སྒྲིག་ཁྲིམས་ནན་སྲུང་དང་སློབ་སྲོལ་དོན་གཉེར། ཤེས་བྱར་བརྟེན་ནས་སྤྱོད་ཚུལ་ནན་མོ་ཡོང་བར་སྐུལ་འདེད་གཏོང་དགོས།
2024.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

---ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གྲོས་སྡུར་སྐོར་གྱི་དཔྱད་བརྗོད།

སྒྲིག་ཁྲིམས་ནན་མོ་ནི་ལས་དོན་འཕེལ་རྒྱས་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོར་སྲུང་རྒྱུ་ནི་ལྷག་བསམ་དཀར་པ་དང་སྤྱོད་ཚུལ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན། ཟླ4ཚེས9ནས་ཚེས11ཉིན་བར། ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས།

དཔེ་ཀློག་འཛིན་གྲྭས་ཞིང་ཆེན་ཡོངས་ཀྱི"གནད་འགག་ཉུང་ཤས"ཁྲོད་ཀྱི"གནད་འགག་ཉུང་ཤས"གཅིག་བསྡུས་བྱས་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དེ། གསར་དུ་བཟོ་བཅོས་བརྒྱབ་པའི<<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་ཐད་ཚད་གཞི་བཙུགས་ཤིང་མིག་དཔེ་བསྟན།

སློབ་མ་ཚོས<<སྲོལ་ཡིག>>ལ་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ལེའུ་རེ་རེ་བཞིན་དང་དོན་ཚན་རེ་རེ་བཞིན་སེམས་ཞིབ་མོས་སློབ་པ་དང་དངོས་ཡོད་དང་འབྲེལ་ནས་སློབ་སྦྱོང་བྱས་ཤིང་། རང་རྟོགས་སྒོས་ཚད་གཞི་བསྡུར་ནས་མི་འདང་ས་འཚོལ་ཞིབ་བྱས་ཏེ། དེའི་ཁྲོད"ལྡོག་ཕྱོགས་ཀྱི་རྩིས་ཐོ"འཚོལ་བ་དང་། དེའི་ཁྲོད"ད་ཡོད་ཀྱི་དྲིས་ལན"འཚོལ་ཞིབ་བྱས་ཏེ། སྒྲིག་ཁྲིམས་ལ་གོ་བ་ལོན་པ་དང་སྦྱངས་པ་གོ་ཆོད་ཡོང་བར་བྱས།

སློབ་མ་ཚོས་སློབ་སྦྱོང་སྐབས་སུ་སེམས་རྣལ་དུ་ཕབ་ནས་ནན་ཏན་སྒོས་སློབ་སྦྱོང་དང་སེམས་ལྷོད་ལ་བབས་ཏེ་གོ་བ་ཟབ་མོ་བླངས་ཤིང་། གྲོས་བསྡུར་བརྗེ་རེས་ཁྲོད་ཉམས་མྱོང་གི་བློ་སྒོ་ཕྱེ་བ་དང་ཉེན་བརྡའི་སློབ་གསོའི་ཁྲོད་སློབ་གསོ་མང་པོ་ཐོབ་པ་དང་། སྒྲིག་ཁྲིམས་གསལ་བོའི་ཁྲོད་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་དང་རང་གཅུན་རང་འདོམས་ལ་ཤུགས་སྣོན་པ། འགོག་སྲུང་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

སློབ་མ་ཚོས་སློབ་སྦྱོང་བྱེད་པའི་རིང་སློབ་ཁང་དུ་སློབ་སྦྱོང་བྱེད་པ་དང་ཟ་ཁང་དུ་ཟ་མ་ཟ་བ། ཉལ་ཁང་དུ་སྡོད་པ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་བསྟར་བྱེད་པའི་ཞིབ་ཕྲའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། དཔེ་ཀློག་འཛིན་གྲྭའི་སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ནན་མོ་བྱས་ནས་སྒྲིག་ཁྲིམས་སྲུང་བའི་ཐད་རང་གཅུན་ནན་མོ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་བྱས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཡིན་ལ།རྒྱུན་སློབ་རྒྱུན་སྦྱོང་དང་།རྒྱུན་པར་གོ་ཟབ་ལེན་དང་བསམ་གཞིགས་ཡུན་རིང་གཏོང་བ། ལག་བསྟར་ལྷོད་མེད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། མུ་མཐུད་དུ་རྒྱུན་སྐྱོང་བྱ་དགོས།

