མཚོ་བྱང་ཁུལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་གཉེར།
2024.04.18 ཁུངས། མཚོ་བྱང་བོད་ཡིག་ཚགས་པར ཀློག་གྲངས། 10

 ཉེ་ལམ། མཚོ་བྱང་ཁུལ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་པ་དང་། ཁུལ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཏང་ཨུའི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་ལས་ཁུངས། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའི་ཧྲུའུ་ཅི་དང་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ།  ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ།   རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་། སྒྲིག་ཨུའི་ཧྲུའུ་ཅི། རྩ་འཛུགས་པུའུ་ཀྲང་བཅས་དཔེ་ཀློག་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། དཔེ་ཀློག་འཛིན་གྲྭས་སློབ་སྦྱོང་སྣེ་ཁྲིད་དང་གྲོས་བསྡུར་གཏམ་བཤད། ཚན་ཆུང་བགོས་ནས་སློབ་སྦྱོང་བྱེད་པ།  བརྙན་ལམ་ཟུར་ཁྲིད། ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་གཏིང་ཟབ་བྱས།

མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་ཐོག་བཤད་རྒྱུར། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་། སྒྲིག་ཁྲིམས་ནན་མོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་ཧྲུའུ་ཅི་ཁྲིན་ཀང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ།  “ལས་བྱེད་པས་ལས་ལ་འབད་དགོས་པ་དང་རིག་ལམ་གསལ་དགོས་པ།  རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང་།   “མཚོ་བྱང་གི་ལྔ”འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།    ཧྲུའུ་ཅི་ཁྲིན་ཀང་གི“ཅི་ཞིག་སྦྱོང་དགོས་པ”དང“གཙོ་གནད་སྦྱོང་བ”།  “ཇི་ལྟར་སྦྱོང་བ”།  “སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ”བཅས་འབྲེལ་ཡོད་ཕྱོགས་བཞིའི་སྐོར་གྱི་བླང་བྱ་ལྟར།  སློབ་སྦྱོང་གི་དམིགས་སའི་རང་བཞིན་ཇེ་དྲག་ཏུ་བཏང་སྟེ།  ངེས་པར་དུ་ཇི་མ་ཇི་བཞིན་སློབ་སྦྱོང་དང་དཔེ་བསྡུར་ཚད་བསྡུར་སྒོས་སློབ་སྦྱོང་།   གཙོ་གནད་འབུར་ཐོན་སྒོས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་སྒོས་སློབ་སྦྱོང་།  སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བསྒྱུར་ནས།   “མཚོ་བྱང་གི་ལྔ”འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ཐེངས་འདིའི་དཔེ་ཀློག་འཛིན་གྲྭའི་བརྗོད་དོན་མངོན་གསལ་ཡིན་པ་དང་བཀོད་སྒྲིག་ཞིབ་རྒྱས་ཡིན་པར་མ་ཟད། སློབ་སྲོལ་བཟང་བས་ཚང་མས་སློབ་སྦྱོང་ཆ་ཚང་བ་དང་བརྒྱུད་རིམ་ལྡན་ལ་ནན་ཏན་ཡིན་ཞིང་།  སྔོན་དཔག་གི་ཕན་འབྲས་ཐོན་ནས་ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་མགོ་ཡག་པོ་ཞིག་བཙུགས་ཡོད་ཟེར།  ཁོས་མུ་མཐུད་དུ་བཤད་རྒྱུར།  ཇི་མ་ཇི་བཞིན་དང་ཡིག་འབྲུ་རེ་རེ་བཞིན<<སྲོལ་ཡིག>>གསར་རྙིང་དཔེ་བསྡུར་དང་བརྒྱུད་རིམ་ལྡན་པའི་ངང་ཞིབ་ཀློག་དང་ཡང་ཡང་ཞིབ་ཀློག་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས།  ཉེན་བརྡའི་སློབ་གསོར་ཤུགས་བསྣན་ནས་ཏང་ཡོན་ལས་བྱེད་པར་དོགས་ཟོན་དང་མ་མཐའི་ཚད་ཐིག་གསལ་རྟོགས། གུས་སྐྲག་ཤེས་སུ་འཇུག་པ་བཅས་བྱས་ཏེ། ཉེན་བརྡའི་སློབ་གསོ་སེམས་ལ་ཟུག་པར་སྐུལ་འདེད་གཏོང་དགོས། སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རམ་འདེགས་ཡག་པོ་བྱས་ཏེ། སློབ་དེབ་དང་སློབ་ཚན་སྤུས་ལེགས་ཁག་ཅིག་གསར་སྤེལ་བྱེད་པ་དང་རིམ་པ་དང་རིགས་དབྱེ་སྟེ་མི་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ནས།  འགྲེལ་བཤད་གསོ་སྦྱོང་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། 221རྟེན་གཞིའི་གནས་རྙིང་སོགས་གསར་བརྗེའི་ཐོན་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་གཤིས་བློ་སྦྱོང་སྦྱོང་བརྡར་ཁྲོད་ཀྱི་བློ་འགུག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་རྒྱུན་རྣམ་དང་ཡུན་ཕན་ལ་སྐུལ་འདེད་གཏོང་དགོས།  གནད་དོན་བཅོས་སྒྲིག་དང་དོན་འཁྱོལ་བྱེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་ཚད་བསྡུར། ཞིབ་བཤེར་དང་བཅོས་སྒྲིག་བཅས་བྱས་ནས་ཞིབ་བཤེར་བཅོས་སྒྲིག་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་སྙིང་སྟོབས་ཀྱི་མཐོ་ས་བསྐྲུན་པ་དང་།  ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་ནས། ནུས་ཤུགས་ཡོད་རྒུས"ཚོང་འགུག་དངུལ་འདྲེན་ལོ"དང"བཟོ་ལས་མཐོར་གཏོང་ལོའི"སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་དང་།  སྡེ་བ་དང་རུ་ཁག་གི"བཅུ་ལྡན"བཟོ་སྐྲུན་དང་ལྗང་མདོག་རྩིས་རྒྱག་ནུས་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས"མཚོ་བྱང་ཤེས་པ་དང་། མཚོ་བྱང་ལ་དགའ་བ། མཚོ་བྱང་དར་རྒྱས་གཏོང་བ"བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཟེར།

