གཅིག་གྱུར་འཆར་འགོད་ལ་མཐོང་ཆེན་བྱས་ཏེ་ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་དགོས།
2024.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི”བླང་བྱ་ལག་ལེན་གཏིང་ཟབ་བྱེད་པའི་སྐོར་གྱི་དཔྱད་གཏམ།

བྱེད་ཐབས་ནི་རིག་ལམ་འབྱེད་པའི་གཞི་རྩའི་གནད་འགག་ཡིན། བསམ་བློ་གཏོང་སྟངས་ནི་མི་རྣམས་ཀྱིས་འཇིག་རྟེན་ཤེས་རྟོགས་དང་གནད་དོན་ལ་ཞིབ་འཇུག་བྱེད་པའི་ལམ་བུ་དང་བྱེད་སྟངས་ཡིན། བསམ་བློ་གཏོང་སྟངས་ཡང་དག་ཡིན་མིན་དེ་ཏང་གི་བྱ་གཞག་དར་རྒུད་དང་རྒྱལ་ཕམ་ཇི་ཡོང་ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན།  བསམ་བློ་གཏོང་སྟངས་འགྲིག་ན་གཞི་ནས་གནད་དོན་ངོས་འཛིན་བྱེད་ཚད་མཐོ་ཞིང་གནད་དོན་ལ་དབྱེ་ཞིབ་བྱས་པ་གཞི་ནས་གཏིང་ཟབ་པ། བྱ་བ་སྒྲུབ་པ་གནད་ལ་འཁེལ་ཐུབ་པ་ལོ་རྒྱུས་དང་ལག་ལེན་གྱི་སྟེང་ནས་ར་སྤྲོད་ཡང་དག་བྱས་དོན།

གཅིག་གྱུར་འཆར་འགོད་ལ་དོ་སྣང་བྱེད་པ་ནི་ཧ་ཅང་གོ་ཆོད་པའི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་སྟངས་ཤིག་རེད། གཅིག་གྱུར་འཆར་འགོད་བྱེད་པར་སྔོན་འགྲོ་ནི་འཆར་འགོད་དང་གནད་འགག་ནི་གཅིག་གྱུར་ཡིན།  ངེས་པར་དུ་བསམ་བློ་གསལ་པོ་གཏོང་བ་དང་ཇུས་འགོད་ཡག་པོ་བྱེད་པའི་རྨང་གཞིའི་སྟེང་། དུས་ཐོག་ཏུ་བཀོད་གཏོང་དང་དོན་འཁྱོལ་གྱི་རྗེས་སུ་བསྙེགས་ཏེ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་མཉམ་འགུལ་ནུས་ལྡན་དང་ཕན་ཚུན་གཞོགས་འདེགས་བྱེད་པར་སྐུལ་འདེད་བཏང་ནས་ཕན་འབྲས་ཆེ་ཤོས་ཐོན་པར་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན།    གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ།  རྒྱུད་རིམ་ལྡན་པའི་ཇུས་འགོད་བཅས་བྱེད་དགོས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བར་རྒྱུད་རིམ་ལྡན་པའི་བསམ་གཞིག་དང་སྤྱི་འདོམས་ཀྱི་བྱེད་ཐབས་ལ་སྐད་ཅིག་ཙམ་ལའང་ཁ་འབྲལ་ཐབས་མེད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་དུ་ང་ཚོས་ངེས་པར་དུ་ཆ་ཤས་དང་ཁྱོན་ཡོངས་དང་། མིག་སྔར་དང་ཡུན་རིང་། གཙོ་གནད་དང་གཙོ་གནད་མ་ཡིན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ།   སྲིད་ཇུས་སོ་སོ་ཕན་ཚུན་མཐུན་འགྱུར་དང་མཉམ་ཤུགས་ཆགས་པར་བྱས་ནས་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་དགོས། རང་ངོས་འཕེལ་རྒྱས་ཀྱི་ལེགས་ཆ་དང་དུས་རབས་ཀྱིས་ང་ཚོར་སྤྲད་པའི་གོ་སྐབས་ལ་སྔར་ལས་དབྱེ་ཞིབ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས།  ཕན་ཡོད་ཀྱི་ཆ་རྐྱེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་ལེགས་པོ་བྱས་ཏེ།   ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་ལེགས་ཆ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་མངོན་གསལ་ཡོང་བར་བྱས་ཏེ།  འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མི་རིགས་ལ་ཕན་ཐོགས་པར་བྱེད་དགོས།

ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་དང་ལྗིད་རྫོབ་ཆེ་ན། དེ་ཙམ་གྱིས་ཁྱོན་ཡོངས་དང་རྩོད་སྒྲུབ་དང་། རྒྱང་རིང་བཅས་ཀྱི་མིག་རྒྱང་ལ་བརྟེན་ནས་གནད་དོན་ལ་ངོས་འཛིན་བྱས་ཏེ། ཉེ་དུས་དང་། དུས་དཀྱིལ། ཡུན་རིང་བཅས་ཀྱི་དམིགས་འབེན་གཅིག་གྱུར་འཆར་འགོད་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་ཇུས་འགོད་བྱེད་དགོས། ལས་དོན་སྣེ་མང་རྙོག་འཛིང་ཇི་ཙམ་ཆེ་ན། གཅིག་གྱུར་འཆར་འགོད་ལ་དེ་ཙམ་གྱིས་ཤུགས་སྣོན་བརྒྱབ་སྟེ་བྱ་བ་སོ་སོའི་གོམ་སྟབས་གཅིག་གྱུར་ཡོང་བར་བྱས་ནས་དམག་རྟ་ཁྲི་སྟོང་མང་པོ་མཉམ་དུ་སྤྱད་དེ་མཐར་རྒྱལ་ཁ་ཐོབ་པར་བྱེད་དགོས། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མ་དངུལ་འཇོག་པ་དང་འཛད་སྤྱོད་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གཏིང་རིམ་གྱི་བཅོས་བསྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཡོངས་ཁྱབ་ཏུ་འབྲེལ་བ་དང་།མང་ཚོགས་ཀྱི་ཁེ་ཕན་བར་ཕན་ཚུན་འབྲེལ་བར་བྱེད་པ། རིམ་པ་སོ་སོའི་ལས་བྱེད་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་ཡོངས་ཁྱབ་ཀྱི་འབྲེལ་བ་དང་མང་ཚོགས་ཀྱི་ཁེ་ཕན་འབྲེལ་བ་ཡིས་རིམ་པ་སོ་སོའི་ལས་བྱེད་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་སྤེལ་བཏང་བའི་མགོ་ཁྲིད་བྱེད་སྟངས་དང་བསམ་བློ་གཏོང་སྟངས། བྱ་བ་སྒྲུབ་སྟངས་བཅས་བེད་སྤྱོད་གང་ལེགས་བྱས་ཏེ།  རང་འགན་འཁྲི་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། གནད་དོན་ལ་ལྟ་བ་དང་ཐབས་ཇུས་འགོད་པ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་ཁྲོད་དུ་མ་ལག་རང་བཞིན་ལྡན་པའི་བསམ་གཞིགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ངང་བྱ་བ་སོ་སོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་བའི་རྩ་དོན་རང་བཞིན་དང་རྒྱུད་རིམ་རང་བཞིན། གསར་གཏོད་རང་བཞིན་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ།  རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་འོག་རྒྱུན་ཆད་མེད་པར་རང་འགུལ་ཐོབ་པར་བྱེད་དགོས།

དུས་རབས་གསར་པའི་རྒྱུགས་ལན་ཡག་པོ་འདེབས་མཁན་ཞིག་བྱེད་རྒྱུ་ནི་མཚོ་སྔོན་པ་ཚང་མའི་འགན་འཁྲི་ཞིག་རེད། ང་ཚོས་“རྒྱལ་དོན་གྱི་ཆེ་ཕྱོགས་”ཡིད་ལ་བཅངས་ནས།   ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པ། ཁྱོན་ཡོངས་ལ་ངོས་འཛིན་ཡང་དག་བྱེད་པ་དང་རང་རྟོགས་ཀྱིས་ཁྱོན་ཡོངས་ལ་བརྩི་འཇོག་བྱེད་པ། མཐའ་གཅིག་ཏུ་ཁྱོན་ཡོངས་ལ་སྲུང་སྐྱོང་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས།  རང་ས་ཁུལ་དང་རང་སྡེ་ཁག་གི་ལས་དོན་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་འཆང་བ།“མཛུབ་མོ་བཅུ་ཡིས་རོལ་དབྱངས་དཀྲོལ་བར་མཁས་པར”བྱས་ཏེ།  རང་ཉིད་ཀྱི་བསམ་གཞིགས་བྱེད་སྟངས་དང་བསམ་པའི་འཇིག་རྟེན་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་ལས་འཚམ་པར་བྱས་ཏེ། བྱ་བ་སོ་སོ་ཡང་དག་པའི་ལམ་དུ་ཕྱོགས་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཅིག་དང་ཁྱོན་ཡོངས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།  མིག་མདུན་དང་རྒྱང་རིང་འབྲེལ་མཐུད་བྱེད་པ་མཐའ་འཁྱོངས་བྱེད་པ། ནང་ཤུགས་དང་ཕྱི་ཤུགས་མཉམ་ལས་བྱེད་པར་རྒྱུན་འཁྱོངས་བྱེད་པ། བྱེད་རིན་ཡོད་མེད་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ།   གནད་དོན་ལ་བསམ་གཞིགས་སྔར་ལས་གཏིང་ཟབ་བྱེད་པ་དང་བྱ་བ་སྔར་ལས་དམ་འཛིན་བྱེད་པ།   བྱེད་ཐབས་སྔར་ལས་ཞིབ་ཕྲ་ཡིན་པ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་དོན་འཁྱོལ་དམ་འཛིན་ལྷོད་མེད་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བ་དང་། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་གང་ཐུབ་བྱེད་དགོས།

                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།