སྒྲིག་ཁྲིམས་ནན་མོས་ལག་བསྟར་ལ་སྣེ་ཁྲིད་བྱེད་དགོས།

སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཛུགས་དགོས།

དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གི་བརྗོད་དོན་ནི་ཏང་གི་སྒྲིག་ཁྲིམས་ཡིན་པས། སྔོན་ལ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྒྱུད་སྐུད་དམ་པོར་འཛིན་དགོས།

དོ་དམ་ཐད་བླང་བྱ་ནན་མོ་འདོན་དགོས།

དཔེ་ཀློག་འཛིན་གྲྭའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་མོ་ལག་བསྟར་བྱས་པ་དང་། སློབ་མ་ཚོའི་བཟའ་སྡོད་སློབ་བཅས་ཚང་མ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བཀོད་སྒྲིག་བྱས་ཡོད་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་ཀྱིས་ཆེད་དུ་སློབ་སྲོལ་ལྟ་ཞིབ་ཚན་ཆུང་བཙུགས་ནས་དཔེ་ཀློག་འཛིན་གྲྭའི་སློབ་སྲོལ་དང་སྒྲིག་ཁྲིམས་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་བྱས་པ་རེད།

གཟབ་ནན་གྱི་དོ་དམ་གྱིས་གཟབ་ནན་གྱི་སྤྱོད་ཚུལ་མཚོན་པར་བྱས་ན། ད་གཟོད་སློབ་སྲོལ་ནན་མོའི་ཁོར་ཡུག་ཅིག་སྐྲུན་ཐུབ་པ་དང་། སློབ་མ་ཚོས་ད་གཟོད་སེམས་ལྷོད་ལ་བབས་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་ཐུབ།

ལྟ་ཞིབ་ཀྱི་གནས་་ཚུལ་ལ་བལྟས་ན། སློབ་སྦྱོང་བྱེད་པའི་སྐབས་སུ། སློབ་མ་ཚོས་སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ནན་མོ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་བསྟར་གྱི་ཞིབ་ཕྲའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱེད་པ། <<ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སློབ་མའི་དོ་དམ་གཏན་འབེབས>>དོན་འཁྱོལ་ནན་ཏན་བྱས་ཏེ། དུས་ཐོག་ཏུ་སློབ་ཁང་དུ་བསྐྱོད་པ་དང་། བློ་རྩེ་གཅིག་སྒྲིམ་ངང་འགྲེལ་བཤད་ལ་ཉན་པ། གྲོས་སྡུར་ཧུར་ཐག་བྱེད་པ་བཅས་བྱས་ནས་ལུས་སེམས་གཉིས་ཀ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ནང་ཞུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གི་མིག་དཔེ་བསྟན་ཞེས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་སྲོལ་ལྟ་ཞིབ་ཁང་གི་ཀྲུའུ་རིན་གཞོན་པ་མན་ཅི་ཧྥ་ཡིས་དེ་ལྟར་བཤད།

