ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
2024.04.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

  ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྐུལ་སྤེལ་བྱས།

ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས<<ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་>>པར་འགྲེམས་བྱས་ནས། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་བཀོད་སྒྲིག་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ལེགས་པོ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

ཟླ4ཚེས3ཉིན། ཀྲུང་དབྱང་ཏང་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་འཚོགས་རྗེས། ཞིང་ཆེན་ཏང་ཨུས་ཚད་མཐོའི་མཐོང་ཆེན་བྱས་ཏེ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་མགྱོགས་མྱུར་ངང་འཚོགས་ནས། ཀྲུང་དབྱང་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།     ཞིང་ཆེན་གྱི་བྱ་བའི་ཇུས་གཞིར་ཞིབ་འཇུག་བྱས་ཏེ།  བྱ་བའི་ཆེད་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས་རྩ་འཛུགས་དང་ལག་བསྟར་གྱི་ལས་དོན་ཏན་ཏིག་གིས་ལེགས་པོར་བསྒྲུབས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མར་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས།  <<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས<<སྲོལ་ཡིག>>ལ་གཅིག་སྡུད་སྒོས་སློབ་སྦྱོང་བྱས་པ་བརྒྱུད། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཤེས་རྟོགས་གཏིང་ཟབ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ།  སྒྲིག་ཁྲིམས་ནན་མོའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་འཇོག་པ་དང་། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་འགོག་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། དམིགས་འབེན་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་ཞིབ་ཕྲར་ཚད་བསྡུར་བྱེད་པ།  འགན་འཁྲི་གཙོ་བོ་ཇེ་བརྟན་དུ་གཏོང་བ།  འགག་རྩའི་བརྒྱུད་རིམ་འབུར་དུ་ཐོན་པར་བྱེད་པ།  ཇུས་གཞི་དང་བསྡུར་བ་དང་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་།  འགོ་ཁྲིད་ཀྱིས་དཔེ་སྟོན་དང་གནོན་ཤུགས་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ། ཞིབ་བསྡུར་ཇུས་གཞི་དང་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་རྒྱུན་ འཁྱོངས་དང་། རང་ངོས་ཀྱི་ལས་དོན་ལ་དམིགས་པ་དང་ཁྱད་ཆོས་འབུར་དུ་ཐོན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས། གྱོད་གཞིར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་དང་ཉེན་བརྡའི་སློབ་གསོ་སློབ་པ་རྒྱུན་འཁྱོངས། མཐའ་གསལ་མཐིལ་རྟོགས་དང་སེམས་སུ་ཟུག་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་པོར་སྲུང་བ་དང་།  ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་པ།  སེམས་སུ་གུས་སྐྲག་ཡོད་པ་དང་། གཏམ་ལ་མགོ་སྔ་ཡོད་པ།  བྱ་སྤྱོད་ལ་ཚད་བཀག་ཡོད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་ཐད་ཀྱི་བསམ་ཤེས་པ་ཞིག་བྱས་ཏེ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་ཕན་འབྲས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བའི་དངོས་ཡོད་ཞིབ་བཤེར་ཐེངས་ཤིག་ཏུ་བརྩིས་ནས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ"རང་བཤེར"དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་རྨོངས་གཉིད་ལས་སད་པར་བྱས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་ལས་དོན་གྱི་འགན་ནུས་དང་རང་ངོས་འཛུགས་སྐྲུན་གྱི་དོན་དངོས་ལ་དམིགས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་རྩ་འཛུགས་ཀྱི་འགན་ནུས་ལག་བསྟར་དང་། རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་དང་སྦྲེལ་མཐུད་ལེགས་པོ་བྱེད་པ།  ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ལས་བྱེད་པར་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དང་ཟུང་འབྲེལ་དམ་པོ་བྱས།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་གི"སྒྲིག་ཁྲིམས་ཆེན་པོ་དྲུག"ལ་དམ་པོར་དམིགས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ཇེ་མཐོར་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས"ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི"གཙོ་གནད་ལ་དམིགས་ནས། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ། གྱོད་གཞིར་བརྟེན་ནས་འགན་འཁྲི་གླེང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་རྨོངས་གཉིད་ལས་སད་པ་དང་།  གུས་སྐྲག་ཤེས་པ།  ཚད་མཐའ་སྲུང་བ་བཅས་བྱས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་རྨང་གཞིར་འཛིན་པ་དང་། སྒྲིག་ཁྲིམས་ཤེས་རྟོགས་བྱེད་པ་གནད་འགག་ཏུ་འཛིན་པ། སྒྲིག་ཁྲིམས་ཤེས་རྟོགས་བྱེད་པ་སྲོག་ཤིང་དུ་འཛིན་པ། སྒྲིག་ཁྲིམས་སྲུང་བ་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ཏེ།   ཏང་གི"སྒྲིག་ཁྲིམས་ཆེན་པོ་དྲུག"ལ་རྩེ་གཅིག་ཏུ་དམིགས་ནས། ཏང་ཡོན་ལས་བྱེད་པས<<སྲོལ་ཡིག>>ལ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས"སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ"བཅས་ལ་དམིགས་ཏེ།   " འདྲེས་པར་བྱེད་པ་་གསུམ"ནན་ཏན་གྱིས་བསྒྲུབས་ནས།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ"ཞབས་ཞུ་གསུམ"གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱར་བརྩིས་ནས་དོན་འཁྱོལ་དང་། ཏང་ཡོན་ལས་བྱེད་པས་འཁུར་ལེན་དངོས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོར་བརྩིས་ནས་སྐུལ་འདེད་བཏང་།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་འཛུགས་སྐྲུན་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཅུག་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཐད་ཡང་བསྐྱར་གཅིག་སྡུད་དང་ཡང་བསྐྱར་ཤུགས་འདོན་པ་དང་།  ལག་བསྟར་ཞིབ་ཚགས་བྱེད་པའི་ཐད་ཡང་བསྐྱར་གཅིག་སྡུད་དང་ཡང་བསྐྱར་ཤུགས་འདོན་པ།  རྒྱུན་རྣམ་དང་ཡུན་ཕན་ཐད་ཡང་བསྐྱར་གནད་སྨིན་དང་ཤུགས་འདོན་བཅས་བྱས།

