
2023ལོར། ཅང་སུའུ་ཞིང་ཆེན་གྱིས“ཅང་སུའུ་ཡིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་གྱི་དགོས་མཁོ་བསྐངས”ཞེས་པར་དམིགས་ཏེ། རྒྱལ་ཁབ་ཀྱིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ཤིང་། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ལོ་འཁོར་གྱི་ཤར་ནུབ་མཉམ་ལས་གྲོས་མཐུན་ཁྲོད་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ་དང་ཕན་འབྲས་མངོན་གསལ་ཡིན་པ་རེད། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་ལ་རམ་འདེགས་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཅང་སུའུ་ཡི་སྟོབས་ཤུགས་ཕུལ།
2023ལོའི་ཟླ4ཚེས14ཉིན་ནས་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཅང་སུའུ་ཞིང་ཆེན་དུ་རྟོག་ཞིབ་བྱེད་པར་སོང་ནས། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་བར《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་རོགས་སྐྱོར་མཉམ་ལས་སྔར་ལས་ཟབ་མོ་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན》བཀོད་པ་དང་། ཐོན་ལས་དང་སློབ་གསོ། སྨན་བཅོས། འཇོན་མི་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་གཏན་འཁེལ་གསལ་བོ་བྱས།
2023ལོའི་ཟླ5པར། ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས《2023ལོའི་ལོ་འཁོར་གྱི་ཤར་ནུབ་རྒྱུད་མཉམ་ལས་གྲོས་མཐུན》བཀོད་དེ། ལོ་ཧྲིལ་བོར་ཤར་ནུབ་མཉམ་ལས་ཀྱི་ལས་འགན་སྣ་ཚོགས་གཏན་འཁེལ་གསལ་བོ་བྱས། ཞིང་ཆེན་གཉིས་ཀྱི་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ཀྱིས་ཕན་ཚུན་བར་འབྲེལ་འདྲིས་དང་འཚམས་འདྲི་བརྗེ་རེས་བྱས་ཏེ། ཁྱབ་ཁོངས་སྣ་ཚོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། དུས་ཐོག་ཏུ་ལོ་འཁོར་གྱི་མཉམ་ལས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་བཏང་བ་མ་ཟད། 《2023ལོའི་ཅང་སུའུ་ཞིང་ཆེན་གྱི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཀྱི་བྱ་བའི་གཙོ་གནད》པར་འགྲེམས་བྱས་ནས། “ལས་གཞི་གལ་ཆེན་བཅུ”ལ་སྐུལ་འདེད་ཧུར་ཐག་བྱས།
ཅང་སུའུ་ཡི་རྫོང23དང་མཚོ་སྔོན་གྱི་རྫོང24ཡིས་ཆ་སྒྲིག་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཤིང་། ཕྱོགས་གཉིས་ཀྱི་ཏང་ཨུའམ་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་ལོ་འཁོར་གྱི་རྟོག་ཞིབ་དང་འཚམས་འདྲི་བྱ་བ་ཡོངས་འགྲུབ་བྱས།
2023ལོའི་ཟླ12པའི་ཟླ་མཇུག་ཏུ། མཚོ་སྔོན་གྱི་ཡུལ་ཚོ་དང་གྲོང་རྡལ61དང་། སློབ་གྲྭ124། སྨན་ཁང63གྱིས་ཅང་སུའུ་ཀྱི་ཡུལ་ཚོ་དང་གྲོང་རྡལ58དང་། སློབ་གྲྭ137། སྨན་ཁང69ཡི་བར་ཆ་སྒྲིག་འབྲེལ་བ་བཙུགས་པ་དང་། ཅང་སུའུ་ཡི་གྲོང་ཚོ68དང་། ཁེ་ལས38། སྤྱི་ཚོགས་ཀྱི་ཚོགས་པ28གྱིས་མཚོ་སྔོན་གྱི་སྡེ་བ90ལ་ཆ་སྒྲིག་མཉམ་བསྐྲུན་གྱི་འབྲེལ་བ་བཙུགས་ཏེ། ཕན་ཚུན་བར་གྱི་འཇོན་མི་བརྗེ་རེས་དང་སློབ་སྦྱོང་ལ་མངགས་པ་དང་། མ་དངུལ་འདོན་སྤྲོད་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་པ་སོགས་བྱས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བས། རོགས་རེས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། “ཅང་སུའུ་དང་མཚོ་སྔོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི” མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་ཕྱིན།
