ལེ་དབར་ཁྲི་ཡི་ལམ་ཐག་འབད་པས་བསྐྱོད་ནས། ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་མུ་མཐུད་མདུན་དུ་བསྐྱོད་དགོས། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་ཡོད་ཚད་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁའི་ངང་གྲོལ་བར་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ལོ་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྐྱར་འཕེལ་དང་ལེགས་པའི་ཕྱོགས་སུ་འགྲོ་བའི་རྨང་གཞིའི་འོག ཚོགས་ཆེན་གཉིས་འཚོགས་པར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་ཚོགས་ཆེན་ནི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་དང་། ཁྱབ་ཁོངས་སོ་སོ། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་བླངས་ནས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཐབས་དང་ཇུས་འདོན་ཧུར་ཐག་བྱས་ཏེ་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས། མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་མཚོན་པར་བྱས། ཚོགས་ཆེན་གཉིས་ཀྱི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་སྙན་ཞུ་གལ་ཆེན་གཞན་དག་ལས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་སྒོས་མཚོན་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོན་ཡོད་པས། དངོས་ཐོག་བདེན་འཚོལ་དང་། གསར་འབྱེད་ཡར་བརྩོན། མཐུན་སྒྲིལ་ངར་སྐུལ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ད་ལོ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྔོན་དཔག་དམིགས་འབེན་དང་བྱ་བའི་གཙོ་གནད་ནི། “གོ་སྐབས”དང“གནས་བབ”ཁོང་དུ་ཆུད་པར་བྱེད་པ་དང་། “གྲངས་ཚད”དང“སྤུས་ཚད”ལ་ལྟ་རྟོག་བྱེད་པ།“གཏན་འཁེལ”དང“དབྱེ་ཞིབ”འབུར་དུ་ཐོན་པར་བྱེད་པ།“མི”དང“དོན་དག”གཙོ་གནད་དུ་འཛིན་པ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། སྙིང་སྟོབས་སྔར་ལས་ཆེ་རུ་ཕྱིན་པ། སྒུལ་ཤུགས་སྔར་ལས་འཕེལ་བ་བཅས་བྱས་ཡོད།
དཀའ་ཚེགས་ཆེན་པོའི་མདུན་དུ་རོགས་རམ་བྱས་ཏེ་ལེགས་འགྲུབ་བྱུང་ཡོད། ཚོགས་ཆེན་ཐོག་ན་ནིང་ལོ་གཅིག་རིང་གི་རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་དང་དཀའ་ཚེགས་དང་རྫོབ་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ཕྱོགས་སྡོམ་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འགྲན་སློང་ལ་ཁ་གཏད་འཇལ་བ་དང་། རང་འགུལ་ངང་བྱ་བ་སྒྲུབ་པ། དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱེད་པ། དམག་འཐབ་གཅིག་རྗེས་གཉིས་མཐུད་ངང་བརྒྱབ་པ། འགག་སྒོ་གཅིག་རྗེས་གཉིས་མཐུད་ངང་སྒྲོལ་བ། གོམ་སྟབས་ཧ་ཅང་བརྟན་པོ་དང་སྟོབས་ཤུགས་ཧ་ཅང་ཆེ་བ། ཉམས་འགྱུར་མངོན་པ། གདེང་ཚོད་ཧ་ཅང་ཟབ་པ་བཅས་རེད། དཔལ་འབྱོར་བསྐྱར་འཕེལ་དང་ལེགས་པའི་ཕྱོགས་སུ་འགྲོ་བ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་ཡོང་བ། དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ། ཆབ་སྲིད་ཀྱི་སྐྱེ་ཁམས་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བ། ཡོམ་འགོག་གནོད་སེལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་ནི་ལས་སླ་མོར་བྱུང་བ་ཞིག་མིན་པས། གཅེས་འཛིན་ལྡབ་འགྱུར་བྱེད་དགོས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་ཐད་བླངས་པའི་གྲུབ་འབྲས་རེ་རེ་དང་། བྱུང་བའི་འགྱུར་ལྡོག་རེ་རེར་ང་ཚོ་མྱོང་ཚོར་ཟབ་མོ་ཐོབ་ཡོད། ཆེས་གཞི་རྩར་གྱུར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་བཀོད་སྒྲིག་དང་། བྱམས་སྐྱོང་དང་སེམས་ཁུར་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མུ་མཐུད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་ལ། ལས་རིགས་སོ་སོས་སྤྱིར་བཏང་གི་མཚོ་སྔོན་གྱི་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཡར་བརྩོན་བྱས་པའི་གྲུབ་འབྲས་བཅས་ཡིན་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་།
ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནས་འགག་གི་ལོ་ཞིག་ཡིན་པས། ད་ལོའི་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་རེ་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ།“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་“དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་དག་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞུགས་ཚད་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་གཅིག་འདོམས་བྱས་ཏེ་གཏིང་ཟབ་ཏུ་གཏོང་བ། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་གཅིག་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ལག་བསྟར་བྱས་ཏེ། གསར་གཏོད་སྲོལ་འབྱེད་དང་ཡར་རྒྱས་བརྩོན་ལེན་བྱས་ནས། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལ་ནུས་ཤུགས་ཡོད་རྒུས་ལེའུ་གསར་པ་འབྲི་དགོས།