སློབ་སྦྱོང་གི་སྟེང་གཟབ་ནན་གྱི་སློབ་སྲོལ་འཛིན་དགོས།

ཚན་ཆུང་བགོས་ནས་སློབ་སྦྱོང་བྱེད་སྐབས། སློབ་ཁང་ནང་དུ་དཔེ་ཀློག་གི་སྒྲ་ལས་ཁ་བརྡའི་སྒྲ་ཐོས་མི་ཐུབ་པ་དང་། སློབ་ཁྲིད་སྐབས་སུ་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ནན་ཏན་སྒོས་ཉན་པ་དང་། ནན་ཏན་གྱིས་ཟིན་བྲིས་འགོད་པ། བསམ་བློ་ཞིབ་མོ་གཏོང་བ་བཅས་བྱས་ཏེ།བརྗེ་རེས་གྲོས་སྡུར་བྱེད་པའི་སྐབས་སུ་ཚང་མས<<སྲོལ་ཡིག>>དང་རང་སྟེང་གི་དོན་དངོས་ལ་དམིགས་ནས་གྲུབ་འབྲས་གླེང་བ་དང་། མྱོང་ཚོར་གླེང་བ། བསམ་ཚུལ་གླེང་། ཉེན་བརྡའི་སློབ་གསོའི་ནང་ཞུགས་སྐབས། ཉེ་འགྲམ་གྱི་དཔེ་མཚོན་རང་བཞིན་གྱི་དོན་དག་ལས་ཚང་མར་ཉེན་བརྡ་བཏང་བ་དང་། མཐའ་ཚད་གསལ་བོ་བྱས་ཤིང་། གུས་སྐྲག་ཤེས་པར་བྱས།

སློབ་སྲོལ་ཡང་ཏང་གི་སྤྱོད་ཚུལ་ཡིན། སློབ་སྲོལ་བཟང་པོ་ཡོད་ན། ད་གཟོད་གཞི་ནས་སློབ་སྦྱོང་ཡག་པོ་དང་ཕན་འབྲས་ཡག་པོ་ཐོན་ཐུབ། སློབ་སྲོལ་བཟང་པོའི་འགན་ལེན་ཡོད་ཚེ། ཏང་ཡོན་ལས་བྱེད་པས་ད་གཟོད་གཞི་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་ཐུབ་པ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་མཐོར་འདེགས་དང་། དངོས་སྒྲུབ་ཀྱི་ནུས་པ་ཇེ་ཆེར་གཏོང་ཐུབ།

ཐེངས་འདིའི་དཔེ་ཀློག་འཛིན་གྲྭའི་དོ་དམ་ཐད"ནན་མོ"ཞེས་པའི་ཡིག་འབྲུ་དེ་ལ་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིག་ཞིན་མིན་ལ་མྱོང་ཚོར་ཟབ་མོ་བྱུང་། ཞིང་ཆེན་ཏང་ཨུ་ཡིས་སྔར་བཞིན་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས་དཔེ་ཀློག་འཛིན་གྲྭའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་མོ་བྱས་པ་དང་། སློབ་སྦྱོང་གི་ནང་དོན་དང་། སློབ་ཚན་བཀོད་སྒྲིག གྲོས་སྡུར་བརྗེ་རེས། ཉེན་བརྡའི་སློབ་གསོ་བཅས་ཚང་མ་ནན་མོ་ཡིན་པ་དང་། སྒྲིག་ཁྲིམས་ནན་ཞིང་བླང་བྱ་ནན་མོ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སློབ་སྲོལ་གཙང་མ་དང་། དོ་དམ་ནན་མོ། སྒྲིག་ཁྲིམས་དམ་པོ་བཅས་སྤྱི་ཡོངས་ནས་ཚོར་ཐུབ་པ་བྱས་ཡོད།

དོ་དམ་ནན་མོ་དང་། སློབ་སྲོལ་གཟབ་ནན་དུ་གཏོང་བ་ནི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པའི་ཆེད་དུ་ཡིན། སློབ་སྲོལ་དང་དོ་དམ་ཐད་རེ་བ་ནན་མོ་བཏོན་པ་ནི་ང་ཚོ'ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས'པའི་བྱ་སྤྱོད་དངོས་ལ་བརྟེན་དགོས་པའི་བླང་བྱ་ཡིན་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེན་རང་བཞིན་དང་ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ། ཏང་གི་སྒྲིག་འགལ་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཚད་གཞི་ནན་མོ་ལག་བསྟར་བྱེད་པ་དང་སྒྲིག་ཁྲིམས་ནན་མོ་ལག་བསྟར་བྱེད་བྱེད་རྒྱུ་ཡིན་ཞེས་ཞིང་ཆེན་ཆུ་བེད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། འགོ་གཙོ་ལིག་ཙིག་ཅུན་གྱིས་དེ་ལྟར་བཤད།

སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ།

"སྒྲིག་ཁྲིམས་ཆེན་མོ་དྲུག"བློ་ལ་ངེས་པར་བྱེད་དགོས།

ཐེངས་འདིའི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གཙོ་བོ་ནི<<སྲོལ་ཡིག>>ལ་སློབ་སྦྱོང་བྱེད་རྒྱུ་དེ་རེད།

སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན་པ་དང་། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་རྩ་བའི་ཐབས་ཇུས་ཤིག་ཡིན། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལག་ལེན་ལས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་མོ་ནི་ཏང་ཡོངས་ཀྱི་འདོད་བློ་དང་། བྱ་སྤྱོད། གོམ་སྟབས་བཅས་གཅིག་གྱུར་བྱེད་པའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན་པ་དང་། ཏང་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་རྩ་བའི་འགན་ལེན་ཡིན་པ་ར་སྤྲོད་བྱུང་ཡོད། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། "གནད་འགག་ཉུང་ཤས"ཁྲོད་ཀྱི"གནད་འགག་ཉུང་ཤས"ལ་གཅིག་བསྡུས་སྒོས་རྩ་འཛུགས་བྱས་ཏེ<<སྲོལ་ཡིག>>ལ་སློབ་སྦྱོང་བྱེད་པ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ཟབ་མོ་བྱས་ནས་ཏང་ཡོན་གྱིས་རེག་མི་རུང་བའི"མཐའ་ཚད"དང་"མཐོ་གནོན་གློག་སྐུད"ཤེས་རྟོགས་ཐུབ་པ་བྱས་ནས་ཅི་ཞིག་སྒྲུབ་རུང་བ་དང་གང་ཞིག་སྒྲུབ་མི་རུང་བ་གསལ་བོར་ཤེས་པར་བྱས་ཏེ། སྒྲིག་སྲོལ་བརྩི་སྲུང་བྱེད་རྒྱུ་དེ་སེམས་སུ་འཛིན་དགོས།

སློབ་སྦྱོང་བྱེད་པའི་རིང་ལ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་མངོན་པར་བྱེད་པ་ནི<<སྲོལ་ཡིག>>ནང་གཏན་འབེབས་བྱས་པའི་བླང་བྱར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་ཟབ་མོ་བྱེད་པ་ཞིག་རེད།

དཔེ་ཀློག་འཛིན་གྲྭས་གོང་གིས་འོག་ལ་སྣེ་ཁྲིད་དེ། "གནད་་འགག་ཉུང་ཤས"ཁྲོད་ཀྱི"གནད་འགག་ཉུང་ཤས"གཅིག་བསྡུས་བྱེད་པར་སྣེ་ཁྲིད་དེ<<སྲོལ་ཡིག>>ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་དང་ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ། ཏང་གི་སྒྲིག་ལམ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་སེམས་སུ་འབབ་པར་སྐུལ་འདེད་གཏོང་དགོས།

སློབ་མ་ཚོས་སློབ་སྦྱོང་བྱས་ཏེ་གོ་བ་བླངས།---སློབ་སྦྱོང་བྱེད་པའི་སྐབས་སུ། སློབ་མ་ཚོས<<སྲོལ་ཡིག>>སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པ་བྱེད་པ་དང་། སློབ་སྦྱོང་བྱེད་པའི་སྐབས་སུ་བསམ་བློ་གཏོང་བ་དང་བསམ་བློ་གཏོང་བའི་ཁྲོད་སློབ་སྦྱོང་བྱས་ཏེ་རང་རྟོགས་སྒོས་ཚད་གཞི་བསྡུར་བ་དང་།ཞན་ཆ་འཚོལ་བར་དམིགས་པ་དང་། དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱས་ཏེ། ལེའུ་གཅིག་སྦྱངས་པར་གྲུབ་འབྲས་གསར་པ་ཐོབ་པ་དང་། སློབ་སྦྱོང་བྱས་རྗེས་མྱོང་ཚོར་ངོ་མ་ཡོད་པར་བྱས།

