དྲི་ལན་ལས་མཚོ་སྔོན་གྱི་སྤྱི་ཡོངས་ལ་བལྟ་བ།
2024.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

—མཚོ་སྔོན་འཐུས་ཚབ་ཚོགས་པའི་སྒོ་འབྱེད་ཚོགས་པའི་གྲོས་ཚོགས་ཀྱི་གནས་ཚུལ་ཟུར་བྲིས།

ཐེངས་རེར《རྒྱང་ཐག་རིང་པའི་གནས་དེ་ན》ཞེས་པའི་གླུ་དབྱངས་ཏེ་ཐོས་སྐབས། ཀླད་པའི་ནང་རྩྭ་ཐང་དུ་ནོར་ལུག་བག་ཡངས་སུ་རྒྱུ་བའི་རྣམ་པ་དེ་ཤར་ཡོང་ལ། དེ་ནི་ངའི་བསམ་བློའི་ཁྲོད་ཀྱི་མཚོ་སྔོན་གྱི་རྣམ་པ་ཡིན་ལ་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་རེད། དེར་བརྟེན་ངས་ཐོག་མའི་དུས་ཚོད་ནང་དེ་རིང་གི་བྱ་འགུལ་དུ་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན”ཞེས་ཟླ3པའི་ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30ཡི་ཐོག འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁྲིན་དབྱི་ཡིས་མཚོ་སྔོན་འཐུས་མི་ཚོགས་པའི་ཚོགས་འདུ་ཁང་གི་སྒོ་འགྲམ་དུ་འབྱོར་ཐོ་བཀོད་རྗེས་དགའ་སྤྲོའི་ངང་དེ་ལྟར་བཤད།

བལྟས་ཚོད་ཀྱིས་ངོ་མཚར་ཆེ་བའི་མཐོ་སྒང་གི་ཞིང་ཆེན་ཞིག་གིས་ཇི་ལྟར་བྱས་ནས་འཛམ་གླིང་ལ་མིང་བྱང་གསལ་སྟོན་བྱེད་དགོས་སམ།

གལ་ཏེ་ཚོགས་ཆེན་གཉིས་ནི་འཛམ་གླིང་གིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཡིན་ཞེས་བརྗོད་ཚེ།    འཐུས་ཚབ་ཚོགས་པའི་སྒོ་འབྱེད་ཚོགས་པའི་གྲོས་ཚོགས་ནི་ཚོགས་ཆེན་གཉིས་ཀྱི་སྟེང་མཚོ་སྔོན་ལ་ལྟ་ཞིབ་དང་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཡིན།

བརྙན་ཕབ་འཕྲུལ་ཆས་བཅུ་ཕྲག་འགའ་ཕྲེང་ལྟར་བསྒྲིག་པ་དང་པར་ཆས་བཅུ་ལྷག་བར་མཚམས་རེ་རེར་གཏད་ཡོད་ལ། སྐད་སྦུག་དང་སྒྲ་ཕབ་འཕྲུལ་ཆས། སྐུད་མེད་སྐད་སྦུག་བཅས་འཐུས་མི་ཚོའི་མདུན་དུ་བསྒྲིགས་ཡོད། གྲོས་ཚོགས་ཚོགས་མགོ་རྩོམ་པར་ད་དུང་ཆུ་ཚོད་ཕྱེད་ཀ་ཙམ་ཡོད།    ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    ཉིག་གཡོད་སྐབས་དོན་ཚགས་པར།    འཇར་པན་ཐུན་མོང་གསར་འགྱུར་ཁང་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད20ཡི་གསར་འགོད་པ39མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་འདུ་ཁང་དུ་ཐོན་ནས། མཚོ་སྔོན་གསར་པ་ཞིག་ཤེས་རྟོགས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