ད་ལོའི་ལས་འགན་དང་དམིགས་འབེན་མངོན་འགྱུར་བྱེད་པར། ང་ཚོས་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་སྲ་ཞིང་བརྟན་པའི་གནས་ལུགས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྔོན་ལ་བརྟན་པོ་འཛུགས་རྒྱུ་དང་རྗེས་སུ་དོན་འཁྱོལ་བཅས་བྱས་ནས། གཙོ་གནད་མངོན་གསལ་དང་གནད་འགག་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་ནས། ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ཤོག་ཅིག་འབུལ་དགོས།
ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་བསྐྲུན་རྒྱུར་དམིགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོར་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་ཤུགས་ཇེ་མགྱོགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་བ་བཅས་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་དམིགས་ཏེ་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་ལས་ཀྱི“གནས་བཞི”སྣེ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། གཙོ་ཁྲིད་ཐོན་ལས་ཇེ་མང་དུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ནས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་ཆགས་པར་བྱ་དགོས། ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུར་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མ་འཇོག་དང་འཛད་སྤྱོད་ལ་གཅིག་འདོམས་སྔར་ལས་ཡག་པོ་བྱས་ནས། མ་འཇོག་དང་འཛད་སྤྱོད་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གཏིང་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་འདོམས་སྐུལ་འདེད་གཏོང་བ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྒོ་འབྱེད་རྒྱ་ཆེར་བཏང་ནས་བཅོས་སྒྱུར་ལ་སྐུལ་འདེད་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་བར་སྟོང་གསར་པ་རྒྱ་ཆེར་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་དམིགས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས།“ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བྱ་བ་ཁག་ཅིག་ཡག་པོ་སྒྲུབ་དགོས། མཉམ་འདྲེས་མཉམ་འགུལ་མཉམ་སྤྱོད་ལ་དམིགས་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་ནང་མཉམ་འདྲེས་དང་ལག་བསྟར་གཏིང་ཟབ་བྱེད་པ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ལེགས་ཆ་གསབ་རེས་དང་ཁྱད་ལྡན་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཧུར་ཐག་གིས་མཐོ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་ཕན་པ་ཐོབ་པར་བྱེད་དགོས། འགན་ལེན་ཤུགས་ཆེར་གཏོང་བ་དང་ཉེན་ཁ་འགོག་པ། ཆུ་ཚད་སྔར་ལས་མཐོ་བ་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚད་མཐའི་བསམ་གཞིག་དང་ཚད་བརྒལ་གྱི་བསམ་གཞིག་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།“གཅིག་ཅན་བཅུའི”བྱ་བ་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་མུ་མཐུད་དུ་སྐྲུན་པ་བཅས་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། སྲིད་གཞུང་གི་འགན་ནུས་བསྒྱུར་བ། སྲིད་དོན་ཡོངས་བསྒྲགས་གཏིང་ཟབ་ཏུ་སྤེལ་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་བྱས་འབྲས་བརྟན་པོར་གཏོང་བ། གྲོན་ཆུང་དམངས་ཕྱུག་དང་སྲིད་གཞུང་གིས་“གྲོན་ཆུང་བྱེད་པར”བརྟེན་ནས་གཉེར་སྐྱོང་གཙོ་བོའི་“འཚོ་བ་བརྟན་པོ་”དང་། རིགས་སོ་སོའི་མང་ཚོགས་ཀྱི་“འཚོ་བ་སྐྱིད་པོ་”འགན་སྲུང་བྱ་དགོས།
ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཏེ་བྱ་བ་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། “མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི”བརྩེ་སེམས་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”ལ་གྲུབ་འབྲས་གསར་པ་ལེན་དགོས་ལ། ལག་བསྟར་མཁན་དང་བྱ་སྤྱོད་སྤེལ། དངོས་སྒྲུབ་མཁན་བཟང་པོ་ཞིག་བྱེད་དགོས།
དུས་རབས་གསར་པའི་རྒྱུགས་སྤྲོད་མཁན་བཟང་པོ་ཞིག་བྱ་རྒྱུ་ནི་མཚོ་སྔོན་བ་ཚང་མའི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་གནང་བ་དེ་རང་འགུལ་ངང་བྱ་བ་སྒྲུབ་པ་དང་། འབད་འབུངས་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས“སྒྲུབ་པའི”རྩལ་ནུས་དངོས་དང་།“འཚོལ་བའི”འཇོན་ཐང་།“གཟབ་ནན”གྱི་རྣམ་པ་གསར་པ་བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།