སློབ་སྦྱོང་ལ་གྲུབ་འབྲས་ཡོད་པར་བྱས།---ཐེངས་འདིར་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་ཏང་གི་སྒྲིག་ཁྲིམས་ནི་ཕོག་ཐུག་གཏོང་མི་རུང་བའི"མཐོ་གནོན་གློག་སྐུད་"ལྟ་བུ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དང་ཡིན་མིན་གྱི་གནད་དོན་ཐད་རང་རྟོགས་སྒོས་འཐབ་རྩོད་བྱེད་ཕོད་པ་དང་རལ་གྲི་འཕྱར་ཕོད་པ་བྱས་ཏེ། རང་གཅུན་ནན་མོ་དང་། འགན་འཁྲི་ནན་མོར་འཁུར་བ། ཁོངས་གཏོགས་ཁུལ་དོ་དམ་ནན་མོ་བྱེད་པའི་བསམ་བློ་དང་འགུལ་སྐྱོད་སྔར་ལས་རང་རྟོགས་དང་བརྟན་པོར་གྱུར།

སློབ་སྦྱོང་གི་སྐབས་སུ་སློབ་སྦྱོང་བྱེད་པ་དང་། བརྗེ་རེས་གྲོས་སྡུར་བྱེད་པ། ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། <<སྲོལ་ཡིག>>ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་ཏང་གི'སྒྲིག་ཁྲིམས་ཆེན་མོ་དྲུག'ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཅི་ཡིན་གསལ་པོ་ཤེས་པ་དང་། ཅི་ཞིག་སྒྲུབ་རུང་བ་དང་གང་ཞིག་སྒྲུབ་མི་རུང་བ་གསལ་པོར་ཤེས་པར་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བོར་རྟོགས་པ། སྒྲིག་ལམ་སྲུང་བའི་རང་རྟོགས་ཇེ་ཆེར་ཕྱིན་ཡོད་ཅེས་ཞིང་ཆེན་ཏང་ཨུ་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཐོན་ལས་གསར་པ་ལས་དོནཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་པའོ་ཁྲིན་གྱིས་སློབ་སྦྱོང་གི་མྱོང་ཚོར་སྐོར་གླེང་སྐབས་དེ་ལྟར་བཤད།

ཞིང་ཆེན་ནུས་ཁུངས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཧྥང་ཆིན་ཧྲིན་གྱིས་བལྟས་ན། ཐེངས་འདིའི་སློབ་སྦྱོང་དེ་ཡང་དོན་དངོས་སུ་རང་ངོས་ཀྱི་བྱ་སྤྱོད་ལ་ཡང་བསྐྱར་ཞིབ་བསྡུར་དང་། ལྟ་ཞིབ། བསམ་གཞིགས་བྱེད་པ་ཞིག་རེད།  <<སྲོལ་ཡིག>>ལ་སློབ་སྦྱོང་བྱེད་པ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་དུས་རྒྱུན་གྱི་གཏམ་སྤྱོད་ལ་ཚད་འཇལ་གསལ་བོ་བྱེད་པ་དང་། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་དག་བཅོས་བྱེད་རྒྱུ་དེ་ནང་སེམས་སུ་སིམ་པ་དང་ཕྱིའི་བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་བ་བྱེད་དགོས་པར་འདོད།

