོག་ཁུལ་གྱི་ཏང་ཡོན་སློབ་གསོའི་ལས་དོན་དེ་གཅིག་གོ་གཉིས་ཆོད་དང་།  གོ་རིམ་ལྡན་པའི་སྒོ་ནས་གཅིག་སྡུད་རེས་སྐོར་སྦྱོང་བརྡར་བྱས།   “ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་གཏོང་ལས་གཞི”དང“ཏང་ཡོན་ཏང་གི་སློབ་གྲྭར་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱེད་པའི་ལས་གཞི”། “ རོང་འབྲོག་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང”བཅས་ལས་གཞི་ཆེན་པོ་གསུམ་དམ་འཛིན་བྱ་གཞིར་བརྩིས་ཏེ།   ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་དབྱེ་ནས་སྔོན་ཐོན་དཔེ་མཚོན་ལ་རིགས་དབྱེ་དང་ཆོག་མཆན་སྤྲོད་པ་སོགས་ཀྱི་བྱེདཐབས་སྤྱད་དེ། ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་ཐེངས200སྒྲུབ་ནས་མི་ཐེངས5319ལ་རེས་སྐོར་གསོ་སྦྱོང་བྱས་པ་དང་། ཏང་ཡོན་གྱི་གསོ་སྦྱོང་ཐེངས574སྒྲུབ་ནས་མི་ཐེངས་ཁྲི་གསུམ་དང་སྟོང་གཅིག་ལ་རེས་སྐོར་གསོ་སྦྱོང་བྱས་ཤིང་།  ཁུལ་རིམ་པའི་གཙོ་གནད་གསོ་སྦྱོང་དང་། རྫོང་རིམ་པའི་ཡོངས་ཁྱབ་གསོ་སྦྱོང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཡོངས་ཁྱབ་གསོ་སྦྱོང་བཅས་བྱས་པ་བརྒྱུད། ཏང་ཡོན་གྱི་རེས་སྐོར་གསོ་སྦྱོང་ཁྱོན་ཡོངས་ལ་ཁེབས་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

གཞི་རྟེན་གསར་སྐྲུན་ལ་དམིགས་ནས“གསོ་སྦྱོང་རྣམ་པའི”ལས་དོན་ཏན་ཏིག་གིས་བསྒྲུབས་ཏེ་ཏང་ཡོན་གྱི་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་བཏང་།   ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་སློབ་ཚན་མ་ལག་བཙུགས་ནས་མགོ་ལོག་གི་ཁྱད་ཆོས་ལྡན་པའི་སློབ་གསོའི་དཔེ་མཚོན་དང་ས་གནས་ཀྱི་སློབ་ཁྲིད་ས་ཚིགས་གསར་སྤེལ་དང་། སློབ་ཁྲིད་བྱེད་སྟངས་གསར་གཏོད།  སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས།

རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་དམ་འཛིན་ཏན་ཏིག་བྱས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་།   དམངས་གཙོའི་དཔྱད་གླེང་། རྩ་འཛུགས་འཚོ་བའི་ཚོགས་འདུ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་དང་། གཟའ་ལྷག་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་། གཟའ་པ་སངས་ཀྱི་ལས་སྒོ་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱུན་གཏན་སློབ་སྦྱོང་དང་མཉམ་འདྲེས་ཐུབ་པར་བྱས་ནས་རིམ་རྩིས་བྱས་ན་སློབ་སྦྱོང་སྣ་ཚོགས་ཐེངས་ཁྲི་བཞི་དང་སྟོང་བདུན་ལྷག་བྱས་པ་དང་མི་ཐེངས་ཁྲི་དྲུག་དང་སྟོང་གཉིས་ཞུགས་ནས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཏང་གཤིས་སྦྱོང་བརྡར་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བར་ཁྲིད་སྟོན་བྱས།

སྒྲོག་འགྲེལ་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོ་གཞི་གཅིག་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་ལས་དོན་སྤེལ་ཏེ།    བརྙན་རིས་དང་དྲ་ལམ་སོགས་བརྒྱུད་ནས་སློབ་གསོ་སྤེལ་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་སློབ་ཚན་ཐེངས1500ལྷག་སྤེལ་ཞིང་།   ཡུལ་ཚོ་དང་གྲོང་རྡལ44ཡིས“སྐོར་སྐྱོད་ཏང་གི་སློབ་གྲྭ” སོགས་ཀྱི་བྱ་འགུལ་སྤེལ་བ་དང་། བཞུགས་མོལ་ཚོགས་འདུ་ཐེངས2460ལྷག་འཚོགས་པ།  སྒྲོག་འགྲེལ་ཚོགས་ཆེན་ཐེངས3670འཚོགས་པ།  དྲིལ་སྒྲོག་ཡིག་རིགས་ཁྲི་གསུམ་སྟོང་གཉིས་ལྷག་འགྲེལ་སྤེལ་བྱས།