ཟི་ལིང་གྲོང་ཁྱེར་ཏང་ཨུས་སྒྲིག་ཁྲིམས་རང་བཞིན་གྱི་གུང་ཁྲན་ཏང་ཡོན་གྱི་ངོ་བོའི་ཁྱད་ཆོས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ།   ཏང་གི་སྒྲིག་ཡིག་གི་སྤྱིའི་འབྱུང་རྩ་ནས་འགོ་བརྩམས་ཏེ་གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལས་གནས། གཙོ་གནད་མི་ཚོགས་བཅས་ལ་དམིགས་ནས་ཚད་གཞི་ནན་མོ་དང་། སྒྲིག་ཁྲིམས་ལག་བསྟར་ནན་མོ་འབུར་དུ་ཐོན་པར་བྱེད་པ་དང་།  གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས། ཕན་འབྲས་སྔོན་ལ་འཇོག་པ་རྒྱུན་འཁྱོངས། འགན་འཁྲི་གསལ་པོ་འཁུར་བ་དང་ཕན་འབྲས་ཐོན་པའི་བྱ་བའི་ཚད་གཞི་དང་ཞིབ་བཤེར་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་ཏན་ཏིག་བྱས།

མཚོ་ཤར་གྲོང་ཁྱེར་ཏང་ཨུས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་ངེས་པར་དུ་བསམ་བློའི་ངོས་འཛིན་ནན་མོ་དང་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ།  ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ཐད་མིག་དཔེ་བྱེད་པ་དང་།   སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱེད་པ།   དངོས་གནས་སློབ་སྦྱོང་དང་ལྟ་བ།   བེད་སྤྱོད་བཅས་བྱེད་པ་དང་།  ཏང་ཡོན་ལས་བྱེད་པར་རྨོངས་གཉིད་ལས་སད་པ་དང་།  ཚད་མཐའ་ཤེས་པ།  གུས་སྐྲག་རྟོགས་པ་བཅས་བྱས་ཏེ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ཏང་ཨུས་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་དོན་འཁྱོལ་བྱེད་པའི་ཆ་རྐྱེན་གཙོ་བོར་འཛིན་པ་དང་།   རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས། མིན་ཡོན་གྱི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཏང་ཨུས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས<<སྲོལ་ཡིག་>>ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས།   སློབ་སྦྱོང་སློབ་གསོ་དེ་འགན་འཁྲི་དང་ལས་རིགས་གཙོ་བོ་དང་འབྲེལ་མཐུད་བྱེད་པ་དང་།  དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་དམ་འཛིན་བྱེད་པ་དང་འབྲེལ་མཐུད་བྱས་ཏེ། རང་རྟོགས་སྒོས་འའགན་འཁྲི་དང་ལས་དོན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད་འདྲེས་པར་བྱས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་འགན་ལེན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།