ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་སྔར་ལས་རྒྱུན་མཐུད་དང་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས།
2024.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

 མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་ཚུལ་གླེང་བ།

རླབས་ཆེ་བའི་རྒྱང་སྐྱོད་འཐབ་ལམ་ལ་སྣེ་ཁྲིད་ཀྱི་སྟོབས་ཤུགས་མཁོ་ལ། རླབས་ཆེ་བའི་བྱ་གཞག་སྐྲུན་པར་ཏང་གི་འགྱུར་མེད་མགོ་ཁྲིད་མཁོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ནན་གྱིས་བསྟན་དོན། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་སྔར་ལས་རྒྱུན་མཐུད་དང་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་པར་མ་ཟད། མགོ་ཁྲིད་ལས་བྱེད་པ6གི་གྱོད་དོན་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་རྒོལ་བའི་འཐབ་འཛིང་གི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། ལངས་ཕྱོགས་གསལ་བའི་མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་འཛུགས་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་ལ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།  ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལྟར། ནམ་ཡང་བསམ་བློའི་སྟེང་གི་བབ་བརླིང་རིག་གསལ་དང་འགུལ་སྐྱོད་སྟེང་གི་ཞུམ་མེད་མདུན་སྐྱོད་མཁན་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ། ཕྱོགས་ཡོངས་གཟབ་ནན་གྱི་ཆབ་སྲིད་རང་རྟོགས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་འཛིང་ལ་ནམ་ཡང་ལྷོད་པ་མེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བསམ་བློ་གཅིག་གྱུར་ཡོང་བ་ནི་ཆབ་སྲིད་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར་ཡོང་བའི་རྨང་གཞི་ཡིན། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་སྔར་ལས་རྒྱུན་མཐུད་དང་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་ན། ཆབ་སྲིད་དང་འགུལ་སྐྱོད་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པའི་སྟེང་དོན་འཁྱོལ་བྱེད་པ་དང་།“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པའི་དངོས་ཡོད་འགུལ་སྐྱོད་སྟེང་དོན་འཁྱོལ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཞིབ་མོ་བླངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་གསར་སྐྲུན་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྙེད་པ་དང་ཁ་ཕྱོགས་གསལ་བ། བྱེད་ཐབས་སློབ་པ། བློ་གྲོས་འཕེལ་བ་བཅས་བྱེད་དགོས་ལ། ཆབ་སྲིད་ཇེ་དྲག་ཏུ་འགྲོ་བ་དང་རིག་ལམ་ཇེ་གསལ་དུ་འགྲོ་བ། བྱ་བ་དངོས་འབེབས་ཡོང་བ། སྒྲིག་ལམ་ནན་མོ་ཡིན་པ། ཀུན་སྤྱོད་ཇེ་ལེགས་སུ་འགྲོ་བ་བཅས་ལ་དངོས་གནས་སྐུལ་འདེད་གཏོང་བ་དང་། གཙོ་གནད་བྱ་བ་སྣ་ཚོགས་དངོས་གནས་ཇུས་འགོད་ལེགས་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྟུད་མར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་ལ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད། ཞིང་ཆེན་ཏང་ཨུས་བརྩོན་པ་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་མེད་པ་དང་ཤུགས་ཚད་ཇེ་ཞན་དུ་མི་འགྲོ་བ། ཚད་གཞི་ལ་ལྷོད་པ་མེད་པར་ངེས་པར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། གཟབ་ནན་མཐའ་འཁྱོལ་བྱེད་དགོས། ང་ཚོས་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་གྱིས་འགལ་བའི་གནད་དོན་གྱིས་གྱོད་དོན་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་སྤྱོད་ཚུལ་ངན་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། “དྲི་བ་དྲུག”གིས་རང་ཉིད་ལ་དྲན་སྐུལ་བྱེད་པ་དང་། བྱ་བ་གང་ཞིག་བསྒྲུབ་རུང་བ་དང་གང་ཞིག་བསྒྲུབ་མི་རུང་བ་ཤེས་པར་བྱེད་དགོས། “སྤྱོད་ཚུལ་བཞི”ཡི་གནད་དོན་ལ་དམིགས་ནས། རྩ་ལག་མཉམ་བཅོས་དང་རྒྱུད་ཁོངས་བཅོས་སྐྱོང་བྱེད་དགོས། “གཏན་འགོག་བཅུ”ཡི་སྒྲིག་ཁྲིམས་བླང་བྱ་དངོས་འབེབས་གཟབ་ནན་བྱེད་པ་དང་།“སྤྱོད་ཚུལ་དང་རུལ་སུངས”གཉིས་མཉམ་དུ་ཞིབ་གཅོད་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་གྱི་འགོག་རགས་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས།