སློབ་སྦྱོང་དང་སློབ་གསོའི་ཡིད་འགུག་ནུས་པ་ཆེ་རུ་བཏང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམིགས་པ་དང“རྐྱེན་སྲོལ་འགན་ལེན”ལས་དོན་ཏན་ཏིག་གིས་བསྒྲུབས་ནས།  ཏང་ཡོན་ལ་སློབ་གསོ་གཏོང་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་།  ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་་གཏོང་བ་དང་འབྲེལ་ཡོད་སྡེ་ཁག་གི་སྟོབས་ཤུགས་ཧྲིལ་བསྡུས་བྱས་ནས།  ཏང་ཨུ་ཡིས་མཐོང་ཆེན་དང་། སྡེ་ཁག་ཕན་ཚུན་གཞོགས་འདེགས།   ཇུས་ཤུགས་མཉམ་འདོན་བཅས་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས།

འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས།  རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་དེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་དང་འགན་འཁྲི་སྒྲུབ་ཚུལ་གསལ་ཞུ་དང་། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ། ས་ཁུལ་དང་སྡེ་ཁག་གི་སྲིད་དོན་བྱས་འབྲས་དཔྱད་ཞིབ་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། རྫོང་ཏང་ཨུ་ཡིས་ལོ་རེར་ཆེད་དོན་སྙན་ཞུར་ཉན་པ་དང་ཏང་ཡོན་གྱི་སློབ་གསོའི་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས།  དེ་དང་ཆབས་ཅིག་ཕུལ་བྱུང་དགེ་རྒན31སྔོག་འདོན་བྱས་ཏེ་ཏང་ཡོན་སློབ་གསོའི་དགེ་རྒན་མཛོད་དུ་བཅུག་ནས། ཁུལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་དགེ་རྒན་གྱི་སྤུས་ཚད་ཇེ་མཐོར་བཏང་།

དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་།  རྩ་འཛུགས་སྡེ་ཁག་གིས་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་མཉམ་དུ་དུས་ཚིགས་རེར་ངོ་འཕྲད་ཚོགས་འདུ་ཐེངས་རེ་འཚོགས་པ་དང་། ལོ་ཕྱེད་རེར་བྱ་བའི་སྙན་ཞུའི་ཚོགས་འདུ་ཐེངས་རེ་འཚོག་པ། ལོ་རེར་བྱ་བའི་སྤྱི་སྡོམ་ཚོགས་འདུ་ཐེངས་རེ་འཚོག་པ་བཅས་བྱས་ནས། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས།  དུས་བཅད་ལྟར་ཏང་ཨུ་སོ་སོ་དང་། ཏང་ཀྲི་པུའུ་སོ་སོས་ཏང་ཡོན་གསོ་སྦྱོང་བྱེད་ཚུལ་ལ་ལྟ་སྐུལ་དང་མཛུབ་སྟོན་བྱས་པས། རིམ་པ་བགོས་ནས་འགན་འཁུར་བ་དང་། མཉམ་དུ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།  ཏང་ཡོན་གྱི་སློབ་གསོ་དང་གསོ་སྦྱོང་ཁྲོད་རྩ་འཛུགས་སྡེ་ཁག་གིས་ཁྲིད་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་བཏང་སྟེ། སློབ་གསོ་དང་གསོ་སྦྱོང་བྱ་བ་ཕྱི་ཚུལ་ཅན་དང་། གོ་རིམ་ཅན། ཐ་ཤལ་ཅན་བཅས་སུ་འགྱུར་བར་སྔོན་འགོག་བྱས་པ་དང་། ཏང་ཡོན་གསོ་སྦྱོང་སྐབས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ལོ་རེར་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭའི་གསོ་སྦྱོང་ནང་ཞུགས་མྱོང་བའི་ཏང་ཡོན་ཚང་མ་ཁུལ་རིམ་པའི་གཙོ་གནད་གསོ་སྦྱོང་འཛིན་གྲྭའི་ནང་བཀོད་སྒྲིག་མི་བྱེད་པ་དང་། ཕྱོགས་མང་གསོ་སྦྱོང་དང་། ཡང་ཡང་གསོ་སྦྱོང་། ཡུན་རིང་གསོ་སྦྱོང་མི་བྱེད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་སྔོན་འགོག་བྱས་པ་རེད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།