མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་ནས། མཛེས་སྡུག་གི་ཁྱིམ་གཞིས་གསར་པ་མཉམ་དུ་བསྐྲུན་དགོས།
2024.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བསྟན་དོན། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གཙོ་ཐིག་ཏུ་བཟུང་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།    རིགས་སོ་སོའི་མི་དམངས་བར་འགྲོ་འོང་དང་བརྗེ་རེས།    མཉམ་འདྲེས་བཅས་རྒྱ་ཁྱབ་ངང་ཡོང་རྒྱུར་སྐུལ་འདེད་གཏོང་བ།    མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།

སེ་འབྲུའི་མེ་ཏོག་བཞད། འབྲུ་བརྒྱ་སེམས་གཅིག་རེད།     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་།    མི་རིགས་མཐུན་སྒྲིལ་གྱི་རྩ་བ།    བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད།    བསྟུད་མར་ཉིན་འགའི་རིང་། འཐུས་མི་དང་ཨུ་ཡོན་ཚོས་ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་འཛུགས་པ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུར་དམིགས་ནས་བསམ་བློ་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས།

འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་བཤད་རྒྱུར། དད་སེམས་བརྟན་པོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི“བསམ་བློའི་འོད་སྣང”ཞིག་རེད།    ས་གཞི་ཆེན་པོའི་ཐོག་གི་གསོན་ཉམས་ལྡན་པའི་ལག་ལེན་རབ་དང་རིམ་པའི་ཐོག་ནས་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཡག་པོ་སྒྲུབ་པའི་ཆེས་རྨང་གཞི་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དང་། ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་ལ། ཆེས་གོ་ཆོད་པ་ནི་མི་སེམས་ཐོབ་པར་བྱ་རྒྱུ་དེ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།     རྨ་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་རྩ་གནད་ཡིན་པས་བྱ་བ་ཚང་མར་དམིགས་དགོས”ཞེས་པའི་བླང་བྱ་གལ་ཆེན་ཨང་དང་པོར་འཇོག་དགོས་པ་དང་།    དད་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བརྒྱུད་རིམ་དེ་དར་སྤེལ་དོན་གཉེར་དང་ཞན་ཆ་གསབ་པའི་བརྒྱུད་རིམ་དུ་བརྩི་དགོས་པ།   སྐྱེ་ཁམས་སྔོན་ལ་གཅིག་འདོམས་བྱས་ནས་འཕེལ་རྒྱས་ལ་དམ་འཛིན་དང་།    གྲོང་གསེབ་དར་སྤེལ་བཏང་ནས་དམངས་ཚིས་ལ་དམ་འཛིན་བྱེད་པ་འབུར་དུ་བཏོད་པ། སྤུས་ཚད་དམ་འཛིན་བྱས་ནས་བསྐྱར་སྐྲུན་ལ་གཟབ་ནན་བྱེད་པ། གཞི་རིམ་རྩ་འཛུགས་དམ་འཛིན་བྱས་ནས་ཏང་འཛུགས་ཀྱི་བསམ་བློར་གདེང་འཇོག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་བྱ་བ་སྣ་ཚོགས་ཀྱི་གཙོ་གནད་དུ་བཞག་ནས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱེད་པ་དང་། རིགས་སོ་སོའི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་།    ཁྲེལ་གྲགས་མཉམ་འཁུར།    འཆི་གསོན་མཉམ་གནས།    ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ཁྲིད་སྟོན་དུ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་སྟོད་ཀྱི་ཡུན་རིང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འཐབ་ཇུས་ཀྱི་གནད་དོན་རེ་རེ་བཞིན་གསར་གཏོད་བྱེད་ཤུགས་དང་།    མཐུན་སྦྱོར་དྲག་ཚད།    ལྗང་མདོག་གསལ་ཚད།    སྒོ་འབྱེད་ཟབ་ཚད།    མཉམ་སྤྱོད་རྒྱ་ཆེ་ཚད་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས་ཟེར།

