གཅིག་སྒྲིལ་རྫོང་གིས་རྒྱུན་འཁྱོངས་དྲུག་ལ་བརྟེན་ནས་ཏང་འཛུགས་སྐྲུན་ལས་དོན་གྱི་ལེའུ་གསར་པ་འབད་པས་བྲིས།
2024.05.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  ཁུལ་ཏང་ཨུའི"སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི"སྤྱིའི་བསམ་ཕྱོགས་དང་རྫོང་ཏང་ཨུའི"1549"ཡི་འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་ནས།  བསམ་བློར་སློབ་སྦྱོང་བྱས་ནས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ། ལས་བྱེད་པ་བདམས་ནས་དཔུང་སྡེ་སྟོབས་ཆེར་གཏོང་བ། གཡུལ་ས་སྲ་བརྟན་དུ་བཏང་ནས་བསམ་བློར་ཤུགས་སྣོན་པ། འཆམ་མཐུན་ལ་སྐུལ་འདེད་བཏང་ནས་བརྟན་བརླིང་ལ་འགན་ལེན་བྱེད་པ། སྤྱོད་ཚུལ་ལ་ཤུགས་བསྣན་ནས་སྲོལ་གསར་གཏོད་པ་བཅས་རྒྱུན་འཁྱོངས་དྲུག་ལ་བརྟེན་ནས་ཏང་འཛུགས་སྐྲུན་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་མ་ཟད། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱས།

སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་རྒྱུ་དེ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། 

ཚད་གཞི་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བ་དང་། གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། བརྟག་དཔྱད་ཞིབ་འཇུག་ངོ་མ་བྱེད་པ། ཞིབ་བཤེར་ནན་མོ་དང་ཡོ་བསྲང་ངོ་མ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ།  གཞི་གཅིག་ཏུ་སྐུལ་སྤེལ་དང་གཅིག་གྱུར་འཆར་འགོད་བྱས་ཏེ་དོན་འཁྱོལ་བྱས།  དཔེ་ཀློག་འཛིན་གྲྭ་བསྡུས་ནས་གཅིག་སྡུད་སློབ་སྦྱོང་ཐེངས17དང་ཞིབ་བསྡུར་ཐེངས13བྱས་པ་དང་། ཆེད་དོན་ཏང་གི་སློབ་ཁྲིད་ཐེངས45སྤེལ་ལ།  ཞིབ་འཇུག་བྱ་གཞི36ལ་དམིགས་ནས་བརྟག་ཞིབ་ཐེངས85བྱས་པ་དང་།  གཞི་རིམ་ཏང་རྩ་འཛུགས87ལ་གཅིག་སྡུད་སློབ་སྦྱོང་ཐེངས818བྱེད་པར་སྐུལ་ཁྲིད་བྱས་ཤིང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཐེངས261སྤེལ་ནས།  “ལས་བྱེད་པས་ལས་ལ་འབད་དགོས་པ་དང།  རིག་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པ”ཡི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་བརྟན་པོར་བཏང་ཞིང་།  ལས་སྒྲུབ་ལས་སྐྲུན་དང་ཤུགས་སྒྲིལ་འགག་སྒྲོལ་གྱི་སྒུལ་ཤུགས་ཆེན་པོ་ཆེ་རུ་བསྐྱེད།

རྨང་གཞི་ཇེ་དྲག་ཏུ་གཏོང་བ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།

གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། རྫོང་ཡོངས་ཀྱི་ཏང་འཛུགས་སྐྲུན་དང་། རྩ་འཛུགས། དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས།   མང་ཚོགས་ཚོགས་པ་བཅས་ཀྱི་བྱ་བའི་ཚོགས་འདུ་བསྡུས་ཏེ།  ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་གཞི་རིམ་ཏང་འཛུགས་སྐྲུན་དམ་འཛིན་བྱེད་པའི"འགན་འཁུར་པ་དང་པོའི"འགན་འཁྲི་ཇེ་དམ་དུ་བཏང་།  ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྲུན་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ།  ཏང་ཀྲི་པུའུ3ལོགས་སུ་བཙུགས་པ་དང་ཏང་ཀྲི་པུའུ1མཉམ་འབྲེལ་སྒོས་བཙུགས།   གསར་པ་གཉིས་ཀྱི་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ4འདེམས་མངག་བྱས་པ་དང་།  ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་སྐྲུན་ལས་དོན་གྱི་མཛུབ་སྟོན་ས་ཚིགས་གཅིག་བཙུགས། སློབ་གྲྭ་དང་སྨན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྫོང་ཡོངས་ཀྱི་རིགས་སོ་སོའི་སློབ་གྲྭར་ཏང་རྩ་འཛུགས་ཁྱབ་ཚད100%ལ་སླེབས་ཡོད།  ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་འབུམ་བདུན་བཀོལ་སྤྱོད་ཡག་པོ་བྱས་ནས།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་ལས་གཞི་གཉིས་བསྐྲུན་པ་དང་ཐུན་མོང་དཔལ་འབྱོར་གྱི་ལས་གཞི38གྲབས་གསོག་བྱས་ཏེ།  སྡེ་བའི་ཐུན་མོང་དཔལ་འབྱོར་གྱི"སྡེ་བ་སྟོབས་ལྡན་དུ་གཏོང་བའི"བཟོ་འགོད་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་ཡོང་འབབ་སྒོར་ཁྲི5མན་གྱི་ཉམས་ཞན་སྡེ་བ་ཚང་མ་གཙང་སེལ་བྱས།    རྒྱུན་རྣམ་ཅན་གྱི་སྒོ་ནས་གཞི་རིམ་གྱི་ནུས་མེད་ཉམས་ཞན་གྱི་ཏང་རྩ་འཛུགས་གྲལ་བཤེར་དང་ལེགས་སྒྲིག་བྱས་པས། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར་ཡོད།

