དངོས་དོན་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་དུ་ལེན་དགོས།
2024.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་དགོས།

བྱ་སྤྱོད་གཅིག་ནི་རྩ་འཛིན་གཅིག་ལས་ལྷག    “ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པ་ནི་སྤྱིར་ན་དངོས་སྒྲུབ་ཁྲིད་ཕྱོགས་དང་སྐུལ་སློང་བྱེད་པ་ནི་འགན་འཁྲི་འཁུར་བའི་སྙིང་སྟོབས་ཡིན་པས། ང་ཚོ“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པ”བཅས་ཀྱི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལག་ལེན་ཁྲོད་ནས་ཐོབ་པའི་ཐུན་མོང་ངོས་འཛིན་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད་པས།    དེ་ཤོག་བུའི་ཐོག་ནས་སྟོང་བཤད་བྱེད་མི་རུང་ལ།     ཤེས་སྤྱོད་ཟུང་འབྲེལ་གྱི་ལག་ལེན་དངོས་ཀྱི་ཁྲོད་དུ“ལས་སྒྲུབ”ཀྱི་བྱང་ཚད་དངོས་དང་།    “ལས་གཉེར”གྱི་འཇོན་ཐང་དངོས།    “གཟབ་ནན”གྱི་རྣམ་པ་གསར་པ་བཅས་ཆགས་པར་བྱས་ནས། སྙིང་རུས་གཏན་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། དངོས་གནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱུན་མི་ཆད་པར་དབྱར་མཚོ་རྒྱས་པ་བཞིན་གྱི་ནང་གནས་སྒུལ་ཤུགས་སྩོལ་དགོས།

གྲི་རྡོ་ལ་བརྡར་དགོས།    མིས་བྱ་བ་བརྒྱུད་ནས་སྦྱོང་བརྡར་བྱེད་དགོས།     “ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”ཞེས་པ་དེ་ཞིང་ཆེན་ཏང་ཨུའི་བླང་བྱ་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ནང་གནས་ཀྱི་དོན་གཉེར་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་བསྒྱུར་དགོས་པ་དང་། སྦྱོང་བརྡར་བྱེད་ལམ་ཡག་ཤོས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོ་དེ་རེད།     གཡུལ་སར་བསྐྱོད་ཚེ་གཞི་ནས་ནུས་པ་ངོ་མ་འདོན་ཐུབ་མིན་དང་།    གཞི་ནས་རྒྱ་ཆེའི་ལས་བྱེད་པས“ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”པ་བཅས་ལག་ལེན་བསྟར་བར་ཕན་འབྲས་ཐོན་མིན་ཞིབ་བཤེར་བྱེད་ཐུབ།     ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་དང་།   རྙོག་འཛིང་ཆེ་བའི་ཁོར་ཡུག དོན་དངོས་ཀྱི་འགལ་ཟླ་བཅས་ཀྱི་ཁྲོད་དུ་བསམ་བློའི་ངར་སྐུལ་དང་།    ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར་ནན་མོ་བཅས་བྱས་ཚེ་གཞི་ནས་རྒྱལ་ཁ་ཆེན་པོ་ལོན་ཐུབ་ཞེས་པ་ནང་བཞིན་རྒྱ་ཆེའི་ལས་བྱེད་པའི་སྤྱོད་ཚུལ་བཟང་པོ་དེ་སྐྱོད་ལམ་གསར་པའི་སྟེང་གི་བྱེད་ཐབས་གསར་པར་བསྒྱུར་ནས་ཏང་དང་མི་དམངས།    དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཁྲོད་རང་ཉིད་དང་བྱ་བ་དེའི་ནང་བཅུག་ནས་བྱ་བར་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་དང་གནད་དོན་ཐག་གཅོད་བྱེད་པའི་ཤུགས་རྒྱག་ས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་།    དམིགས་འབེན་གྱི་ཁྲིད་ཕྱོགས།    གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། བསམ་ཕྱོགས་གསལ་བོ་བྱེད་པ་དང་འགན་འཁྲི་ཏན་ཏིག་སྒྲུབ་པ།    དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པ་དང་སྙིང་རུས་ཆེན་པོས་དོན་འཁྱོལ་བྱེད་དགོས།