རུལ་སུངས་ལ་རྒོལ་བའི་འཐབ་འཛིང་ལ་ངེས་པར་ནམ་ཡང་གདོང་མཆོང་དུང་བརྡ་གཏོང་དགོས། ང་ཚོས་རུལ་སུངས་ཀྱི་གནས་བབ་ཛ་དྲག་ལ་རྒྱུན་མཐུད་ནས་ཆད་པ་གཅོད་པ་དང་། “ཡོད་པ་བདུན”གྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་པ། སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པ་དེ་མཁྲེགས་གཏོར་དམག་འཐབ་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ། མགོ་ཁུངས་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྐོག་ངན་ལེན་པ་དང་ལྐོག་ངན་སྤྲོད་པ་གཉིས་མཉམ་དུ་རྩད་གཅོད་པ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་གནད་དོན་གྱི་འབྱུང་ཁུངས་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། “གནད་འགག་ཉུང་ཤས”ཀྱི་གཙོ་གནད་ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ཏེ། མི་མངོན་པའི་ཉེན་ཁ་མུ་མཐུད་དུ་གཙང་སེལ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་ངན་པར་རྩེ་གཅིག་ཏུ་དམིགས་ཏེ། རུལ་སུངས་ལ་རྒོལ་བའི་འཐབ་འཛིང་གཞི་རིམ་དུ་བསྲིངས་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་སྲིད་གཙང་རིག་གནས་འཛུགས་སྐྲུན་བྱེད་པར་བསྟུད་མར་ཤུགས་བསྣན་ཏེ། སྲིད་གཙང་ལ་གོང་བཀུར་དང་རུལ་སུངས་ལ་འགོག་རྒོལ་བྱེད་པའི་ལུགས་སྲོལ་ལེགས་པོ་བསྐྲུན་དགོས།

ཡང་དག་པའི་མི་བཀོལ་ཁྲིད་ཕྱོགས་ནི་ལས་བྱེད་པ་འཚར་ལོངས་དང་ཡར་སྐྱེད་འབྱུང་བར་ཁྲིད་སྟོན་བྱེད་པའི་ཕྱོགས་སྟོན་འཁོར་ལོ་ཡིན་པར་མ་ཟད། ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་བྱེད་པར་སྣེ་ཁྲིད་པའི་བཀོད་འདོམས་དབྱུག་པའང་ཡིན། དུས་རབས་གསར་པའི་ལས་བྱེད་པ་བཟང་པོ་ཡི་ཚད་གཞི་ལྟར། བཅོས་བསྒྱུར་འཕེལ་རྒྱས་ཀྱི་མདུན་གྲལ་དང་བྲེལ་དཀའ་ཉེན་ལྕིའི་ལས་ཡུལ་དང་པོ། གཙོ་གནད་དང་དཀའ་ཁག་ཆེ་བའི་ལས་རྐང་བཅས་ནི་མི་འདེམ་མི་བཀོལ་གྱི་གཡུལ་ས་གཙོ་བོར་བྱས་ཏེ། བསྒྲུབ་འདོད་པ་དང་བསྒྲུབ་ཕོད་པ་དང་བསྒྲུབ་ཤེས་པའི་ལས་བྱེད་པ་བདམས་ནས་དངོས་གནས་བཀོལ་སྤྱོད་བྱེད་དགོས། གཞི་རིམ་གྱི་གདེང་འཇོག་འབུར་དུ་ཐོན་པར་བྱས་ཏེ། མི་འདེམ་མི་བཀོལ་གྱི་སྤྱི་རྟོན་ཚད་ཇེ་མཐོར་གཏོང་དགོས། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་འཛུགས་པ་དང་། གཙང་མ་གཙང་རྐྱང་གི་བློ་མཐུན་འབྲེལ་བ་དང་གུས་གུས་ཞུམ་ཞུམ་གྱི་གོང་འོག་འབྲེལ་བ། འབྲེལ་གཙང་གཅིག་མཐུན་གྱི་རྣམ་པ་གསར་པའི་སྲིད་ཚོང་འབྲེལ་བ་ཆགས་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་སྔར་ལས་གཙང་མ་གཙང་རྐྱང་ཡོང་བར་བྱེད་དགོས།

ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་ཡིན་ལ། ཀྲི་པུའུ་རེ་རེ་ནི་བཙན་རྫོང་རེ་རེ་ཡིན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་དགོས། ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། ཀྲི་པུའུ་བཟང་པོ་གཅིག་བཙུགས་ན་ཧྲུའུ་ཅི་བཟང་པོ་གཅིག་དང་སྣེ་ཁྲིད་པ་བཟང་པོ་ཞིག་སྐྱེད་སྲིང་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན། གཞི་རྩ་སྲ་མོ་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དངོས་འབེབས་ལེགས་པོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་སྐྱེད་འབྱུང་བར་སྐུལ་འདེད་གཏོང་དགོས། གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཡིན་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། འཐུས་སྒོ་ཚང་བ་དང་ཇེ་དྲག་ཏུ་གཏོང་བའི་སྟེང་ནུས་ཤུགས་འདོན་པ་དང་། ཏང་གི་ཆབ་སྲིད་སྣེ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་བསྟུད་མར་ཇེ་དྲག་ཏུ་བཏང་ནས།  ང་ཚོའི་ཏང་ལ་ནམ་ཡང་གསོན་ཤུགས་ཆེན་པོ་དང་འཐབ་འཛིང་ནུས་པ་དྲག་པོ་ཡོད་པར་ཁག་ཐེག་བྱེད་དགོས།།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།