ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་བྱས་རྗེས་གསར་པ་མངོན།
2024.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ངེས་པར་དུ་ཆབ་སྲིད་ཆེ་ཤོས་སུ་བརྩི་དགོས་”ཞེས་བསྟན་ཡོད།     ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་རྒྱུར་དམིགས་ནས“ཕྱོགས་བཅུའི”གཙོ་གནད་ལས་འགན་དང“གཅིག་སྡུད་བདུན”གྱི་བྱ་བ་བཀོད་སྒྲིག་བྱས།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམངས་ཚིས་ལེགས་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ནུས་གལ་ཆེན་འཁུར་དགོས་ཚེ། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཞེས་པའི་ཁྱོན་ཡོངས་ལ་གཞི་ཚུགས་ནས། “ལས་བྱེད་པས་ལས་ལ་འབད་དགོས།   རིག་ལམ་གསལ་དགོས།    རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་ལེན་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་འབྲེལ་གནས་དང་།  མགོ་རྩོམ་ས་དང་རྐང་འཛུགས་ས་འཕྱུགས་མེད་ངང་བཙལ་ནས་ཧུར་ཐག་གིས་བྱས་རྗེས་གསར་པ་འཇོག་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་འཕེལ་རྒྱས་སྟེང་བྱས་རྗེས་གསར་པ་འཇོག་དགོས།     མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ནི་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་གནས་སྟངས་འོག་གི་འགན་ནུས་སྡེ་ཁག་གལ་ཆེན་ཞིག་ཡིན་ཞིང་།    “མཐོ་ས་”འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་འགན་སྲུང་དང་།    རིག་སྟོབས་ཀྱི་རྒྱབ་སྐྱོར།    ལས་ཞུགས་ལས་གནས་མཁོ་འདོན་སོགས་ཀྱི་ཞིབ་ཕྲའི་ལས་འགན་འཁུར་གྱིན་ཡོད།     ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་རྒྱུན་མཐུད་ངང་སྟོབས་ཆེར་བཏང་སྟེ། “མཐོ་ས”འཛུགས་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བཏོད་དེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་དང་སྐྱེ་ཁམས་དཔལ་ཡོན་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་།    ལྗང་མདོག་དཔལ་འབྱོར་དང་སྐྱེ་ཁམས་ཡུལ་སྐོར་ཁྱབ་ཁོངས་ཀྱི་ལས་ཞུགས་ལས་གནས་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཏེ།    སྐྱེ་ཁམས་ཁྱབ་ཁོངས་ཀྱི་དམིགས་བསལ་ཤེས་ལྡན་པ་ནང་འདྲེན་དང་།    ལས་དོན་ལས་ཁུངས་སུ་མི་སྣ་གདན་ཞུ་བྱེད་པ།    མི་སྣའི་སློབ་གསོ་གསོ་སྦྱོང་བྱེད་པ།    ཆེད་ལས་གོ་མིང་དཔྱད་བསྡུར་གདན་ཞུ་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་།    ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་གྲོགས་ཅན་གྱི་ལས་ཁུངས་ཧུར་ཐག་གིས་འཛུགས་པ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས།

ཐོན་ལས་འཛུགས་སྐྲུན་བྱེད་པའི“གནས་བཞིའི”ཐད་བྱས་རྗེས་གསར་པ་འཇོག་དགོས།     ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་བྱས་པའི་འཐབ་ཇུས་གལ་ཆེན་ཞིག་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་ཐབས་ལམ་ཞིག་རེད།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ནི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་འཕེལ་རྒྱས་ཀྱི་ཟབ་ཞུགས་མཁན་གཙོ་བོ་དང་། ངལ་རྩོལ་ནུས་ཤུགས་བཀོད་སྒྲིག་དང་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས། ཁེ་ལས་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་ལ་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྩལ་ཡོད།     ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་།    ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ།    ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས“སྐུལ་འདེད་གཏོང་རོགས”ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།    མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་བསྐྲུན་ནས་ལས་ཞུགས་ལས་སྐྲུན་དང་།    མི་ཤུགས་ཐོན་ཁུངས་གསར་སྤེལ།    ཤེས་ལྡན་མི་སྣའི་དགོས་མཁོ་སོགས་གོ་སྐབས་གསར་པ་དང་བར་སྟོང་གསར་པ་འཚོལ་ཞིབ་བྱེད་མཁས་པོ་བྱེད་དགོས་ལ། གླ་ཕོགས་ཡོང་འབབ་བགོ་བཤའ་དང་སྤྱི་ཚོགས་འགན་སྲུང་གི་འདེགས་སྐྱོར་ནུས་པ་ཡང་འདོན་སྤེལ་བྱས་ཏེ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་།    དྭངས་གཙང་ནུས་རྒྱུ།    སྐྱེ་ཁམས་ཡུལ་སྐོར།    ཁྱད་ལྡན་ཞིང་ཕྱུགས་ལས་སོགས་གཙོ་གནད་ཁེ་ལས་ཀྱི་ལས་མི་སྤྱོད་པའི་ཞབས་ཞུ་འགན་ལེན་དང་།    སྤྱི་ཚོགས་འགན་སྲུང་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ།    རྩལ་ནུས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་།    ཞི་མཐུན་ངལ་རྩོལ་འབྲེལ་བ་འཛུགས་པ་སོགས་ཀྱི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དེང་རབས་ཐོན་ལས་མ་ལག་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ལ་སྐུལ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་གཏོང་དགོས།     ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་དོ་སྙོམས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ས་གནས་སོ་སོའི་མང་ཚོགས་ཚོས་མྱོང་ཚོར་ཆེས་ཟབ་པ་ཞིག་རེད།     ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིང་པ་ཞོར་ལས་པ་གྲོང་མིར་འགྱུར་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་ལས་ཞུགས་དང་རྩལ་ནུས།    སྤྱི་ཚོགས་འགན་སྲུང་།    ཤེས་ལྡན་མི་སྣའི་མི་དོན་རོགས་སྐྱོར།    གནས་གཏན་འཁེལ་གྱི་རོགས་སྐྱོར་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དམངས་ཚིས་རྨང་གཞི་དང་དམངས་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།     མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་མཉམ་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། རྩ་འཛུགས་ཡོད་ལ་གཞི་ཁྱོན་ལྡན་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།     སྤྱི་ཚོགས་འགན་སྲུང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་མཉམ་སྤྱོད་དང་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས།     ཤེས་ལྡན་མི་སྣ་སོགས་ལ་ཕྱོགས་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ནས། གོ་མིང་ཕན་ཚུན་ཁས་ལེན་དང་ཤེས་ལྡན་མི་སྣས་ཐུན་མོང་ཐོག་གསོ་སྐྱོང་དང་མཉམ་སྤྱོད་བྱེད་པའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས།     མཚོ་སྔོན་ནི་མི་རིགས་བྱ་བའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས་ལས་དོན་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་དགོས།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་མང་ཚོགས་དང་ཞབས་ཞུ་འབྲེལ་གཏུག་བྱེད་རྒྱ་ཆེ་ཤོས་དང་འབྲེལ་བ་དམ་ཟབ་ཡོད་པས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དངོས་པོའི་རྨང་གཞི་དང་བསམ་པའི་སྟོབས་ཤུགས་དང་འབྲེལ་བ་ཡོད།     ཉེ་བའི་ལོ་འགའི་རིང་།    ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ལས་ཞུགས་སྲིད་ཇུས་ཀྱི་མཁོ་སྤྲོད་དང་མ་དངུལ་གྱི་རྒྱབ་སྐྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་འགན་སྲུང་དམངས་ཕན་བཟོ་སྐྲུན་དང་དེ་མིན་ཆོས་ལུགས་ལས་དོན་མི་སྣ་འགན་སྲུང་ནང་ཞུགས་ཚད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་།    གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དམིགས་བསལ་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ལ། ལས་དོན་ལས་ཁུངས་སུ་གདན་ཞུ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་དོན་འཁྱོལ་བྱས་པ་དང་།    མི་རིགས་སོ་སོའི་ཐུན་མོང་གིས་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།     མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། བཅོས་སྒྱུར་འཕེལ་རྒྱས་ཚང་མར“དོན་སྙིང་གསུམ”གྱི་འགན་འཁྲི་གཙོ་བོའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་དང་།    སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་ལེགས་སྒྲིག་དང་སྟེར་བ།    ངལ་རྩོལ་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ཡག་པོ་སྒྲུབ་པ་དང་། ཧུར་ཐག་གིས་ཞིང་ཆེན་ཕྱིའི་ལས་ཞུགས་འབབ་འཕར་དང་ཤེས་ལྡན་མི་སྣའི་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཡོང་ཆེད་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དམངས་ཚིས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས།     ཐུན་མོང་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན།    རིགས་སོ་སོའི་མང་ཚོགས་ཐུན་མོང་གིས་ཕྱུག་པོར་འགྱུར་བར་བྱེད་པའི་རླབས་ཆེའི་འཕེལ་རིམ་ཁྲོད།    བྱ་བ་ལེགས་པོར་བསྒྲུབ་པའམ་ཡང་ན་ཡོང་འབབ་བགོ་བཤའ་རྒྱག་པ་གང་ཡིན་རུང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྡེ་ཁག་ཚང་མས་འགན་འཁྲི་གལ་ཆེན་འཁུར་དགོས།     ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་སྐྲུན་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མི་དོན་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་གོམ་སྟབས་ལ་ཁྲིད་སྟོན་བྱས་ཏེ། སྤུས་ཚད་མཐོ་བའི་སྤྱི་ཚོགས་འགན་སྲུང་ཞབས་ཞུར་བརྟེན་ནས་ཐུན་མོང་ཕྱུག་འགྱུར་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་། མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་དགོས་པ་དང་།    ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་རིན་ཐང་དོན་གཉེར་དང་དངོས་ཡོད་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ།    མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་།    སྤྱི་ཚོགས་འགན་སྲུང་དང་དམངས་ཚིས་འགན་སྲུང་གི་བདེ་འཇགས་དྲ་བ་དང་།    ཡོང་འབབ་བགོ་བཤའི་སྙོམས་སྒྲིག་ཡོ་བྱད།    དཔལ་འབྱོར་འཁོར་སྐྱོད་ཀྱི་འགུལ་གཅོག་འཕྲུལ་ཆས་བཅས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས།    གཞུང་ཁོངས་ཁེ་ལས་ཀྱི་གླ་ཕོགས་བགོ་བཤའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།    མ་མཐའི་གླ་ཕོགས་ཚད་གཞི་ལེགས་སྒྲིག་དང་དཀའ་ངལ་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་དྲང་གཞག་དྲང་སྙོམས་ཀྱི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་ཕན་ཁེ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ཐད་བྱས་རྗེས་གསར་པ་འཇོག་དགོས།     བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས།    སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་།    སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བར་ཕན་པ་ཡོད།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་བ་དང་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བའི་མཆོག་ནོར་གལ་ཆེན་ཞིག་རེད།     ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྤྱི་ཚོགས་འགན་སྲུང་སོགས་བཅོས་སྒྱུར་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག སྒོ་འབྱེད་བསམ་གཞིག་ལ་བརྟེན་ནས“རྒྱུགས་པ་གསུམ་རྒྱུན་ལྡན་གཅིག”གི་བྱ་བའི་ལམ་སྲོལ་ལག་བསྟར་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་བཅས་ནས་རྒྱུན་ཆད་མེད་པར་སྲིད་ཇུས་དང་ལས་གཞི།    ཤེས་ལྡན་པ། མ་དངུལ་བཅས་ཀྱི་རོགས་རམ་ཐོབ་པར་བྱས། མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས། “མཚོ་སྔོན་གྱིeལས་ཞུགས”ཀྱིས་སྣེ་ཁྲིད་ནས“འཕྲེད་ཕྱོགས་དང་གཞུང་ཕྱོགས་རྒྱུན་འཁྱོངས་དང་།    གནད་གཅིག་ཏུ་འབྲེལ་ནས་དྲ་བ་གྲུབ་པ།    དམངས་ཡོངས་ལ་ཁྱབ་པ།    མཉམ་སྐྲུན་མཉམ་སྤྱོད”བཅས་ཀྱི་ལས་ཞུགས་བྱ་བའི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་ཏུ་བརྩིས་ནས། ཤེས་ལྡན་པ་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ་དང་། ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་ནུས་ལྡན་ངང་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ།    “མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་རུ་བསྐྱོད་པའི་བྱ་འགུལ”ཁྲིད་སྟོན་དུ་བྱས་ནས་སྲིད་ཇུས་དང་ཞབས་ཞུ། དྲིལ་སྒྲོག་གི“ཞབས་ཞུ་ཆེན་པོའི”རྣམ་པ་སྤེལ་ནས། དོན་དག་གི་རྩིས་ཐོ་དང་ཕྱོགས་གསུམ་གྱི་གྲོས་མཐུན་སོགས་ནང་དོན་ཞིབ་ཚགས་ཅན་དང་དོན་དངོས་ཅན། བྱེ་བྲག་ཅན་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ནང་གནས་སྒུལ་ཤུགས་ལ་སྐུལ་སྤེལ་དང་དམངས་ཚིས་བདེ་སྐྱིད་ཀྱི་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།

གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཡོང་བའི་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས།     བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་།    འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན།     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་དོ་དམ།    སྤྱི་པའི་ཞབས་ཞུ་སོགས་ཀྱི་འགན་ནུས་ཁུར་ནས་བདེ་འཇགས་དང་བརྟན་བརླིང་ཁག་ཐེག་བྱ་རྒྱུ་ནི་ཚད་མཐའི་བླང་བྱ་ཡིན།     ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་ཐེབས་རྩའི་བདེ་འཇགས།    མི་དོན་རྒྱུགས་ལེན་གྱི་བྱ་བ་བདེ་འཇགས་ཡིན་པ་དང་།    འཆམ་མཐུན་ངལ་རྩོལ་འབྲེལ་བ་གཏོད་པ་སོགས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།     མ་འོངས་པར་ཁ་ཕྱོགས་སྐབས་ངེས་པར་དུ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།    ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ།    ཞིང་པ་ཞོར་ལས་པར་གླ་ཕོགས་སྟེར་བའི་འགན་སྲུང་བྱ་བ་མུ་མཐུད་དུ་ཡག་པོར་སྒྲུབ་པ།    སྤྱི་ཚོགས་འགན་སྲུང་ཐེབས་རྩའི་བདེ་འཇགས་དང་དངུལ་གཏོང་སྤྲོད་བྱེད་པའི་ཉེན་ཁ་འགོག་ཟོན་དང་སེལ་བ།    སྤྱི་ཚོགས་འགན་སྲུང་ལས་སྒྲུབ་ཚོམས་ཆེན་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི།    དེ་མིན་ལས་དོན་ལས་ཁུངས་ཀྱི་གསོ་སྦྱོང་སྒྲིག་གཞིར་བདེ་འཇགས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་སྒོ་འཕེལ་རྒྱས་དང་བརྒྱུད་རིམ་ལྡན་པ།    ལས་རིགས་བདེ་འཇགས་བཅས་ཀྱི་ཐོག་ནས་མཚོ་སྔོན་ཡུན་རིང་བདེ་འགོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།