མཚོ་བྱང་ཁུལ་ཏང་ཨུའི་ཧྲུའི་ཅི་གཞོན་པ།ཁུལ་གཙོ་ཀྲང་ཧྲིན་ཡོན་གྱིས་དཔེ་ཀློག་འཛིན་གྲྭ་མགོ་རྩོམ་པར་གཙོ་སྐྱོང་གནང་སྐབས"སློབ་སྦྱོང"འབུར་དུ་ཐོན་པར་བྱས་ནས་སེམས་ལྷོད་ལ་བབས་ཏེ"གཅིག་སྡུད་སློབ་ཚན"ལ་ཡག་པོར་ཞུགས་པ་དང་། ཐེངས་འདིའི་གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད<<སྲོལ་ཡིག>>གི་དོན་སྙིང་གཙོ་བོ་དང་གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས།   གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱེད་དགོས་ཤིང་། "བསམ་བློ"འབུར་དུ་ཐོན་པར་བྱས་ནས"ཞིབ་བསྡུར་སློབ་ཚན"ཡག་པོ་ཁྲིད་པ་དང་། དཔེ་མཚོན་གཏིང་ཟབ་ཀྱི་གྱོད་དཔེ་སྤྱད་དེ་ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་བསམ་བློའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། "བེད་སྤྱོད"འབུར་དུ་ཐོན་པར་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས"ལག་ལེན་སློབ་ཚན"ཡག་པོ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ"མཚོ་བྱང་གི་ལྔ"འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ནུས་ཤུགས་ཡོད་རྒུས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་བསམ་པའི་མཐོ་ས་བསྐྲུན་པ་སོགས་ཀྱི་འཕེལ་རྒྱས་དམིགས་འབེན་དང་ཟུང་འབྲེལ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།

དཔེ་ཀློག་འཛིན་གྲྭ་འཚོགས་པའི་སྐབས་སུ།  སློབ་མ་ཡོངས་ཀྱིས《སྲོལ་ཡིག》ཀློག་པ་དང་སློབ་སྦྱོང་། ཞིབ་འཇུག་གཏིང་ཟབ་དང་རྟོག་ཞིབ་བྱས་པ་བརྒྱུད།  ཚན་ཆུང་བགོས་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་བགྲོ་གླེང་བརྗེ་རེས་གཏིང་ཟབ་བྱེད་པ། བརྙན་ལམ་ཟུར་ཁྲིད་སློབ་ཁྲིད་ལ་ཉན་པ། མཚོ་བྱང་ཁུལ་ཏང་སྲོལ་སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞི་དང་།   ཧེ་ཡན་རྫོང་དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་། སྐལ་བཟང་གི་གཞིས་རྙིང་སོགས་སུ་ཉེན་བརྡའི་སློབ་གསོ་དང་ཏང་གཤིས་སློབ་གསོ་དང་ལེན་བྱས་ཏེ། སློབ་སྦྱོང་གི་ལས་འགན་སོ་སོ་ལེགས་འགྲུབ་བྱུང་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་དང་སྒྲིག་ཁྲིམས་སྒྲིག་ལམ་ལ་ཤུགས་སྣོན་པའི་སྔོན་དཔག་གི་དམིགས་ཡུལ་གྲུབ་ཡོད། 《སྲོལ་ཡིག》ལ་སློབ་སྦྱོང་དང“ལས་བྱེད་པས་ལས་ལ་འབད་དགོས་པ་དང་རིག་ལམ་གསལ་དགོས་པ།   རང་གཅུན་དམ་དགོས་པ”བཅས་ཀྱི་བླང་བྱ་ལག་ལེན་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་གྱི་སྟེང་གཅིག་གྱུར་ཏན་ཏིག་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོ་བྱང་གི་ལག་ལེན་གྱི་གྲུབ་འབྲས་དངོས་སུ་འགྱུར་བར་བྱེད་དགོས་ཟེར།

རྫོང་བཞིའི་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཅིག་རྗེས་གཉིས་མཐུད་ངང་གཉེར་བ་དང་།  རྫོང་སོ་སོའི་ཏང་ཨུའི་དཔེ་ཀློག་འཛིན་གྲྭ་སོ་སོས་ཀློག་པ་དང་སློབ་སྦྱོང་། གྲོས་བསྡུར་གཏམ་བཤད།  ཚན་ཆུང་བགོས་ནས་སློབ་སྦྱོང་། ཉེན་བརྡའི་སློབ་གསོ་སོགས་ཀྱི་རྣམ་པ་བརྒྱུད་ནས《སྲོལ་ཡིག》ལ་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་དང་།  ཆབ་སྲིད་ལ་བརྟག་དཔྱད་ཆེན་པོ། བསམ་བློའི་ཉམས་སད་ཆེན་པོ། བསམ་བློའི་སྦྱོང་བརྡར་ཆེན་པོ་བཅས་དང་ལེན་ཐེངས་གཅིག་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།