ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སོ་སོར་རང་རང་གི་ཚན་ཆུང་གི་ཚོགས་འདུར་ཞུགས་ནས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། ཨུ་ཡོན་མགོན་པོ་བཀྲ་ཤིས་དང་རྡོ་རྗེ་རབ་བརྟན། ལིའུ་ཐུང་ཏི། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡའེ་ཞང་སོགས་ཀྱིས་གཏམ་བཤད་གནང་བ་དང་ཨུ་ཡོན་ཝང་ཅན་ཅོན་དང་པན་གོ་སོགས་གྲོས་ཚོགས་ལ་ཞུགས།
ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་ཧུའུ་ཉིན་གྱིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བྱ་བའི་ཕྱོགས་ཡོངས་ལ་སྤྱི་སྡོམ་བྱས་པར་ལས་འགན་དང་དམིགས་འབེན་གསལ་བོ་ཡིན་པ་དང་། དེ་ནི་བརྗོད་དོན་མངོན་པར་གསལ་ལ་གཙོ་གནད་འབུར་དུ་ཐོན་པ། ཚིག་ཉུང་དོན་གསལ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་རེད། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པས་ལས་འགན་འཁུར་བའི་ལོ་ཡང་ཡིན། ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས། ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མུ་མཐུད་ནས་གཏིང་ཟབ་ཏུ་ཕྱིན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དངོས་གཉེར་ནུས་ལྡན་ཐུབ་པ། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་གང་ལེགས་མངོན་པ། གྲོས་གཞིའི་བྱ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། འགན་འཁྲི་སྒྲུབ་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་པ། བྱ་བ་སོ་སོར་ཕན་འབྲས་གསར་པ་ཐོབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ལེགས་སྐྱེས་གསར་པ་ཕུལ་བར་ཧ་ཅང་མོས་མཐུན་བྱུང་ཡོད་ཟེར།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཆེན་པོ་ལྡན་པའི་སྙན་ཞུ་ཡག་པོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་ནང་ཁྱད་ཆོས་མངོན་གསལ་ལྡན་པ་ཞིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྲིད་གྲོས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད། གཅིག་ནས་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ་ཏང་གིས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པར་སྔར་ལས་ཤུགས་སྣོན་བརྒྱབ་པ། གཉིས་ནི་ཁྱོན་ཡོངས་ལ་དམིགས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ། གསུམ་ནི་མཐུན་སྒྲིལ་ལ་མཐོང་ཆེན་བྱས་པས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་ལས་འདོན་སྤེལ་ཐུབ་པ། བཞི་ནས་མི་དམངས་ལ་མཐོང་ཆེན་བྱས་ཏེ་དམངས་ཚིས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། སྙན་ཞུའི་ནང་ད་ལོའི་བྱ་བར་བཀོད་སྒྲིག་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་མཐུད་ངང་གོང་དུ་སྤེལ་བའི་དགོས་མཁོ་དང་ཡོངས་སུ་མཐུན་པས་ཧ་ཅང་མོས་མཐུན་བྱུང་ཡོད་ཟེར།
ཨུ་ཡོན་ལིག་ཐུང་ཏེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཝང་ཧུའུ་ཉིན་གྱིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བརྗོད་བྱ་འབུར་དུ་ཐོན་པ་དང་། ཚིག་སྦྱོར་སྟབས་བདེ་ལ་ནང་དོན་ཕུན་སུམ་ཚོགས་པ། གཙོ་གནད་འབུར་དུ་ཐོན་པ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་བྱས་ཡོད་ལ། དར་ཆ་མཐོན་པོར་སྒྲེང་བ་དང་འགན་འཁྲི་འཁུར་བ། སེམས་ཤུགས་གཅིག་ཏུ་སྒྲིལ་བ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས་ང་རང་ཧ་ཅང་མོས་མཐུན་བྱུང་ཡོད། སྙན་ཞུར་སློབ་སྦྱོང་བྱས་རྗེས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་བརྟན་པོ་ནུས་ལྡན་དང་། གྲོས་མོལ་སྲིད་གླེང་ལ་ཕན་འབྲས་གང་ལེགས་ཐོན་པ། འགན་འཁྲི་ལག་བསྟར་ཐད་གསར་སྐྲུན་གྱི་བཀྲག་མདངས་འཚེར་ས་མང་བ། ཁ་ཕྱོགས་ཐད་གཙོ་གནད་མངོན་གསལ་ཡིན་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་བ་དང་། གོ་རིམ་རྗེས་མར། ང་ཚོས་འགན་འཁྲི་ཏན་ཏིག་འཁུར་བ་དང་ཧུར་ཐག་གིས་རང་འགན་གཙང་སྒྲུབ་བྱས་ཏེ། ཐུན་མོང་ཐོག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཨུ་ཡོན་གྱི་བྱ་བ་ཡག་པོ་སྒྲུབ་དགོས།
ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་རྗེས་མྱོང་ཚོར་གཉིས་ཡོད་པ་སྟེ། གཅིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། གཉིས་ནི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་བསྒྲུབས་པར་ཕན་འབྲས་ཡག་པོ་ཐོན་ཞིང་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། སྙན་ཞུའི་ནང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་ཁྲོད་གནས་པའི་མི་འདང་ས་དང་གནད་དོན་ལ་དངོས་ཡོད་ཀྱི་དབྱེ་ཞིབ་བྱས་པ་དེ་ནི་བདེན་འཚོལ་དོན་གཉེར་གྱི་སྙན་ཞུ་ཞིག་རེད། ཆེད་དུ་གྲོས་འགོ་བཏོན་པ་ནི་གཅིག་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ཐད་ཡང་བསྐྱར་གསར་གཏོད་བྱེད་དགོས་པ་དང་། ས་གནས་སྲིད་གྲོས་དང་ཁེ་ལས་སོགས་ལས་ཁུངས་དང་ཕན་ཚུན་བསམ་བློ་བརྗེ་རེས་མང་ཙམ་བྱེད་དགོས། གཉིས་ནས་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཁང་གིས་རིམ་པ་སོ་སོའི་སྲིད་གྲོས་ཀྱི་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཟེར།
ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་ཡིས་བཤད་རྒྱུར། སྙན་ཞུའི་ནང་ན་ནིང་གི་བྱ་བར་དངོས་ཐོག་བདེན་འཚོལ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད། ད་ལོའི་བྱ་བར་རྒྱང་ལྟ་བྱེད་སྐབས་བསམ་ཕྱོགས་གསལ་བ་དང་བྱ་ཐབས་དངོས་གཉེར། འབད་འབུངས་ཡར་བརྩོན་བཅས་ལས་ཏང་སྲིད་ཀྱི་བསམ་བློ་གཏོང་བ་དང་། སྲིད་གྲོས་ཀྱི་འཇོན་ཐང་ལྡན་པ། མང་ཚོགས་ཀྱི་རེ་སྒུག་བྱེད་པ་བཅས་མཚོན་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པའི་རྗེས་སུ་འབྲངས་ནས་འགན་འཁྲི་ཏན་ཏིག་སྒྲུབ་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། དེའི་ཐོག་ནས་སྤྱི་ཚོགས་ལ་དོ་ཁུར་བྱེད་པ་དང་། མི་དམངས་ལ་བཅངས་པའི་སྤྲོ་སེམས། མི་དམངས་ལ་བཅངས་པའི་དགའ་ཞེན་བཅས་མངོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། འདས་པའི་ལོ་གཅིག་གི་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་དང་ཐུན་མོང་གི་ངོས་ཟིན་གཅིག་ཏུ་སྒྲིལ་བ་སོགས་ཐད་ཀྱི་བྱ་བའི་གྲུབ་འབྲས་གང་ལེགས་ཀྱིས་མཚོན་ཡོད་པ་དང་། སྲིད་གྲོས་ཀྱི་འགན་འཁྲིའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲི། མི་དམངས་ལ་བཅངས་པའི་བརྩེ་སེམས་བཅས་མངོན་ཡོད་པས་ང་ཧ་ཅང་མོས་མཐུན་བྱུང་ཡོད་ཟེར།
ཨུ་ཡོན་མ་ཡའོ་ཞང་གིས་བཤད་རྒྱུར། སྙན་ཞུ་གཉིས་ཀྱི་ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་འགན་འཁྲི་སྒྲུབ་པའི་བྱ་བར་དངོས་ཡོད་དང་མཐུན་པའི་ཕྱོགས་སྡོམ་བྱས་ཡོད་པ་དང་། ད་ལོའི་འགན་འཁྲི་སྒྲུབ་པའི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ། ཚིག་སྦྱོར་ལེགས་པ། རྩོམ་སྲོལ་བབ་ཆགས་པ། གཙོ་གནད་ཁ་གསལ་བ། ཁ་ཕྱོགས་གསལ་པོ་བཅས་ཡིན་པས། ད་ལོའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲིའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲི་སྒྲུབ་པའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་ཀྱི་ཁྲིད་སྟོན་ཡང་བྱས་ཡོད། ཆོས་ལུགས་ལས་རིགས་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཞིག་གི་ངོས་ནས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། སྲིད་གླེང་ཇུས་འདོན་ཧུར་ཐག་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཟེར།
ཨུ་ཡོན་ཝང་ཁུན་དང་ལི་ཆིན། ཀའོ་ཅི་ཨན། ཨའོ་ཁྲུང་རུང་། ཀའོ་ཆིན་པོ་སོགས་ཀྱིས་རང་རང་གི་ཚོ་ཆུང་སོ་སོར་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་གནང་། སྙན་ཞུའི་ཕུགས་རྒྱང་རིང་ལ་བྱ་ཐབས་དངོས་གཉེར་དང་། ཕྱོགས་སྡོམ་གྲུབ་འབྲས་ཕྱོགས་ཡོངས་ལ་ཁེབས་པ་དང་ཁ་གསལ་བ། དངོས་ཐོག་བདེན་འཚོལ་ཡིན་པ་དེ་ནི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་བཅས་ཆེན་པོ་ལྡན་པའི་སྙན་ཞུ་ཞིག་ཡིན་པས་ཧ་ཅང་མོས་མཐུན་བྱུང་ཡོད་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ། ཤ་བོ་རིན་མཚོ།