ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལེའུ་གསར་པ་ཡག་པོ་འབྲི་དགོས།
2024.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞི་རིམ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ལྡན་དང་གཞི་རིམ་བདེ་འཇགས་ཡིན་ན་གནམ་འོག་བདེ་འཇགས་ཡིན་པས།    ངེས་པར་དུ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་དམ་འཛིན་ཡག་པོ་བྱ་དགོས”ཞེས་ནན་བཤད་གནང་།    ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་དང་།    བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ།    དེ་ལས་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཡང་ཡིན།     “རྒྱུགས་སྤྲོད”ཀྱི་ལམ་བུ་གསར་པར་བསྐྱོད་ན།    ང་ཚོས་ངེས་པར་དུ་ཏང་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་སྐྲུན་དམ་འཛིན་ཏན་ཏིག་བྱས་ཏེ།    ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་དགོས།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་སྲིད་སྐྱོང་བའི་རྨང་རྡོ་ཡིན་ཞིང་།    རྨང་རྡོ་བརྟན་ན་ཐོག་ཁང་བརྟན་པོ་དང་།    རྨང་རྡོ་ལྷོད་ན་ཐོག་ཁང་གསེག་འགྲོ།     གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་དགོས། གཞི་རིམ་གྱི་རྨང་གཞི་བརྟན་པོ་དང་།    འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་དུ་གཏོང་བ།    གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ་བཅས་གཞི་རིམ་གྱི་རྨང་གཞི་འདིང་རྒྱུ་དམ་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།    གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས།     རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་།    གཞི་རིམ་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ལ་འགན་འཁུར་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།    དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།     གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།    ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་གཞི་རིམ་བཅོས་སྐྱོང་བྱེད་པའི་ཁྲོད། བློ་གཅིག་སེམས་གཅིག་དང་སྟོབས་ཤུགས་མཉམ་སྤྱོད་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་བྱ་དགོས།     ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ་དང་།    ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ།    རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་རྩ་འཛུགས་ཀྱི་ཁྱད་སྟོབས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ། གཞི་རིམ་གྱི་ཏང་རྩ་འཛུགས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་།    ཏང་གི་ཆོད་དོན་ལག་བསྟར།    གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ།    མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་བྱེད་པ།    བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

བག་མེད་ལོངས་སྤྱོད་ཀྱི་འགོ་བརྩམས་ན་རིམ་བཞིན་ཉེན་ཁ་ཐོན་ནས་འཇིག་སྲིད།     ལྕགས་རྡུང་ན་ཐོ་བ་མཁྲེགས་དགོས། རང་ངོས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་།“ལས་བྱེད་པའི་ལས་ལ་འབད་དགོས།  རིགས་ལམ་གསལ་དགོས།    རང་གཅུན་དམ་དགོས་པའི”ལག་ལེན་བླང་བྱ་གོ་བ་ཟབ་མོ་བླངས་ནས་ལག་ལེན་ནན་ཏན་བྱེད་དགོས་པ་དང་། ནུས་ཤུགས་ཡོད་དགུས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དང་བསམ་ཕྱོགས་གསལ་བོ།   བྱ་བར་ནན་ཏན་དང་སྒྲིག་ཁྲིམས་ནན་མོ།    སྤྱོད་ཚུལ་ལེགས་པོ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་གཟབ་ནན་ཡིན་པ། བྱེད་ཐབས་སྔར་ལས་ནན་མོ་བཅས་བཏོན་ནས་སྡེ་ཁག་རྩ་འཛུགས་བྱས་ཏེ་རང་ངོས་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་བློ་དཀར་དང་དྲང་གཞག་ཚུལ་མཐུན།    ལས་སྒོ་བྱང་ཆུབ་པ་དང་སྤྱོད་ཚུལ་ལེགས་པོ་ཡིན་པའི་དཔེ་བཟང་སྡེ་ཁག་དང་དཔུང་ཁག་སྲ་མོ་ཞིག་བསྐྲུན་ནས་བདེན་འཚོལ་དངོས་སྒྲུབ་དང་།   དངོས་སྒྲུབ་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསར་སྐྲུན་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་།    གསར་སྐྲུན་དོན་གཉེར་བྱེད་པ་ནི་མ་འོངས་དོན་གཉེར་བྱེད་པ་ཡིན།    བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གལ་ཆེན་དང་།    མི་དམངས་གཙོ་བོར་འཛིན་པ།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་རྩ་བར་འཛིན་དགོས།    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བར་ཕན་པའི་བྱ་བ་ཡིན་ཕྱིན་བློ་བརྟན་འགྱུར་མེད་ངང་བསྒྲུབ་དགོས་པ་དང་།    དེ་ལས་ལྡོག་ཕྱོགས་གཏན་ནས་བསྒྲུབ་མི་རུང་། བཅོས་སྒྱུར་གྱི་སྙིང་སྟོབས་དང་གསར་སྐྲུན་གྱི་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་སྒྲོལ་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་ཏང་ཀྲུང་དབྱང་གི་བླང་བྱ་དང་།    དུས་རབས་ཀྱི་གོམ་སྟབས།    བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ཀྱི་རྗེས་སྙེགས་སྔར་ལས་ལེགས་པར་ཡོང་བ་བྱ་དགོས།     བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱ་རྒྱུ་ནི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས།    ང་ཚོས་གསར་སྐྲུན་གྱི་སྙིང་སྟོབས་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་།    གསར་སྐྲུན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ།    བབ་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱ་རྒྱུ་དང་བདེན་སྲུང་གསར་སྐྲུན་གྱི་ནུས་པ་དང་བྱང་ཚད་གསོ་སྐྱོང་བཅས་བྱས་ཏེ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་སྲོག་ཤིང་དུ་བཟུང་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།    གསར་སྐྲུན་གྱི་བསམ་གཞིགས་གསར་པ་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་།    ཏང་གཤིས་བློ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་ཕུལ་དུ་བྱུང་བ་དོན་གཉེར་བྱ་དགོས།

དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་ཞིང་།    རྩ་བ་བརྟན་ན་རྒྱལ་ཁབ་བདེ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།     ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཏང་འཛུགས་སྐྲུན་བྱ་བའི་དགེ་མཚན་དང་གསོན་ཤུགས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་སྒུལ་ཤུགས་སུ་བསྒྱུར་ཏེ།    གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་སྤུས་ཚད་མཐོ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

                                                                                                                   ཡིག་བསྒྱུར་པ་ཤ་བོ་རིན་འཚོ།