དུས་རབས་ཀྱི་འབོད་སྐུལ་དང་འགན་འཁྲི་ཡི་སྐུལ་འདེད། མི་དམངས་ཀྱི་རེ་སྒུག
2024.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

—“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་བསྟན་དོན།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”ཞེས་པ་ནི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་གི་ཁ་དོག་གསལ་པོ་དང་། སྐད་གསང་མཐོན་པོའི་འགྱུར་ཁུག་ཏུ་འགྱུར་བཞིན་འདུག འདི་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་ལག་ལེན་ཁྲོད་ཐོབ་པའི་གལ་འགངས་ཆེ་བའི་ཐུན་མོང་གི་ངོས་ཟིན་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་བྱས་ནས། དངོས་གནས་རྒྱུན་འཁྱོངས་ཡག་པོ་དང་སྲ་བརྟན་ཡག་པོ། རྒྱ་སྐྱེད་ཡག་པོ་བཅས་བྱས་ཏེ། གསར་གཏོད་ཡར་བརྩོན་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་མཉམ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གོང་བུ་གཅིག་ཏུ་བསྒྲིལ་དགོས།

བྱ་གཞག་འགྲུབ་མིན་གྱི་འགག་རྩ་ནི་སྒྲུབ་མཁན་གྱི་མི་དང་བྱ་བ་སྒྲུབ་མིན་ལ་ཐུག་ཡོད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལྡན་པའི་རྒྱང་སྐྱོད་ཅིག་ཡིན་པས། ངེས་པར་དུ་དེའི་ཆེད་དུ་སྔར་ལས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས་ལ། ངེས་པར་དུ་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་སྔར་ལས་ཆེ་བ་དར་སྤེལ་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུས་དར་ཆ་གསལ་སྒྲེང་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། གོ་སྐབས་དམ་འཛིན་དང་བདེན་འཛིན་དངོས་སྒྲུབ་ཀྱི་སྐད་གསང་མཐོན་པོར་སྒྲོག་དགོས།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་དུས་རབས་ཀྱི་འབོད་སྒྲ་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོར་ཁེངས་ཏེ། ཏང་ཡོན་ལས་བྱེད་པའི་སེམས་སུ་འཇགས་འདུག་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་སྟོབས་དང་ལྡན་པའི་སྤྱོད་ཚུལ་གྱི་འགན་ལེན་བཏོན་ཡོད།

“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”ལག་ལེན་བྱེད་པ་དེ་མཚོ་སྔོན་ལ་མཚོན་ན་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན། ད་ལྟ། མཚོ་སྔོན་ནི་ལོ་རྒྱུས་སྟེང་གོ་སྐབས་གལ་ཆེན་ལྡན་པའི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ལ། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་འཕེལ་རྒྱས་ཀྱིས་མི་འདང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཀྱང་སྔར་བཞིན་གནས་པས། གོ་སྐབས་དམ་འཛིན་བྱེད་བསམ་པ་ལ་ད་དུང་འགྲན་སློང་མང་པོ་ཁྱད་དུ་གསོད་དགོས་པའི་ཁར། 2035ལོར་སླེབས་སྐབས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས། རྐྱེན་དེ་དག་གིས་མཚོ་སྔོན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་དང་། ནུས་པའི་བྱང་ཚད། སྤྱོད་ཚུལ་གྱི་སྣང་བརྙན་བཅས་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྒྱིད་ལུག་ལྷོད་གཡེང་དང་ཕྱི་ཚུལ་ཙམ་འཛིན་པ། རྨོངས་མུན་གྱིས་སྒྲུབ་པ། རུལ་སུངས་གནད་དོན་བཅས་གང་ཞིག་ཡིན་རུང་། འཐུས་ཤོར་བྱུང་བ་ནི་ལོ་རྒྱུས་ཀྱི་གོ་སྐབས་དང་། གནོད་པ་སྐྱེལ་བ་ནི་ཏང་གི་བྱ་གཞག གནོད་འཚེ་ཐེབས་པ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་བཅས་ཡིན་པས། ངེས་པར་དུ་རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་རྒྱུན་མཐུད་ཀྱིས་སྤེལ་ཏེ་བསམ་སྦྱོར་ཐད་ཀྱི་འགྱུར་ལྡོག་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་སོགས་ཀྱི་གོམས་སྲོལ་ངན་པ་འདོར་དགོས།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”ལག་ལེན་བྱེད་པ་ནི་མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པ་ཚང་མས་བར་ཁྱད་ལ་གདོང་གཏད་དེ་རྗེས་ཟིན་པར་བྱེད་པ་དང་། དཔའ་ངར་ཞུམ་མེད་ཀྱིས་འབད་འབུངས་ལྷོད་མེད་བྱས་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སེམས་ཤུགས་སྐུལ་སློང་བྱེད་པ་རེད།

