མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བའི་གཙོ་ཐིག་ལ་དམ་པོར་དམིགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། གསར་འཛུགས་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོར་འདེགས་བྱ་བ་མུ་མཐུད་ནས་ནན་འཛིན་བྱས་ཤིང་། སྲིད་ཇུས་ལམ་སྲོལ་འཐུས་ཚང་དང་ཁྲིད་སྟོན་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ། དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་དེ“གྲངས་ཀའི་མདུན་གྲལ”ནས“དཔེ་སྟོན་སྣེ་ཁྲིད”དུ་འཕོ་འགྱུར་འབྱུང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དྲིལ་སྒྲོག་སློབ་གསོ་གཏིང་ཇེ་ཟབ་ཏུ་བཏང་། “མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཐད་ཀྱི་སེམས་འགུལ་ཐེབས་པའི་མི་སྣ”དཔྱད་འདེམས་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་བརྟན་བརླིང་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྤེལ་བའི་ཚུན་དུ་བྱུང་བའི་དཔེ་མཚོན་མི་སྣ་དང་འབུར་ཐོན་བྱ་གཞག་བདམས་པ། དམངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་མཉམ་འཛུགས་མཉམ་སྤྱོད་བཅས་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་པ། མཚོ་སྔོན་གྱི་སེ་འབྲུའི་ཚི་གུའི་ཁྱིམ་གཞིས་སྐད་འཕྲིན་སྤྱི་སྟེགས་དང་། བརྙན་སྟེགས། འཁྱུགས་དབྱངས་དང་མགྱོགས་འཕྲིན་སོགས་སྨྱན་བྱད་གསར་པའི་སྟེགས་བུ་སྔ་རྗེས་སུ་སྒོ་ཕྱེ་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་གསར་འཛུགས་བྱ་བར་བརྗེ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས། གྲོང་ཁྱེར་དང་ཁུལ་སོ་སོའི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་དང་། ཚོང་ར། རླངས་འཁོར་ས་ཚིགས། ཐང་ཆེན་སོགས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་གི་མཚོན་རྟགས་མང་པོ་བཙུགས་ཏེ། མ་དངུལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་སྤྱི་གླིང་ཐོག་མ་འཛུགས་སྐྲུན་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་རྒྱུན་མཐུད་ནས་སྤེལ་བ་དང་། མཚོ་སྔོན་གྱི་ལོ་རྒྱུས་སྟེང་གི་མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་དོན་དངོས་དང་གསོན་ཉམས་ལྡན་པའི་བྱ་བ་གང་ནུས་སྒོས་སྔོག་འདོན་དང་།《མཚོ་སྔོན་གྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་དཔེ་མཚོན་གཏམ་རྒྱུད་ཕྱོགས་སྒྲིག》རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས།
ལམ་སྲོལ་འཐུས་ཚང་དུ་བཏང་ནས་གསར་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་བཏང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔྱད་ཞིབ་དམིགས་ཚད་མ་ལག 》ལ་ཞིབ་བསྡུར་དང་། ཀྲུང་དབྱང་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་པའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་དཔྱད་ཞིབ་དམིགས་ཚད་ལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་དཔྱད་ཞིབ་མིང་འདོགས་བྱ་བར་བརྟན་བརླིང་སྒོས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་ཞིབ་བཤེར་གཏན་འཁེལ་བརྒྱུད་མཐར། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག79དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི40མིང་བཏགས་ནས་གཏན་འཁེལ་བྱས།
“འགུལ་སྐྱོད་བཅུ”གཏིང་ཟབ་སྒོས་སྤེལ་བ་དང་། མི་རིགས་སོ་སོ་གཞི་རྒྱ་ཆེ་བའི་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་བརྗེ་རེས། གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་བྱེད་པ་བཅས་ལ་སྐུལ་འདེད་བྱས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་ནུས་པ་གང་ནུས་སྒོས་འདོན་སྤེལ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཤིང་། བོད་འབྲེལ་ཁུལ་དྲུག་གི་མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས། གྲོང་ཁྱེར་གྱི་མི་རིགས་བྱ་བ་རྒྱུན་མཐུད་ནས་སྤེལ་བ་དང་། ནང་དུ་འོང་བའི་གནས་དང་ཕྱི་རུ་འགྲོ་བའི་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་སྐྲུན་བྱེད་པ་དང་འཐུས་ཚང་དུ་བཏང་ལ། འཁོར་སྐྱོད་མི་གྲངས་ཀྱི་ཞབས་ཞུའི་དོ་དམ་བྱ་བར་མཛུབ་སྟོན་ལེགས་པོ་བྱས། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་རྒྱུ་རྐྱེན་མཁོ་འདོན་མུ་མཐུད་ནས་ཇེ་ལེགས་སུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཀོད་སྒྲིག་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱས། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཁོར་ཡུག་ལེགས་པོ་གསར་སྐྲུན་བྱས། མི་རིགས་སོ་སོ་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འདྲེས་པ་རིམ་བཞིན་མངོན་འགྱུར་བྱས་པ་དང་། མཉམ་འདྲེས་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་དང་འཕེལ་རྒྱས་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།