རྐང་ཚ་རྫོང་གིས་སློབ་གསོ་བཅོས་སྒྱུར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྣན།
2024.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

 ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ།  གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་། གནད་དོན་སེལ་ཐབས་བྱེད་པ། སློབ་གསོའི་མཉེན་ཆས་དང་མཁྲེགས་ཆས་མཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་བློ་ཁ་དང་མཐུན་པའི་སློབ་གསོའི་ལས་དོན་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱིས་སློབ་གསོ་ལ་བཅངས་བའི་རེ་བ་གསར་བ་རྒྱུན་ཆད་མེད་པར་བསྐངས།

གཅིག་ནས་རྐང་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོར་འགྲོ་སོང་གཏོང་བ་ནི་དམངས་ཚིས་ལས་དོན་གྱི“གཏོང་ཆ་དང་པོ་ཡིན་པར”ངེས་འཛིན་བྱས་ཏེ། རྩ་འཛུགས་མགོ་ཁྲིད་དང་འཕེལ་རྒྱས་འཆར་འགོད།    ཐོན་ཁུངས་དོ་སྙོམས་སོགས་ཀྱི་ཐད་ནས་འགན་ལེན་ནུས་ལྡན་བྱས།   ཉེ་བའི་ལོ་གསུམ་ནང་རིམ་རྩིས་བྱས་ན་སློབ་གསོ་ལ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་བཏང་ཞིང་། དེའི་ནང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་བདུན་ལྷག་བཏང་།  ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་།    མཁོ་སྤྲོད་རྒྱ་ཆེར་གཏོང་བ།    སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ།    ཐོན་ཁུངས་ནང་འདྲེན་བྱེད་པ་བཅས་ལ་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་ལྷག་བཏང་ཞིང་། བུ་བཅོལ་ཁང10གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་།    བུ་བཅོལ་ཁང་གི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་ལྟེ་བའི་དཔེ་སྟོན་གླིང་དང་།    སྡེ་ཆེན་གྱི་གཅིག་སྤྱོད་གླིང་།   སྡེ་བ་ཆུང་བའི་མཉམ་འབྲེལ་གླིང་བཅས་ཀྱི་སློབ་སྔོན་སློབ་གསོའི་རྣམ་པ་ཆགས་ཡོད།    གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་སྡེ་བ་སོགས་སྡེ་བ་རིམ་པའི་བུ་བཅོལ་ཁང་གི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་སྟེ། སློབ་གྲྭས་རྡོ་སོལ་ལ་བསྟེན་ནས་དྲོད་ལེན་པའི་ལོ་རྒྱུས་མཇུག་སྒྲིལ་བར་བྱས་ཤིང་།  དགེ་རྒན་གྱི་བྱ་བ་བསྒྲུབས་པའི་ཧུར་སེམས་མཐོ་རུ་ཕྱིན།