ཅང་སུའུ་ཞིང་ཆེན་གྱི་རོགས་སྐྱོར་མཉམ་ལས་མགོ་ཁྲིད་ཚན་ཆུང་གིས《ཆ་སྒྲིག་རོགས་སྐྱོར་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་བྱ་ཡུལ་རྫོང་གཙོ་བོར་རོགས་སྐྱོར་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་མ་ཟད། ལོ་འཁོར་གྱི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བཀོད་སྒྲིག་བྱས་ནས། རྫོང་གཙོ་བོ་དག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། རྫོང་དུ་འབྱོར་བའི་མ་དངུལ་གྱི60%ཙམ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བཀོལ། ཁྲང་ཀྲིག་གྲོང་ཁྱེར་དང་ནན་ཐུང་གྲོང་ཁྱེར་དུ་སོ་སོར་མཚོ་སྔོན་གྱི་མཐོ་འབྲིང་འཛིན་གྲྭ་གཅིག་བཙུགས་ཏེ། རྫོང་གཙོ་བོ15ལ་ཁ་ཕྱོགས་ནས་སློབ་མ་བསྡུས་ཤིང་། སྐོར་ཐེངས་དང་པོའི་སློབ་མ100བདེ་བླག་ངང་སློབ་གྲྭར་ཞུགས་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བྱས་སློབ་མ་མང་ཤོས་རོང་འབྲོག་ཁུལ་ནས་ཡོང་བ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་ལས་བྱེད་མི་སྣ2དང་། དགེ་རྒན12། སྨན་པ10། ཞིང་ལས་ལག་རྩལ་པ6བཅས་མངགས་ཏེ་བཅའ་སྡོད་རོགས་སྐྱོར་བྱས་པ་དང་། “ཅང་སུའུ་དང་མཚོ་སྔོན་གྱི་ཆེད་མཁས་པ་མཚོ་སྔོན་དུ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ནས་སྐོར་ཐེངས20ཡི་ཆེད་མཁས་པ་མི་ཐེངས300ལྷག“ཚོགས་ཆུང”བགོས་ནས་གཙོ་གནད་རྫོང་དུ་ཞབས་ཞུར་བསྐྱོད། མུ་མཐུད་དུ་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གྱི་བདེ་འགོད་ཁུལ་ལ་ཁ་ཕྱོགས་ཏེ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱེད་སའི་བདེ་འགོད་ཁུལ་དུ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་བཏང་ནས་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་ལས་གཞི43ལག་བསྟར་བྱས།
ཅང་སུའུ་ཡི་ཁེ་ལས100ལྷག་སྒྲིག་འཛུགས་བྱས་ཏེ། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”དང“སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ”ལ་ཞུགས་ཤིང་། མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་ལས་བརྒལ་བའི་མཉམ་ལས་གྲོས་མཐུན་བཀོད།
ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཐད་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཏང་སྟེ། ཐོན་ལས་ཀྱི་ལས་གཞི136ལག་བསྟར་བྱས་ཤིང་། གཙོ་བོ་སྐྱེ་ལྡན་ལྷད་མེད་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དཀྱིལ་སྙིང་དུ་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་། དགའ་བདེ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་རྫོང་དང་ཁྲི་འདུ་རྫོང་། འབྲི་སྟོད་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་སོགས་སུ“ནོར་ནག་སྟོང”“བོད་ལུག་སྟོང”ཞེས་པའི་ཚད་གཞི་ཅན་གྱི་གསོ་སྤེལ་རྟེན་གཞི་བསྐྲུན། ཅང་སུའུ་ཞིང་ལས་ཚན་ཞིབ་གླིང་ལ་འབྲེལ་གཏུག་བྱས་ཏེ། ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བརྗེ་སྒྱུར་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་ནོར་ནག་དང་བོད་ལུག སྐེ་ཚེ། སྔོ་ཚལ། སྨན་རྩྭ། སྒོ་ང་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་བཏོད་དེ་ཚད་གཞི་རིམ་སྤར་བྱས།
སྐྱེ་ལྡན་ལྷད་མེད་གཟེངས་སུ་བཏོད་དེ་མཚ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཤིང་། ལོ་ཧྲིལ་བོར་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཐད་མ་དངུལ་བྱེ་བ7དང་ས་ཡ7བཏང་བ་དང་། མཛོད་ཁང་དང་། ཐོན་སྐྱེད་ཁང་པ་གསར་འཛུགས། བྱ་དགའ་དང་ཁ་གསབ་ལམ་ལུགས་སོགས་ཀྱི་ལས་གཞི་གཉེར་སྟངས་བརྒྱུད་དེ། མཚོ་སྔོན་གྱི་འཐེན་ཐུག་དང་། སྐམས་ལུག་གི་ཤ་སོགས་ཁྱད་ལྡན་ཐོན་རྫས་སྐོར་ཞིག་བཏོད། ཁེ་ལས་གཙོ་བོའི་འཕེལ་རྒྱས་དང་ཐོན་སྐྱེད། རྒྱུ་སྤུས་ཇེ་ལེགས། ཟོག་འདྲེན་མ་རྩ་གཅོག་པ། བྲིན་ཚོང་ཁ་སྣོན་བཅས་ལ་རྒྱབ་སྐྱོར་བྱས་ཏེ། རོང་འབྲོག་མང་ཚོགས་སྔར་ལས་མང་པོའི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས།
ཅང་སུའུ་ཡི་འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་བྱས་ཏེ“དཔྱིད་རླུང་འགུལ་སྐྱོད” དང“སྦྲང་ཆར་འཆར་འགོད”སོགས་དྲ་ཐོག་དང་དྲ་ཕྱི་གཉིས་ནས་ལས་བསྡུ་བྱེད་སྒོ་སྤེལ་ཞིང་། ལས་གནས་ཁྲི་གཅིག་ལྷག་མཁོ་འདོན་བྱས། ཡན་ཁྲིན་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར། ཁྲི་འདུ་རྫོང་། རྫ་སྟོད་རྫོང་བཅས་བར་གྱི་ངལ་ལས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། ཆ་འཕྲིན་འབྲེལ་རེས་དང་ལས་བསྡུ་མཉམ་འབྲེལ། མཉམ་དུ་དོ་དམ་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་སྒྲུབ་རྐྱེན་སྲོལ་བཙུགས་པ་དང་། སྔ་གཞུག་ཏུ་མི120ལྷག་ཅང་སུའུ་རུ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས། མི་བཀོལ་ལས་ཁུངས་དང་ཞིང་གྲོང་གི་ངལ་རྩོལ་བའི་དགོས་མཁོར་བསྟུན་ནས་ངལ་ལས་ཟབ་སྦྱོང་འཛིན་གྲྭ་སྐབས34སྒྲུབ་པ་དང་། ངལ་རྩོལ་བ་མི་ཐེངས2094ལ་གསོ་སྦྱོང་བྱས། 2023ལོའི་ཟླ12བའི་ཟླ་མཇུག་བར་དུ། ངལ་རྩོལ་པ5143ལས་ཞུགས་ཐུབ་པར་རོགས་སྐྱོར་བྱས།