སྒྲིག་ཁྲིམས་ཤེས་པ་དང་སྒྲིག་སྲོལ་རྟོགས་པར་བྱེད་པ།

ཤེས་སྤྱོད་ཟུང་འབྲེལ་དེ་ལག་བསྟར་ལ་རག་ལས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེས་མཐའ་མཇུག་གི་རྐང་ཚུགས་ས་དེ་འགུལ་སྐྱོད་ལ་རག་ལས་པ་དང་། སློབ་སྦྱོང་གི་ཕན་འབྲས་དང་སློབ་གསོའི་འབྲས་བུ་དེ་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་ཡག་པོར་སྐྱོད་པ་དང་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་བའི་སྟེང་སྐྱོད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།

སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་མཐོང་ཆེན་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི"རང་ཚུགས་ཀྱི་རྩ་བ"ཡིན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ནི་ཕྱོགས་ཡོངས་དང་གཏིང་ཟབ་པོའི་ཆབ་སྲིད་སློབ་གསོ་དང་། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་། བསམ་བློ་གཙང་མར་གཏོང་བ་ཞིག་ཡིན་པ་མ་ཟད། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཞིག་ཀྱང་ཡིན། སློབ་མ་ཚོས<<སྲོལ་ཡིག>>ལྟར། རང་ཉིད་དང་། རང་ཉིད་ཀྱི་བྱ་བ། རང་ཉིད་ཀྱི་འགན་འཁྲི་སོགས་སྲོལ་ཡིག་གི་དགོངས་པ་དང་གཅིག་མཐུན་ཡོང་བ་བྱེད་པ་དང་། རང་སྟེང་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་དེ་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ཡིན་པར་གོ་བ་ལོན་དགོས།

དཔེ་ཀློག་འཛིན་གྲྭར་སློབ་སྦྱོང་བྱས་པ་བརྒྱུད། ངས་སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན་པ་དང་། སྒྲིག་ཁྲིམས་ནན་མོར་གཏོང་བ་ནི་ང་ཚོའི་ཏང་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་སྔར་ལས་ཟབ་མོ་བྱུང་ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཤད། ཁོས་བཤད་རྒྱུར། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་འཇོག་པ་དང་།  "ལས་བྱེད་པས་ལས་ལ་འབད་དགོས་པ་དང་། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་པའི"རྣམ་པ་ཞིག་བཏོད་དེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ་ཞིང་ཆེན་ཡོངས་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་བསམ་པའི་མཐོ་ས་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཟེར།

ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་དེས་ཞིང་ཆེན་ཏང་ཨུ་ཡིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་གང་ལེགས་ཀྱིས་མཚོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས'གཏན་འཁེལ་གཉིས'ལ་སྲུང་སྐྱོབ་དང་། 'སྲུང་སྐྱོང་གཉིས'ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རང་རྟོགས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཡོད།" ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། འགོ་གཙོ་ཐང་ཝན་ཧྥུན་གྱིས་བཤད་རྒྱུར། <<སྲོལ་ཡིག>>སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱས་ཏེ། སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྲུན་གྱིས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ལེགས་པོ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་མ་བཏང་། གོ་རིམ་རྗེས་མར<<སྲོལ་ཡིག>>སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་འཛུགས་སྐྲུན་དམ་འཛིན་བྱེད་པ། སྒྲིག་ཁྲིམས་འཛུགས་སྐྲུན་དམ་འཛིན་བྱེད་པའི་ལས་འགན་གལ་ཆེན་ཞིག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དུས་རྒྱུན་གྱི་བྱ་སྤྱོད་ཚད་གཞིར་བརྩིས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཟང་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མི་སྣ་ལེགས་པོ་ཞིག་བྱེད་པར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་ཡིན་་ཟེར།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མ་ཡིན་པར་དུས་རྒྱུན་སློབ་སྦྱོང་བྱེད་པའི་ཁྲོད་དུ་སྒྲིག་ཁྲིམས་སྲུང་བའི་བསམ་བློའི་རང་རྟོགས་བརྟན་པོ་འཛུགས་པ་དང་། གཏམ་སྤྱོད་ཀྱི་ཚད་འཇལ་གསལ་བོ་བཟོ་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བཅས་བྱ་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།