འཐུས་མི་ལིག་ཞའོ་རུང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཞིན་ཧེ་ལམ་ཁྲོམ་གཞུང་གིས“ཏང་འཛུགས་སྐྲུན་དང་135མཉམ་གཏོད།    དྲ་མིག་ཅན་བཅས”གསར་དུ་བཏོན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་ཕྲའི་ལག་ལེན་ལ་བལྟས་ན།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བྱ་བར་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི“སེ་འབྲུའི་ཁྱིམ་གཞིས”བསྐྲུན་པའི་འགག་རྩ་ཞིག་རེད།     དམིགས་འབེན་ལ་དམིགས་ནས“ལས་བྱེད་པས་ལས་ལ་འབད་དགོས། རིགས་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས།“རྩ་འཛུགས་ཀྱི་སྣེ་ཁྲིད་དང་ས་ཁོངས་ནང་གི་སྐྱེ་ལྡན་སྟོབས་ཤུགས་ཀྱི་མཉམ་ལས།   དམངས་ཡོངས་ཟབ་ཞུགས་བྱེད་པའི”དྲ་མིག་ཅན་གྱི་གསར་གཏོད་བསམ་ཕྱོགས་ནུས་ཤུགས་ཡོད་རྒུས་བཙུགས་ཏེ།“མིག་མངས་འགྲིག་སྐོར་གཅིག”གི་རྣམ་པ་བཟང་པོ་ཆགས་པར་ཁག་ཐེག་བྱེད་དགོས།  རྩ་བ་བརྟན་པོར་གཏོང་བ་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་ལ་མཐོང་ཆེན་བྱས་ནས།    “སེ་འབྲུའི་ཁྱིམ་གཞིས”བསྐྲུན་པའི་དཔུང་ཁག་བཙུགས་ནས་བྱེད་ཐབས་དང་གོ་སྐབས་སྣ་ཚོགས་སྤྱད་དེ།“བཅུ་སྐྱོད”བྱ་འགུལ་ཏན་ཏིག་སྤེལ་ནས་མི་རྣམས་ཀྱིས“མཉམ་གནས་བཞིའི”འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ།“མོས་མཐུན་ལྔའི”འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་དམངས་ཡོངས་ཀྱི“མཉམ་གཏོད”ཀྱི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་དགོས།  དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་།    བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་འགྱུར་ལྡོག་གཏོང་བ།    དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསར་གཏོད་དང་བེད་སྤྱོད་བྱེད་པ།    “བསམ་འདུན་ཆུང་ངུ”འཚོལ་བསྡུ་རྩིས་ལེན་སོགས་ཀྱི་བྱ་འགུལ་ཏན་ཏིག་སྤེལ་བ།    མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ།    མི་རྣམས་ལ་སེ་འབྲུ་དང་འདྲ་བར་དམ་པོར་འབྲེལ་ནས“མཛེས་སྡུག་དང་ཐུན་མོང”གི་ཁྱིམ་གཞིས་གསར་པ་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གཏོང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨིག་ཁྲུང་རུང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་བྱེད་པ་རྒྱུན་འཁྱོངས་ཀྱིས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱ་བར་སྐུལ་འདེད་གཏོང་རྒྱུར་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། 'མཛུབ་རྩེའི་འཚེམ་དྲུབ'དང་'ལྕེ་རྩེའི་ཐུག་རིང་'སོགས་མི་རིགས་མཐུན་སྒྲིལ་གྱི་རིན་ཐང་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མངོན་པའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་སྤུས་རྟགས་མུ་མཐུད་དུ་སྐྲུན། མི་རིགས་ལག་ཤེས་བཟོ་ལས་དེ་མི་རིགས་སོ་སོའི་བར་ཕན་ཚུན་རྒྱ་ཁྱབ་ངང་འགྲོ་འོང་བྱེད་པ་དང་། ཕྱོགས་ཡོངས་ནས་བརྗེ་རེས་བྱེད་པ། མཉམ་འདྲེས་ཇེ་ཟབ་ཏུ་གཏོང་བའི་ནུས་ལྡན་བྱེད་ཐབས་དང་སྒྲོག་ཐག་ནུས་ལྡན་ཞིག་ཏུ་གྱུར་བ་དང་། རྒྱུན་འཛིན་གྱི་མིའི་ཚོགས་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མི་སྔར་ལས་མང་པོས་མི་རིགས་ལག་ཤེས་བཟོ་ལས་ལ་བརྟེན་ནས་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་གྱི་མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུས་ལོན་བྱེད་བཞིན་ཡོད་པ་དང་། མི་རིགས་མི་འདྲ་བའི་བར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བཟོད་སྒོམ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་མིག་དཔེར་འཛིན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་མི་རིགས་སོ་སོའི་ཕུལ་བྱུང་ལག་ཤེས་བཟོ་རྩལ་དེ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་། ལག་ཤེས་བཟོ་རྩལ་དང་ཚན་རྩལ་མཉམ་འདྲེས། རིག་གནས་དང་ཁྲོམ་ར་མཉམ་འདྲེས་བཅས་ཀྱི་གསར་སྐྲུན་མཉམ་འདྲིས་ཁ་ཕྱོགས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱི་ཞིང་ཆེན་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་མི་རིགས་ལག་ཤེས་བཟོ་རྩལ་དང་རིག་གནས་སྒྱུ་རྩལ་བར་གྱི་བརྗེ་རེས་བྱ་འགུལ་ལ་ཤུགས་བསྣན་ནས་མི་རིགས་ས་ཁུལ་གྱི་ལག་ཤེས་བཟོ་རྩལ་གྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་ས་ཁུལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ས་གནས་རང་གི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤུས་ལེགས་འགྲེམས་སྟོན་བྱེད་པར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་སོགས་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱེད་པ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་སོགས་ཀྱི་ཐད་ལ་སྒྲུབ་པའི་བྱེད་ཐབས་ལེགས་པོ་བཟང་བོར་འཆད་དགོས་ཟེར།

སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ནང་དོན་དང་འཐུས་སྒོ་ཚང་བའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གིས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་ཐད་ཀྱི་ཐོབ་སྣང་དང་བདེ་སྣང་མཐོར་འདེགས་བཏང་བར་མ་ཟད། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་གསར་པ་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་ཧའེ་ཞིན་གྱིས་དེ་ལྟར་བཤད། ཁོས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་སོགས་མཚོ་འཕང་མཐོ་བའི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྟན་འཇགས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། སྤྱི་པའི་རིག་གནས་ཞབས་ཞུའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་མཚོ་སྔོན་སོགས་རོང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པར་ཤུགས་སྣོན་ཆེན་པོ་རྒྱག་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་སྒྲིག་གཞིའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་རིག་གནས་སྤྲིན་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སིམ་འཛུལ་རྣམ་པའི་རིག་གནས་གསར་སྐྲུན་དྲིལ་སྒྲོག་གི་རྣམ་པ་གསར་པ་རིམ་བཞིན་སྤེལ་དགོས། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་ལ། རིག་གནས་ཤུལ་བཞག་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཀྱང་ཡིན་པས། སྤྱི་པའི་རིག་གནས་ཞབས་ཞུ་གཞི་གྲངས་ཅན་གྱི་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་འབད་བརྩོན་བྱས་ནས་རོང་འབྲོག་ཁུལ་གྱི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་འཚོ། ཚེ་རིང་སྒྲོལ་མ།