“འཇོན་མི་ཁྲི་སྟོང་མང་པོ་གསོ་སྐྱོང་བྱེད་པའི་འཆར་གཞི”ལག་བསྟར་བྱས་ནས་ཡུལ་ཚོ་དང་སྡེ་བའི་འཇོན་མི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་ཐེངས136གཉེར་བ་དང་། མཚོ་སྔོན་ལ་འཇོན་མི་མི་ཐེངས17395གསོ་སྐྱོང་བྱེད་རོགས་བྱས། ཅང་སུའུ་ནས་ཁྱོན་བསྡོམས་ལས་བྱེད་པ 27 དང་། ཆེད་ལས་ལག་རྩལ་པ 217 མཚོ་སྔོན་དུ་མངག་པ་དང་། མཚོ་སྔོན་གྱི་ལས་བྱེད་པ 40 དང་ཆེད་ལས་ལག་རྩལ་པ 184 ཅང་སུའུ་རུ་ མངགས། ཞིང་ཆེན་གཉིས་ཀྱི་སློབ་གསོ་ཐིན་གྱིས་སློབ་གསོའི་ཕྱོགས་སུ་མཉམ་ལས་ཟབ་མོ་བྱེད་པའི་གྲོས་མཐུན་བཀོད། ཅང་སུའུ་ཡིས་ནན་ཅིན་སློབ་ཆེན་དང་ནན་ཅིན་བཟོ་ལས་ལག་རྩལ་སློབ་ཆེན་ནས་རྐང་འཛིན་པ 2 མཚོ་སྔོན་གྱི་རང་བྱུང་ཚན་རིག་ལག་རྩལ་སློབ་ཆེན་དང་། མཚོ་སྔོན་གྱི་ལས་རིགས་ལག་རྩལ་སློབ་ཆེན་ལ་མངགས་ཏེ། མཚོ་སྔོན་གྱི་སྐྱེ་དངོས་བཟོ་སྐྲུན་སློབ་ཆེན་འཛུགས་སྐྲུན་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་སྒྲིག་འཛུགས་བྱེད་པར་རོགས་སྐྱོར་བྱས། ཅང་སུའུ་ཡི་སློབ་ཆེན་ཁ་ཤས་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་གྱི་དངོས་གཞིའི་ཚན་ཁག་དང་། མཐོ་རིམ་ལས་གནས། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་དང་ཆ་སྒྲིག་མཉམ་འཛུགས་མཉམ་སྐྲུན་བྱས། ཅང་སུའུ་ཡི་མཐོ་རིམ་སློབ་ཆེན 12 སྒྲིག་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་སློབ་མ 329 བསྡུ་ལེན་བྱས། སློབ་གྲྭ་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་སུ་སློབ་སྐྱོར་དགེ་རྒན་མངགས་ཏེ། གཅིག་གིས་གཅིག་ཁྲིད་པ་དང་། གཅིག་གིས་མང་པོ་ཁྲིད་པ། ཚོགས་པ་སྒྲིག་འཛུགས་སོགས་ཀྱི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཅང་སུའུ་ཡི་སྨན་ཁང་གིས་བྱེད་ཐབས་ལེགས་པོ་སྤྱད་དེ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་པ་དང་། སྔ་རྗེས་སུ་མཚོ་སྔོན་གྱི་བྱིས་པ 161 ཅང་སུའུ་རུ་རིན་མེད་སྨན་བཅོས་བྱེད་དུ་བཅུག “འོད་མཐོང་འགུལ་སྐྱོད”མུ་མཐུད་དུ་སྤེལ་ནས། ལིང་ཏོག་ནད་པ 90 ལ་རིན་མེད་ངང་སྨན་བཅོས་བྱས་ཤིང་། སྔ་ཕྱིར་རིམ་རྩིས་བྱས་ན་མཚོ་སྔོན་གྱི་ནད་པ 167 དྲག་སྐྱེད་བྱུང་། ཅང་སུའུ་ཡི་ཁྲག་འདོན་ལས་ཁུངས14 དང་མཚོ་སྔོན་གྱི་ཁྲག་འདོན་ལས་ཁུངས 10 ཡིས་ཆ་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཁྲག་འདོན་འགན་སྲུང་ནུས་པ་ཇེ་མཐོར་གཏོང་བར་རོགས་སྐྱོར་བྱས་པ་དང་། གཙོ་གནད་རྫོང་དུ་འབྱོར་བའི་མ་དངུལ་གྱི 10% “ཚོགས་པའི་རྣམ་པའི”རོགས་སྐྱོར་སྨན་ཁང་དང་སློབ་གྲྭའི་ཐད་བཀོལ། མིག་སྔར་ཅང་སུའུ་ཡིས་ཁྱོན་བསྡོམས་ཆེད་ལས་ལག་རྩལ་འཇོན་མི 221སྒྲིག་འཛུགས་བྱས་ནས“ཚོགས་པའི་རྣམ་པས”སློབ་གྲྭ21དང་། སྨན་ཁང 20 དང་ཞིང་ལས་སྡེ་ཁག 13བཅས་ལ་རོགས་སྐྱོར་བྱས།
མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་དང་རིག་གནས་གནས་སྐོར་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། “ཅང་སུའུ་རྒྱང་སྒྲོག་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་གནས་སྐོར”ཞེས་པའི་བྱ་འགུལ་སྤེལ་བ་དང་། གློག་བརྙན་འཕྲིན་རྩ་འཛུགས་བྱས་ཏེ། མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་ཆེན་པོ 12 ཐད་གཏོང་བྱས་པ་དང་། ཅང་སུའུ་ཡི་རྒྱང་སྒྲོག་བརྙན་ལམ་བརྒྱུད་དེ་མི་སྔར་ལས་མང་པོར་འོས་སྦྱོར་བྱས། ཅང་སུའུ་ཡི་ལྟ་མཁན 