ཐུན་ཏེ་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ།
2024.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བསྒྲུབ་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པ"བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་དང་ཏང་སྲོལ་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཐེངས་འདིའི་སློབ་སྦྱོང་དང་སློབ་གསོའི་ཁྲོད་རང་རྟོགས་ཀྱི་སྒོ་ནས་ཞུགས་པ་བཅས་བྱས་ཏེ"སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བ"བཅས་ཡོང་བར་བྱ་ཆེད། ཉེ་ལམ། ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོས་ཏང་ཨུའི་ཚོགས་འདུའི་རྣམ་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས། 

ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་སྒྲིག་ཁྲིམས་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཡུལ་ཚོ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས་པ་དང་།  《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཆེད་དོན་གསོ་སྦྱོང་བྱས་ཤིང་། ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད། ཡུལ་ཚོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཏང་ཡོན་ལས་བྱེད་པ་བཅས་ཚོགས་འདུར་ཞུགས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་སློབ་སྦྱོང་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དམ་འཛིན་བྱས་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཡུལ་ཚོ་ཡོངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་ནན་ཏན་སྒོས་སྤེལ་བར་སྐུལ་འདེད་བཏང་།

ཚོགས་འདུའི་སྟེང་། ཡུལ་ཚོ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྒྲིག་འཛུགས་ཞིབ་ཚགས་དང་ལྟ་སྐུལ་ནན་མོ། བྱ་བ་དོན་འཁྱོལ་ལ་ཤུགས་སྣོན་པ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་ཁུར་བ་དང་པོའི་འགན་འཁྲི་འཁུར་ནས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་ཟབ་མོ། སྣེ་ཁྲིད་ནས་ལག་བསྟར་དང་བརྩི་སྲུང་བཅས་བྱེད་པར། གཅིག་ནས་སྒྲིག་ཁྲིམས་སློབ་གསོ་དེ"ཚོགས་འདུ་གསུམ་དང་སློབ་ཚན་གཅིག" བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ཏེ་རྒྱུན་དུ་བསྒྲུབ་དགོས། གཉིས་ནས་དྲ་ཐོག་དང་ཡུལ་དངོས་ཀྱི་བྱེད་ཐབས་བརྒྱུད། དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་པ། གསུམ་ནས་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པ། བཞི་ནས་དུས་ངེས་མེད་དུ་དྲན་སྐུལ་གླེང་མོལ་དང་ཉེན་ཟོན་ཁ་ཆད་གྲོས་མོལ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་དེ་ཏང་ཡོན་ལས་བྱེད་པས་སྒྲིག་བརྩི་ཁྲིམས་སྲུང་གི་ཕན་འབྲས་དངོས་སུ་བསྒྱུར་དགོས་པའི་བླང་བྱ་ནན་མོ་བཏོན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།