གཉིས་ནས་རྐང་ཚ་རྫོང་གིས་སློབ་གསོ་བཅོས་སྒྱུར་དེ་མགོ་རྩོམ་སར་བཟུང་ནས།《མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་སྤུས་ཚད་མཐོ་བའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《རྐང་ཚ་རྫོང་གི་སློབ་གྲྭ་ཆུང་འབྲིང་དུ་བྱས་འབྲས་བྱ་དགའ་དང་ཆད་གཅོད་ལག་བསྟར་བྱེད་ཐབས།(ཚོད་ལྟའི་ལག་བསྟར)》སོགས་སློབ་གསོ་བཅོས་སྒྱུར་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན། སྒོར་ས་ཡ་བདུན་ཅན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ནས་གནས་སྐབས་གདན་ཞུ་བྱས་པའི་དགེ་རྒན་དང་དགེ་རྒན་རྒན་པ48ཁ་གསབ་བྱས་པ་དང་།  སློབ་ལོ་མ་སོན་པའི་བྱིས་པར་བུ་རྫི18བཞག  སློབ་ལོ་མ་སོན་པའི“སློབ་གསོ་གཉིས་དང་འགན་ལེན་གཅིག”ཕྱོགས་ཡོངས་ནས་ཚད་ལོན་བྱུང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གྲུབ་ཆའི་རང་བཞིན་གྱི་སྒྲིག་ཁོངས་མི་འདང་བའི་གནད་དོན་ཞི་ལྷོད་དུ་བཏང་།      བྱས་འབྲས་དཔྱད་ཞིབ་ལག་བསྟར་བྱས་ནས་སློབ་གཙོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་དང་།    དགེ་རྒན་གྱི་བྱིས་པ་གསོ་སྐྱོང་གི་བརྩོན་སེམས་ལ་སྐུལ་འདེད་གཏོང་བ།    སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཆ་རྐྱེན་བསྐྲུན་ཡོད་པས།   སློབ་གཉེར་གྱི་ཁོར་ཡུག་ལེགས་པོ་ཞིག་ཆགས་ཡོད།    དེ་དང་ཆབས་ཅིག    སློབ་ཁྲིད་ཆུ་ཚད་ཀྱི་སྤུས་ཚད་དཔྱད་ཞིབ་ཚད་ལེན་བྱས་འབྲས་གཞིར་བཟུང་ཏེ་དགེ་རྒན་ལ་འགུལ་རྣམ་གྱི་རིམ་དབྱེའི་དོ་དམ་བྱས་ནས། “ལེགས་པོ་སོར་འཇོག་དང་འབྲིང་བ་ཟུར་བཤེར། ཐ་མ་རྟོག་ཞིབ་བྱེད་པ་གསུམ”གྱི་རྩ་དོན་ལྟར་བརྒྱུད་རིམ་རང་བཞིན་གྱི་ཚད་འབེབས་ལྟ་ཞིབ་བྱས་ནས་དོ་དམ་གྱི་ཕན་འབྲས་ཆེ་རུ་བཏང་ཞིང་།     རྨང་གཞི་དེའི་སྟེང་དགེ་རྒན་གྱི་ཆེད་ཁྲིད་ཅན་དང་སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས།  “དགེ་རྒན་རྐྱང་བས”སློབ་ཁྲིད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་ཁྲིད་སྟོན་གྱོད་གཞིའི་སློབ་ཁྲིད་བྱེད་སྟངས་ལག་བསྟར་བྱས་ནས། སློབ་མའི་སློབ་སྦྱོང་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕན་འབྲས་ཆེ་བའི་སློབ་ཁྲིད་བྱེད་ཐུབ་པ་བྱས།   ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། རྐང་ཚ་རྫོང་གི་སློབ་གསོའི་སྤུས་ཚད་བརྟན་བརླིང་ངང་ཇེ་ལེགས་དུ་ཕྱིན་ཏེ། 2023ལོར་ཁུལ་ཡོངས་ཀྱི་ཡིག་རྒྱུགས་ཆེ་འབྲིང་ཆུང་གསུམ་གྱི་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ་དང་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