1600 ལྷག་སྒྲིག་འཛུགས་བྱས་ནས་མཚོ་སྔོན་དུ་ཡུལ་སྐོར་བྱས་པ་དང་། འཛད་སྤྱོད་བྱེད་ཚད་སྒོར་ཁྲི་སྟོང་ལ་ཉེ་བར་སྐུལ་ཁྲིད་བྱས་ནས། ཅང་སུའུ་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་རིགས་དང་སྤེལ་རེས་ཀྱི་སྤུས་རྟགས་གསར་པར་གྱུར། “རབ་མཛེས་མཚོ་སྔོན། ནན་ཅིན་དང་ཟི་ལིང་གི་རིག་གནས་ཡུལ་སྐོར་གཟའ་འཁོར”དང་། “ཞི་ཧྲན་དང་བ་ཡན་གྱི་རིག་གནས་སྒྱུ་རྩལ་དུས་ཆེན། ”“གུང་ཧོ་ཡི་མཐོ་སྒང་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་དང་། ཡུལ་སྐོར། ཚོང་འགུག་འོས་སྦྱོར་ཚོགས་འདུ”སོགས་རིམ་པ་བཞིན་སྤེལ་ཏེ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་བར་རོགས་སྐྱོར་བྱས་པ་དང་། མཚོ་སྔོན་གྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་གསར་པ་འདོན་སྤྲོད་བྱས། ཅང་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱི་རིག་གནས་བརྗེ་རེས་གཏིང་ཟབ་ལ་སྐུལ་འདེད་གཏོང་ཆེད། ཅང་སུའུ་ཞིང་ཆེན་གྱི་འཁྲབ་སྟོན་ཚོགས་པའི་མཉམ་དཀྲོལ་རོལ་མོའི་ཚོགས་པ 2023 ལོའི“མཚོ་སྔོན་པོའི”རོལ་མོའི་དུས་ཆེན་སྟེང་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་་རོགས་སྐྱོར་རོལ་མོའི་འཁྲབ་སྟོན་མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་གཉིས་ནས་སྐོར་སྐྱོད་འཁྲབ་སྟོན་བྱས་པར་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། མཚོ་ལྷོ་ཁུལ་གྱིས་མི་རིགས་རོལ་མོའི་ཟློས་གར《ཁྱེད་དང་འཕྲད་པ་ང་ཡི་ལས་དབང་ཡིན》ཞེས་པ་ནན་ཅིན་དང་། ཞུས་ཀྲིག ཁྲང་ཀྲིག། ནན་ཐུང་། དབྱིན་ཁྲིན། དབྱང་ཀྲིག་སོགས་ཀྱི་ཆུས་དང་གྲོང་ཁྱེར་དྲུག་ཏུ་སྐོར་ཞིབ་འཁྲབ་སྟོན་བྱས། ཡུས་ཧྲུའུ་ཁུལ་གྱིས་བོད་རིགས་བྱིས་པའི་སྒྲ་མཉམ་ལེན་ཚོགས་པ་སྒྲིག་འཛུགས་བྱས་ནས་ནན་ཐུང་དུ“བྱིས་སྐད་ལྷིང་ལྷིང་གིས་མེས་རྒྱལ་ལ་དྲིན་བཟོ”ཞེས་པའི་ས་གནས་གཉིས་ཀྱི་བྱིས་པའི་མཉམ་ལེན་བརྗེ་རེས་བྱེད་སྒོ་སྤེལ། “ལག་གདང་གཅིག་ལ་སྦྲེལ། ལྷན་ཅིག་མཛེས་སྡུག་ངོམ”ཞེས་པའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱེད་པའི་སྤུས་རྟགས་བསྟུད་མར་གཏོད་པ་དང་། ཞིང་ཆེན་གཉིས་ཀྱི་གཞོན་ནུ་ལོ་ཆུང 300 ལྷག་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ཞིབ་འཇུག དབྱར་སྒར་སོགས་ཀྱི་བྱེད་སྒོ་སྤེལ། ཕྱོགས་གཉིས་ཀས་ཆ་སྒྲིག་མཉམ་འཛུགས་དང་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ་སྔ་ཕྱིར་མཚོ་སྔོན་ལ་ཞལ་འདེབས་ཕུལ་བ་དང་། མ་དངུལ་གྱི་རོགས་སྐྱོར་སོགས་རོགས་སྐྱོར་སྣ་ཚོགས་བྱས་ལ། རོགས་སྐྱོར་མ་དངུལ་དང་དངོས་ཟོག་དངུལ་ལ་ཕབ་ན་བསྡོམས་པས་སྒོར་བྱེ་བ་བདུན་ལྷག་ཟིན་ཞིང་། ལོ་མང་པོའི་རིང་གི་རོགས་སྐྱོར་ལས་ཆེས་མང་བ་ཡིན་པས། ཅང་སུའུ་ཡི་སྤྱི་ཚོགས་ལས་རིགས་ཁག་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་རྣམ་པ་གསར་པ་ཞིག་ཆགས་ཡོད།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།