“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”ལག་ལེན་བྱེད་པར་དེའི་ཁྲོད་ཀྱི་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་དགོས།“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”ལ། གུང་ཁྲན་ཏང་མིས་བདེན་འཚོལ་དངོས་སྒྲུབ་ཀྱི་བསམ་བློ་དང་བྱ་བའི་བྱེད་ཐབས་གལ་ཆེན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྟོགས་པ་དང་སྤྱོད་པ། བསམ་པ་དང་སྒྲུབ་པ་ཡི་གཏན་ཚིགས་འབྲེལ་མཐུད་བྱེད་དགོས་པ་སྟེ། བྱ་བ་བསྒྲུབ་འདོད་པ་དང་བྱ་བ་དངོས་སྒྲུབ་པའི་རང་རྟོགས་དང་ནང་རྐྱེན་ནན་བཤད་བྱས་ཡོད་ལ། བྱ་བ་སྒྲུབ་ཤེས་པ་དང་བྱ་བ་འགྲུབ་པའི་འཇོན་ཐང་དང་ནུས་པའང་ནན་བཤད་བྱས་ཡོད་ཅིང་། ད་དུང་རང་གིས་རང་ལ་གཅུན་ཤུགས་ཆེ་རུ་གཏོང་བ་དེ་ལས་སྒྲུབ་ལས་སྐྲུན་བྱེད་པའི་ནང་གནས་ཀྱི་འགན་ལེན་ཡིན་པ་ཡང་ནན་བཤད་བྱས་ཡོད་པས། དེ་གསུམ་འབྲེལ་བ་དམ་ཟབ་ཡོང་བ་དང་གོ་དོན་མཐིལ་རྟོགས་བྱེད་དགོས་ན། ཕྱོགས་གཅིག་ལས་ཕྱོགས་གཅིག་མི་འཛིན་པ་བྱེད་མི་རུང་། ང་ཚོས་མ་ལག་ལྡན་པའི་ངོས་འཛིན་གྱི་ཁྲོད་དུ་གཞི་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་རྟོགས་སད་པ་དང་ཁག་ཁུར་ཡོད་པ། འབུལ་ཕོད་པ་བཅས་ཀྱི་ཁྲོད་དུ“ལས་བྱེད་པས་ལས་ལ་འབད་དགོས”ཡི་ལས་འགན་ཁོང་དུ་ཆུད་དགོས། ལངས་ཕྱོགས་དང་གནས་ཡུལ། བྱེད་ཐབས་བཅས་གསལ་བའི་སྒོ་ནས“རིག་ལམ་གསལ་དགོས་པ”ཁོང་དུ་ཆུད་དགོས། སྒྲིག་ཁྲིམས་སྲུང་བ་དང་གོང་བཀུར་ཡོད་པ། བློ་སྦྱོང་ཡོད་པའི་སྒོ་ནས“རང་གཅུན་དམ་དགོས་པ”ཁོང་དུ་ཆུད་དགོས། དེའི་ནང་གི་རིན་ཐང་གི་ལྟ་བ་དང་བྱ་བའི་རྩ་དོན་དེ་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་རང་རྟོགས་དོན་གཉེར་དང་བྱ་བའི་རྒྱུན་རྣམ་དུ་འགྱུར་བར་བྱས་ནས། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གི་ཁྲོད་དུ་ད་དུང“སྒྱིད་ལུག”གི་བསམ་བློ་དང་ནོར་འཁྲུལ་གྱི་སྲིད་དོན་ལྟ་བ། ཚན་རིག་དང་མི་མཐུན་པའི་བྱ་བ་བྱེད་སྟངས་བཅས་གནས་པ་མཐའ་གཅིག་ཏུ་འགྱུར་ལྡོག་གཏོང་དགོས། བསམ་པ་དང་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་བཀོལ་ནས། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏོང་བའི་ཁྲོད་དུ་ཏང་གཤིས་སྦྱོང་བརྡར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ལུས་སེམས་འབུལ་བའི་ཁྲོད་དུ་ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་དགོས།

“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”ནི་དུས་རབས་ཀྱི་འབོད་སྐུལ་དང་འགན་འཁྲི་ཡི་སྐུལ་འདེད། མི་དམངས་ཀྱི་རེ་སྒུག་བཅས་ཡིན་ལ། ང་ཚོས་རྒྱུགས་སྤྲོད་དུ་འགྲོ་བ་ལྟ་བུའི་རིག་པ་དྭངས་མོ་དང་བློ་བརྟན་འགྱུར་མེད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། བདེན་འཛིན་དངོས་སྒྲུབ་བྱ་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཞུམ་མེད་ཀྱི་འབད་འཐབ་ནུས་པ་དང་འཛད་མཐའ་མེད་པའི་གསར་གཏོད་ནུས་པ། གཅིག་ཏུ་བསྒྲིལ་བའི་བློ་ཁ་ཕྱོགས་ཤུགས་བཅས་གསོ་སྐྱོང་བྱས་ཏེ། ང་ཚོ་མི་རབས་འདིའི་མཚོ་སྔོན་པ་ལ་དབང་བའི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།