སྔ་མོ་ནས་དམ་འཛིན་དང་དོན་འཁྱོལ་འཆར་འགོད་བྱས་ཏེ་ད་ལོའི་སྲིད་གཞུང་གི་བྱ་བ་སོ་སོ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
2024.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ཝུའུ་ཞའོ་ཅུན་གྱིས་སྔ་མོ་ནས་དམ་འཛིན་དང་དོན་འཁྱོལ་འཆར་འགོད་བྱས་ཏེ་ད་ལོའི་སྲིད་གཞུང་གི་བྱ་བ་སོ་སོ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཟླ1པོའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི“ཚོགས་ཆེན་གཉིས”མཇུག་སྒྲིལ་རྗེས། ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། “ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཐད་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། བསམ་བློ་གཅིག་གྱུར་དང་ཕུགས་འདུན་གཅིག་གྱུར། བྱེད་སྟངས་གཅིག་གྱུར་བྱས་ནས། “ལས་བྱེད་པའི་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ལྟར། སྔ་མོ་ནས་དམ་འཛིན་དང་སྔ་མོ་ནས་འཆར་འགོད་བྱས་ཏེ། ད་ལོའི་སྲིད་གཞུང་གི་བྱ་བ་སོ་སོ་དུས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་དམངས་ཆེན་འཐུས་མིས་ཚོགས་ཆེན་གྱི་སྟེང《སྲིད་གཞུང་བྱ་བའི་སྙན་ཞུར》གྲོས་ཞིབ་དང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། དེ་ནི་ང་ཚོས“བཀའ་བརྡ”དང“ལས་འགན་ཡི་གེ”བཞག་པ་ཡིན་ལ། གནད་འགག་ནི་སྣེ་ཁྲིད་དེ་དོན་འཁྱོལ་དང་། བཤད་པ་ནས་སྒྲུབ་པ། སྒྲུབ་ན་ལས་སྒྲུབ་ཡག་པོ་དང་། རེ་རེ་བཞིན་ང་ཚོའི་ཁས་ལེན་མངོན་འགྱུར་ཡོང་བར་བྱེད་པ། རེ་རེ་བཞིན་མང་ཚོགས་ཀྱི་རེ་སྒུག་བྱེད་པར་ལན་སློག་དགོས། ངེས་པར་དུ་དོན་འཁྱོལ་དམ་འཛིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལོ་རྒྱུས་དང་གཞུང་ལུགས། ལག་ལེན་བཅས་ལ་གོ་བ་ཟབ་མོ་བླངས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གི་འཐབ་ཇུས་དང་དོན་དངོས་དགོས་མཁོར་གོ་བ་ཟབ་མོ་བླངས་ནས། ད་ལོའི་དམིགས་འབེན་ལས་འགན་གྱི་དགོས་མཁོ་དང་། གལ་ཆེན་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལེགས་འགྲུབ་ཡོང་བར་གོ་བ་ཟབ་མོ་ལེན་དགོས། རང་འགུལ་ངང་ཆབ་སྲིད་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་སྤྱི་ཡོངས་གནད་དོན། ལས་སྒྲུབ་དང་། ཅི་ཞིག་ཡིན་པ་དང་ཅི་ཞིག་སྒྲུབ་པ། ཇི་ལྟར་སྒྲུབ་དགོས་པ་བློ་ངོར་ཡོད་པར་བྱས་ནས། གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་སྒྲུབ་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལག་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་མཁན་བཅས་བྱེད་དགོས། ངེས་པར་དུ་གཟབ་ནན་གྱི་འདུ་ཤེས་དང་། སྔོན་བསྐྱོད་འདུ་ཤེས། ཉེན་ཚབ་ཀྱི་འདུ་ཤེས་བཅས་མཐོར་འདེགས་སུ་བཏང་སྟེ། “དེ་རིང་ཇི་ལྟར་འགོར་རུང་སྔ་ཡོད་པ་དང་། སང་ཉིན་ཇི་ལྟར་སྔ་རུང་འཕྱི”བའི་ཕན་ནུས་འདུ་ཤེས་དང་དུས་ཚོད་ཀྱི་ལྟ་སྟངས་ཆགས་སུ་བཅུག་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་བྱ་བ་སྐུལ་འདེད་དང་། དོན་འཁྱོལ་བྱེད་པ་ཇེ་མགྱོགས་སུ་བཏང་ནས། བྱ་བ་ཚང་མ་སྔ་མོ་ནས་སྒྲུབ་པ་དང་། ཞིབ་ཚགས་ཅན་དུ་ཡོང་བར་བྱས་ནས། རང་སྟེང་གི་བྱ་བའི་གཏན་ཁེལ་རང་བཞིན་གྱིས་གནས་བབ་ཀྱི་འགྱུར་ལྡོག་ལ་གདོང་གཏོད་པའི་གཏན་ཁེལ་མིན་པའི་རང་བཞིན་གཏན་ཁེལ་བྱེད་དགོས། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གོ་གནས་དང་པོར་བཞག་ཏེ། དོན་དངོས་ནས་མགོ་རྩོམ་པ་དང་། ལས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ། དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་ནས་བྱ་བ་སྒྲུབ་དགོས། གནད་ཡང་དག་པར་བཙལ་ཏེ། གཅིག་བསྡུས་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྒྲིལ་ལ་སྐུལ་འདེད་བཏང་ནས། གཙོ་གནད་འབུར་ཐོན་གྱིས་སྤྱི་ཁོག་མཐོར་འདེགས་སུ་གཏོང་དགོས། ངེས་པར་དུ་སྒྲུབ་ཕོད་པ་དང་། ཞིང་ཆེན་ཡོངས་ཀྱི་བསམ་བློ་གཅིག་གྱུར་ཡོང་བར་བྱས་ནས། ཞིབ་ཚགས་ལས་བགོས་དང་མཐུན་འགྲིག་དམ་ཟབ་སྒོས་མགོ་ལེགས་པོ་ཞིག་རྩོམ་པ་དང་། གཙོ་གནད་བྱ་བ་བྱེ་བྲག་ཅན་དང་ལས་གཞི་ཅན། རྩིས་ཐོ་ཅན་བཅས་ལ་སྐུལ་འདེད་དང་། “མགོ་རྩོམ་ས་ནི་མཆོངས་བསྐྱོད་དང་། མགོ་རྩོམ་པ་ནི་འགྲན་རྩོད”ཀྱི་རྣམ་འགྱུར་གྱིས། དུས་ཚིགས་དང་པོའི་མགོ་ལེགས་པོ་ཞིག་རྩོམ་པ་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་བོའི་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་རེ་བར། ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ས་གནས་དང་སྡེ་ཁག་སོ་སོས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཅངས་ཏེ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་རྩད་ཞིབ་བཅོས་སྐྱོང་བྱ་བ་སྤེལ་བ་དང་། ཞིང་བ་ལས་བཟོ་བའི་གླ་ཕོགས་སྟེར་བ་གཅིག་གྱུར་དམ་འཛིན་བྱེད་པ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དང་དངོས་གོང་གཏན་འཇགས། སྤྱི་ཚོགས་གཏན་འཇགས་སོགས་ཀྱི་བྱ་བར་དམ་འཛིན་བྱས་ནས། ལས་རེས་བྱ་བ་ཤུགས་དྲག་ཏུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སྐྱིད་ཀྱི་ལོ་སར་ཞིག་རོལ་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།