གསུམ་ནས་གོམ་གང་མདུན་སྤོས་ཀྱིས་ཚད་གཞི་གཉིས་ལྡན་གྱི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ།  སྲིད་གཞུང་དང་།    སྡེ་ཁག   སློབ་གྲྭ དེ་བཞིན་ཁྱིམ་བདག་བཅས་མཉམ་དུ་ཞུགས་པའི་མཉམ་འབྲེལ་ཚོད་འཛིན་འགན་ལེན་གྱི་འོས་འགན་གཟབ་ནན་དུ་བཏང་ནས། སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་ཇེ་དམའ་རུ་མི་འགྲོ་བ་བྱས།     རྫོང་ཡོངས་སུ་སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད་དང་།    འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད།    དབང་པོ་སྐྱོན་ཅན་བྱིས་པའི་སློབ་ཞུགས་བྱས་ཚད།    མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱས་ཚད་བཅས་ཇེ་མཐོར་སོང་ཡོད།     དུས་མཚུངས་སུ།  “སྲིད་ཇུས་ཇེ་ཉུང་དུ་མི་གཏོང་བ་དང་།    འགན་འཁྲི་ཇེ་ཉུང་དུ་མི་གཏོང་བ།    རོགས་སྐྱོར་ཇེ་ཉུང་དུ་མི་གཏོང་བ།    ལྟ་སྐུལ་དོ་དམ་ཇེ་ཉུང་དུ་མི་གཏོང་བ”བཅས་ཀྱི་བྱ་བའི་རྩ་དོན་ལ་གཞིགས་ནས།  སློབ་མའི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། 2023ལོ་ཁོ་ནར་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྤྱི་སྤྱོད་གྲོན་དངུལ་སྒོར་ས་ཡ་དགུ་དང་འབུམ་བཞི་ཁྲི་གསུམ་ལྷག་དོན་འཁྱོལ་བྱས་པ་དང་། འཚོ་བའི་ཁ་གསབ་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དགུ་ཁྲི་གཉིས་ལྷག་ཏུ་བསླེབས།    སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་གཅིག་ལྷག་བཏང་།     རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བྱ་དགའི་ཁ་གསབ་དང་།    ཙི་ཧེའེ་འཆར་གཞི།   ཟིལ་ཆུ་འཆར་གཞི་སོགས་རིགས་སོ་སོའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་ལྔ་ཁྲི་གསུམ་ལྷག་བཏང་བས། སློབ་མ་མི་ཐེངས2056ལ་ཕན་ཐོགས་བྱུང་བ་དང་། སློབ་ཆེན་སློབ་མ315ལ་སློབ་ཁུངས་ས་ཆའི་སློབ་སྐྱོར་དངུལ་བུན་སྒོར་ས་ཡ་གསུམ་ལྷག་སྐྱིས་ནས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར“ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་དང་རོགས་རམ་བྱེད་དགོས་རིགས་རོགས་རམ”བྱེད་པའི་བྱ་བར་འགན་ལེན་བྱས་པ་རེད།

བཞི་ནས“རྫོང་ཡོངས་ཀྱི་འབྲོག་ཁུལ་གྱི་བྱིས་པ་མང་ཆེ་བ་ཆུང་དུས་ནས་སྐད་ཡིག་རྐྱང་པའི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བ་དང་སྤྱི་སྐད་ཀྱི་རྨང་གཞི་ཞན་པས།    སློབ་གྲྭར་ཞུགས་རྗེས‘དགེ་རྒན་གྱིས་ཁྲིད་དཀའ་བ་དང་སློབ་མས་སྦྱོང་དཀའ་བའི’གནད་དོན་ལ་དམིགས་ནས།     རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་དེ་སློབ་གྲྭའི་རྒྱུན་གཏན་དོ་དམ་ཁྲོད་བཅུག་ནས་སྐད་ཡིག་ལས་དོན་གྱི་དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད།    ཉེ་བའི་ལོ་གསུམ་ནང་དགེ་རྒན2000ལྷག་སྒྲིག་འཛུགས་བྱས་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ཁྲོད་ཞུགས།     དེ་དང་ཆབས་ཅིག  སློབ་ཞུགས་གོང་གི་བྱིས་པའི་སྤྱི་སྐད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བར་བྱེད་ཐབས་སྤེལ་ནས། བྱིས་པས་སྤྱི་སྐད་སློབ་སྦྱོང་བྱེད་རྒྱུ་དེ་སློབ་གསོའི་བྱེད་སྒོ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ། “བྱིས་པའི་སྤྱི་སྐད”ཀྱི་འཆར་གཞི་ལག་བསྟར་བྱས་ནས་སློབ་ཞུགས་གོང་སྤྱི་སྐད་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།    “གཉིས་འཕྲིའི”གོ་སྐབས་དང་བསྟུན་ནས་ཡིག་གཟུགས་དང་།    དཔེ་ཀློག  སྒྲུང་བཤད་པ།    རང་རྒྱལ་གྱི་གནའ་བོའི་རིག་གནས་དཔེ་ཀློག་བྱེད་པ།    གཏམ་བཤད་སོགས་ཀྱི་འགྲན་བསྡུར་དང་དགེ་རྒན་གྱི་རྨང་གཞིའི་ནུས་པ་མཐོར་གཏོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།