ཏག་ཏག་ཆུ་ཚོད་དགུ་པའི་སྟེང་། ཚོགས་ཆེན་གྱི་བཀོད་སྒྲིག་ལྟར་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་མུ་མཐུད་དུ་གྲོས་ཞིབ་བྱས།    ཡུལ་དངོས་ཀྱི་འཐུས་མི་བརྒྱད་པོས་གཏམ་བཤད་མཇུག་སྒྲིལ་རྗེས། པར་ལེན་གསར་འགོད་པ་ཞིག་གིས་པར་ཆས་ནང་གི་པར་ངོས་ལ་ལྟ་བཞིན་སེམས་འགུལ་ཚད་མེད་ཐེབས་ཞོར“མི་རིགས་ཀྱི་གྱོན་ཆས་རིགས་མང་པོ་ཞིག་པར་ཆས་ནང་ནས་པར་བརྒྱབ་ཚེ་དངོས་གནས་ཡག་པོ་འདུག”  ཟེར།

དེའི་རྗེས་ངོ་མཚར་ཆེ་བའི“དྲི་བ་དྲིས་ལན”གྱི་མགོ་བརྩམས།

“མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་ཇི་ལྟར་གཏོང་རྒྱུ་ཡིན་ནམ།”

“ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པའི་ཐོག་ཇི་ལྟར‘མྱུར་ཚད་ཇེ་མགྱོགས་སུ་བཏང་ཡོད་དམ།”

“མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་འཕེལ་རིམ་གང་དུ་གནས་ཡོད་དམ།”

“ན་ནིང་ཅི་ཧྲི་ཧྲན་ལ་ཚད་རིམ6.2ཀྱི་ས་ཡོམ་བྱུང་བ་ལས་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱི་ས་ཆ་མང་པོ་ཞིག་གི་མང་ཚོགས་ལ་གནོད་འཚེ་ཕོག་ཡོད་པས། མིག་སྔར་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་བྱ་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་རོགས།”

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་།    དཔལ་འབྱོར་ཉིན་རེའི་ཚགས་པར།    འོད་ཟེར་ཉིན་རེའི་ཚགས་པར།    ཞང་ཀང་ཏ་ཀུང་ཝུན་ཧོས་སྨྱན་བྱད་བཅས་སྨྱན་བྱད་ལས་ཁུངས་བཞིས་གསར་འགོད་པས་དེ་ལྟར་དྲི་བ་བཏོན།

མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཁྲིན་ཀང་དང་།    ཝུའུ་ཞའོ་ཅུན།    ཝང་ཧྭ་ཅེ་བཅས་ཀྱིས་རེ་རེ་བཞིན་ལན་བཏབ།

“མཚོ་སྔོན་ཞིང་ཆེན་གྱི་ཆབ་སྲིད་སྐྱེ་ཁམས་ལའང་རིམ་གྱིས་འགྱུར་ལྡོག་བྱུང་ནས‘ལས་བྱེད་པས་ལས་ལ་འབད་དགོས།    བསམ་ཕྱོགས་གསལ་དགོས།    རང་གཅུན་དམ་དགོས་པ’བཅས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད།”

“གཙང་གསུམ་འབྱུང་ཡུལ་དང‘ཀྲུང་ཧྭའི་ཆུ་མཛོད’ཡིན་པའི་མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཞིང་ཆེན་ཐོག་མ་ཡིན།”

“ང་ཚོས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་གསུམ་མཉམ་རྒྱལ་བྱུང་བ་ཡོད།

“ང་ཚོས་འབད་བརྩོན་བྱས་པ་བརྒྱུད། གནོད་ཤུལ་བསྐྱར་སྐྲུན་ལས་གཞི་ཚང་མ་ཟླ་3པའི་ཟླ་མཇུག་སྔོན་ཕྱོགས་ཡོངས་ནས་ལས་འགོ་རྩོམ་རྒྱུར་ཁག་ཐེག་བྱེད་དགོས།”

འདྲི་ཚིག་ཞིབ་ཕྲ་དང་ཐད་ཀར་ཡིན་ལ།    ལན་བཏབ་པ་གནད་ལ་འཁེལ་ཞིང་ཞིབ་ཅིང་ཕྲ་བ་ཞིག་རེད།

དྲི་བ་བཞི་དང་དྲིས་ལན་བཞིའི་དོན་དངོས་དང་ཞིབ་ཕྲ་ལས་གསོན་ཉམས་དོད་པའི་མཚོ་སྔོན་ཞིག་སྨྱན་བྱད་ཀྱི་མདུན་དུ་མངོན་པ་སྟེ།    ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པ་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ཡོམ་འགོག་གནོད་སེལ་བྱས་པ་དང་།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནས་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་བར་མཚོ་སྔོན་གྱི་སྤྱི་ཁོག་རབ་རིབ་ནས་རིམ་བཞིན་ཇེ་གསལ་དུ་ཕྱིན་ཡོད།