མིག་སྔར་མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། ང་ཚོས་མགོ་རྩོམ་ས་སྔར་ལས་མཐོ་བའི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། འགྲན་སློང་སྔར་ལས་ཛ་དྲག་ཆེ་བ་དང་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་བས། དཀའ་ཚེགས་སྔར་ལས་ཆེ་བའི་འབད་བརྩོན་བྱེད་དགོས་པ་མ་ཟད་འཐབ་རྩོད་ཀྱི་བློ་གྲོས་དང་བྱེད་ཐབས་ལ་དེ་བས་ཉམས་སད་ཐེག་དགོས།     ངག་རྒྱུན་དུ“ཆུ་རྐྱལ་ཤེས་དགོས་ན།    ཆུ་འགྲམ་དུ་ལངས་ན་ཕན་ཐོགས་མེད”ཅེས་བཤད་སྲོལ་ཡོད།     འཐབ་རྩོད་ཀྱི་ནུས་པ་ནི་ལྷན་སྐྱེས་ནས་ཡོད་པ་ཞིག་མ་ཡིན་པར།    འཐབ་རྩོད་ཀྱི་ཁྲོད་དུ་གཞི་ནས་འཐབ་རྩོད་བྱེད་ཤེས་པ་དང་།    འཐབ་རྩོད་ཀྱི་ཁྲོད་དུ་གཞི་ནས་འཚར་ལོངས་དང་མཐོར་འདེགས་བྱེད་ཐུབ།     ལག་ལེན་དངོས་ཀྱི་ཐོག་ནས་དཀའ་ངལ་ཇི་ཙམ་ཆེ་བ་དང་འགལ་ཟླ་ཇི་ཙམ་མང་བའི་ས་གནས་དང་། གནས་བབ་ཇི་ཙམ་ཛ་དྲག་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་དུས་སྐབས་སུ་དེ་ཙམ་གྱིས་བློ་སྟོབས་སྦྱོང་བརྡར་དང་།    བློ་སྟོབས་སྐྱེད་པ།    འཇོན་ཐང་འཕེལ་བ་བཅས་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད།     རྒྱ་ཆེའི་ལས་བྱེད་པ་ཚོས་དཀའ་ཚེགས་ཆེ་བའི་ས་ཁུལ་དང་།    རྙོག་འཛིང་ཆེ་བའི་ཁོར་ཡུག གཞི་རིམ་གྱི་ལས་ཡུལ་དང་པོ།    ངར་ཤུགས་སྐུལ་བའི་ལས་གནས་བཅས་ནང་ཧུར་ཐག་གིས་ཞུགས་ནས་ཕུགས་འདུན་སྒྲུབ་སླ་བ་དང་།    བྱ་བ་སྒྲུབ་སླ་བ།    འགན་འཁྲི་ལྗིད་མོ་འཁུར་བ་བཅས་དོན་གཉེར་བྱེད་པ་དང་།    འཐབ་རྩོད་ཀྱི་གནས་བབ་གསལ་རྟོགས་དང་།    འཐབ་རྩོད་ཀྱི་བློ་སྟོབས་ཆེ་རུ་གཏོང་བ།    འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ།    འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སྲ་ཞིང་བརྟན་པའི་རྐང་འཛིན་ནུས་པ་དང་འཇོན་ཐང་དངོས་སུ་འགྱུར་བར་བྱེད་དགོས།     རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཀྱང་མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་འགན་འཁྲི་འཁུར་བར་ཁྲིད་སྟོན་བྱས་ཏེ།    མི་བཀོལ་སྤྱོད་ལམ་ལུགས་ཀྱི་ཐད་ནས་རྩ་འཛུགས་དེ་ལས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དུ་བརྩི་དགོས།

ཡང་ལོ་གཅིག་གི་དཔྱིད་ཀྱི་དཔལ་ཡོན་ཤར་བ་དང་འབད་འབུངས་ཡར་བརྩོན་གྱི་སྐབས་དེ་དང་ཏག་ཏག་འཁེལ་ཡོད།     ང་ཚོའི་ལས་དོན་ནི་སྔར་ནས་བཟུང་ལེགས་འགྲུབ་ཡོང་རྒྱུར་བསྒུགས་ནས་སྡོད་མྱོང་མེད་པ་དང་།    ལེགས་འགྲུབ་ཡོང་རྒྱུ་ཁོ་ན་ལས་གཞན་མེད།     ང་ཚོས་ལས་དོན་ནི་འགྱུར་ཁུག་དང་བསྟུན་ནས་འགན་འཁྲི་འཁུར་ཕོད་པ་དང་འཇོན་ཐང་སྦྱོང་བརྡར་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་།    ནམ་ཡང་ལྷོད་གཡེང་མི་བྱེད་པའི་རྣམ་པའི་ཐོག་ནས་སྐྱོད་ལམ་གསར་པར་འབད་པས་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།