འདེམས་སྒྲུག་གསོ་སྐྱོང་དང་སྤྱོད་གོ་ཆོད་པ་གནད་འགག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྒྲིག་གཞི་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། 

ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ནས། ལས་བྱེད་པའི་ཐོབ་ཐང་དང་ཕན་བདེར་འགན་སྲུང་བྱས།  ལས་འཁུར་སྦྱོང་བརྡར་དང་བརྗེ་རེས་སློབ་སྦྱོང་།  ཁུལ་དང་རྫོང་ཁོངས་ཀྱི་ལས་གནས་མང་པོ་ནས་སྦྱོང་བརྡར། དམིགས་སའི་རང་བཞིན་གྱི་གསོ་སྦྱོང་ལག་བསྟར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་ལེགས་པོ་བྱས་ཤིང་།  2023ལོར་ན་གཞོན་ལས་བྱེད་པའི་གོ་གནས་སྤར་བའི་བསྡུར་ཚད་ཀྱིས་བརྒྱ་ཆའི་སོ་བརྒྱད་ལྷག་ཟིན་ཡོད།  ཐུགས་ཁུར་དང་གཅེས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། <<གཅིག་སྒྲིལ་རྫོང་གི་ཁའོ་རིམ་པ་གཞོན་པ་དང་དེའི་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ནད་ཀྱི་དབང་གིས་སྨན་ཁང་དུ་སྡོད་པར་འཚམས་འདྲི་བྱེད་པའི་བྱ་བའི་གནས་སྐབས་ལག་བསྟར་བྱེད་ཐབས>>གཏན་འབེབས་བྱས་ཏེ། ལུས་པོ་བརྟག་དཔྱད་བྱང་བུ954བྱིན་པ་དང་། རྫོང་རིམ་པའི་གཅིག་བསྡུས་ལུས་བརྟག་ཐེངས་གཅིག་སྤེལ།    མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱས་ཏེ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པའི་ཐོག་ནས་སློབ་གསོ་དང་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ51ཐད་ཀར་ནང་འདྲེན་བྱས།  གཅིག་སྒྲིལ་རྫོང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་གཞི་དེ་སྐབས་གསུམ་པའི“བློ་རིག་གཙང་གསུམ་རྒྱུན་དང་འདྲེས། མཚོ་སྔོན་གསར་བ་འབད་པས་བསྐྲུན”ཞེས་པའི་ཤེས་ལྡན་མི་སྣའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལས་གཞི་ཆེན་པོ་བཅུའི་གྲས་སུ་བདམས་ཐོན་བྱུང་།

གཡུལ་ས་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། 

ཏང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཏང་ཨུའི་ཧྲུའུ་ཅི་འགན་འཁུར་བ་དང་པོ་ཡིན་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་འཛིན་སྟངས་བྱ་བར་སྣེ་ཁྲིད་དམ་འཛིན་བྱས།  དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གཡུལ་སར་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། "རིག་རྩལ་དང་རིགས་པའི་གཞུང་ལུགས"། "དྲ་བ་དང་རིགས་པའི་གཞུང་ལུགས"སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ལ་དྲིལ་སྒྲོག་དང་། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་སྣེ་ཁྲིད། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་མཇུག་མཐའི་སྤྱི་ལེ་གཅིག་གེགས་མེད་ཤར་གཏོང་བྱས།   འདུ་ཤེས་འཛིན་སྟངས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་ནས་ཅི་ཞིག་སྒྲུབ་པ་དང་ཅི་ལྟར་སྒྲུབ་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས།

ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།  

 ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་དྲ་མིག་ཅན། ཆ་འཕྲིན་ཅན་བཅས་ཀྱི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ།  ཏང་འཛུགས་སྐྲུན་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྩ་འཛུགས་སྒྲོམ་གཞི་དང་མཉམ་འགོག་མཉམ་བཅོས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ཏང་འཛུགས་སྐྲུན་གྱིས"བཅུ་དཔོན"རྐྱེན་སྲོལ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གྱོད་གཞིའི་ནང་བདམས་ཐོན་བྱུང་བར་སྣེ་ཁྲིད་བྱས་པས། 2023ལོར་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། སྡེ་སྲོལ་དམངས་ཆིངས་དང་གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་ཧུར་ཐག་གིས་བསྐྲུན་ཏེ།  རྫོང་ཡོངས་ཀྱི་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག་གི“ཧུར་བརྩོན་སྐར་གྲངས” དེ་སྒོ་རྩིས་ཚོང་ཁང་དུ་ཁྱབ་ཚད100%ཟིན་པ་དང་།  སྲིད་འཛིན་སྡེ་བ22གྱིས"སྐར་གསོག་ལམ་ལུགས"ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།    དབུ་བཞུགས་བཅའ་ཁྲིམས་བློ་འདྲིའི་ཆེད་མཁས་པའི་མཛོད་བཙུགས་ནས་ས་གནས་ཀྱི་འགལ་བ་དང་རྩོད་གཞི་སེལ་བའི་ཁྲོད་མཉམ་འདྲེས་བྱས། རྫོང་དང་ཡུལ་ཚོ།  སྡེ་བ་བཅས་རིམ་པ་གསུམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་།  ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་སུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་བཙུགས་ཏེ། "སྡེ་བ་གཅིག་ལ་བཅའ་ཁྲིམས་གཅིག"གི་བློ་འདྲི་དོན་འཁྱོལ་བྱས།  རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བདུན་བཙུགས་པ་དང་།  "ལྟེ་གནས་ཆེན་པོ་ལྔ"གཅིག་ཏུ་བསྡུས་ནས་སྣ་མང་མཉམ་བཅོས་མངོན་འགྱུར་བྱས།  ཞིང་ཆེན་གསུམ་གྱི་མཐའ་མཚམས་སྤེལ་རེས་དང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ཞིང་ཆེན་ལས་བརྒལ་བའི་ས་ཁོངས་མཉམ་འབྲེལ་གྲོས་དོན་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། <<མཉམ་འབྲེལ་ཏང་རྩ་འཛུགས་མཉམ་སྐྲུན་གྲོས་མཐུན་>>དང<<བདེ་འཇགས་མཐའ་མཚམས་མཉམ་འགོག་གྲོས་མཐུན>>བཀོད།

སྤྱོད་ཚུལ་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གསོ་སྐྱོང་བྱས། 

ཏང་སྲོལ་སྲིད་གཙང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་གསལ་ཐོ་སོགས་ལམ་ལུགས་དང་བྱེད་ཐབས་དཔར་འགྲེམ་དང་དོན་འཁྱོལ་བྱས་ནས།  བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས།   རྫོང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་ཏང་ཨུའི་ཧྲུའུ་ཅི་ཡིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དང་། འགན་འཁུར་བ་དང་པོའི་འགན་འཁྲི་སྔར་ལས་ལག་བསྟར་བཟང་བོ་བྱེད་པར་དམིགས་ནས།  གཅིག་བསྡུས་ཀྱིས་སེམས་གཏམ་བཤད་པ་དང་གླེང་མོལ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང་འགན་འཁྲིའི་གནོན་ཤུགས་བརྒྱུད་སྤྲོད་བྱས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པ་དེ་མཉམ་དུ་སྐུལ་འདེད་དང་མཉམ་དུ་དོན་འཁྱོལ་བྱས་ནས། "སྤྱོད་ཚུལ་བཞིའི"གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས།  ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།  "འཛིན་སྟངས་བཞི"གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཉེན་ཟོན་དྲན་སྐུལ་དང་ཆད་གཅོད་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས།  སྐོར་ཞིབ་ཀྱི"རལ་གྲི་རྣོན་པོའི"ནུས་པ་འདོན་སྤེལ་བྱས་ནས། ཁུལ་ཏང་ཨུའི་སྐོར་ཐེངས་དང་པོའི་རྫོང་ཁོངས་རིམ་སྤོར་གྱི་སྣོལ་སྡེབ་སྐོར་ཞིབ་དང་རྫོང་ཏང་ཨུའི་སྐོར་ཐེངས་གཉིས་པ་དང་གསུམ་པའི་སྐོར་ཞིབ་ཚུར་ལན་ལས་དོན་ཡོངས་འགྲུབ་བྱས།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་ཏེ། བློ་དཀར་དང་སྤྱོད་གཙང་། འཁུར་ལེན་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།

ཡིག་སྒྱུར་པ། སྒྲོལ་མ་སྐྱིད།