“ལྷན་རྒྱས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུ།” གྲོས་ཞིབ་དང་གཏམ་བཤད། ཡང་ན་སྨྱན་བྱད་ཀྱིས་བཏོན་པའི་དྲི་བར་ལན་བཏབ་པ་གང་ཡིན་རུང་། མཚོ་སྔོན་འཐུས་ཚབ་ཚོགས་པས་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས།     ཡུལ་དངོས་ཀྱི་སྨྱན་བྱད་གསར་འགོད་པས་གཅིག་རྗེས་གཉིས་མཐུད་དུ་གལ་ཏེ་གོ་སྐབས་བྱུང་ཚེ། མཚོ་སྔོན་དུ་བཅར་འདྲིར་བསྐྱོད་ནས“མཚོ་སྔོན་གྱི་གནས་ཚུལ”སྔར་ལས་མང་པོ་སྔོག་འདོན་བྱ་རྒྱུ་ཡིན་ཞེས་བཤད།

ཞང་ཀང་ཏ་ཀུང་ཝུན་ཧོས་སྨྱན་བྱད་ཚོགས་པའི་གསར་འགོད་པ་ལི་དབྱང་པའོ་ཡིས་བཤད་རྒྱུར།     “ངས་དེ་སྔོན་ཨ་ཆེན་གངས་རྒྱབ་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་བདག་སྐྱོང་པར་བཅར་འདྲི་བྱས་མྱོང་།    གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་ལ་ཧང་སངས་བ་དང་། བབ་ཆགས་པའི་མི་རྣམས་ཀྱིས་སེམས་འགུལ་ཐེབས་སུ་བཅུག་མྱོང་། དེ་རིང་བྱ་འགུལ་འདི་འདྲ་སྤེལ་བ་བརྒྱུད་ངས་མཚོ་སྔོན་གྱི་ཕྱོགས་གཞན་ཞིག་མཐོང་བྱུང་།    བྱ་འགུལ་མཇུག་སྒྲིལ་རྗེས་ངས་མཚོ་ནུབ་ཁུལ་གྱི་འོད་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་གནས་ཚུལ་སླར་ཡང་ཤེས་རྟོགས་བྱེད་འདོད། སྨྱན་བྱད་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་བརྒྱུད་ནས། ང་ཚོའི་ཞང་ཀང་གི་ཚོང་པ་མཚོ་སྔོན་དུ་མ་འཇོག་བྱེད་དུ་ཡོང་རྒྱུའི་ཡིད་དབང་འགུག་ཏུ་འཇུག་རྒྱུ་ཡིན། ཁོ་ཚོ་ཡང་ངའི་ཚོར་སྣང་དང་འདྲ་བར་མཚོ་སྔོན་ལ་ཐེངས་གཅིག་སོང་ཚེ་སླར་ཡང་འགྲོ་འདོད་པའི་གནས་སུ་འགྱུར་ངེས”ཟེར།

དེ་ལྟར་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པས།    “མཛེས་སྡུག”ཞེས་པ་ཡང་དེ་འདྲ་རེད།

ལམ་ཆེན་ཡངས་ཤིང་རྒྱ་ཆེ་ལ།    ཡུལ་ལྗོངས་ནི་ཤིན་ཏུ་མཛེས།     མདུན་སྐྱོད་ཀྱི་ལམ་བུའི་སྟེང་། རབ་མཛེས་མཚོ་སྔོན་གྱིས་ལྷག་བསམ་ཟོལ་མེད་དང་སྤྲོ་སེམས་འཕེལ་བའི་ངང་ནས་སྐུ་མགྲོན་ཚང་མ་མཚོ་སྔོན་དུ་ཕེབས་པར་ནམ་ཡང་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།