གྱོད་གཞི་དཔྱད་གཞིར་བཟུང་ནས་གུས་སྐྲག་གི་བསམ་པས་སྤྱོད་གཙང་གཞུང་དྲང་གི་སྲིད་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས།
2024.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

—ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ལ་ཚོགས་ཞུགས་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ5པའི་ཚེས17ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་དང་། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན།    སྨན་བཅོས་འཕྲོད་བསྟེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་དཔེ་མཚོན་གྱོད་གཞིར་བརྡ་ཁྱབ་བཏང་བ་དང་། གྱོད་གཞི་བྱུང་བའི་རྒྱུ་རྐྱེན་དང་བསླབ་བྱ་དབྱེ་ཞིབ་གཏིང་ཟབ་བྱས་པས་ཚོགས་ཞུགས་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།     ཚང་མས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས་པ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྔར་ལས་ཐད་ཀར་དང་།《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།     ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་གྱོད་དོན་ལ་བརྟེན་ནས་ཀུན་སྤྱོད་བཤད་པ་དང་།    གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་བཤད་པ།    གྱོད་དོན་ལ་བརྟེན་ནས་ཁྲིམས་བཤད་པ། གྱོད་དོན་ལ་བརྟེན་ནས་འགན་འཁྲི་བཤད་པ་བཅས་བྱས་ཏེ།    བསམ་བློའི་ཉེན་བརྡ་རྒྱུན་དུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་དམ་པོར་གཏོང་བ།    གུས་ཤིང་སྐྲག་པའི་བསམ་པ་རྒྱུན་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་གཙོ་གནད་འགན་འཁྲི་དམ་པོར་འཁུར་བ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་སྲུང་འཛིན་བྱ་དགོས།

ལྡོག་ཕྱོགས་ཀྱི་དཔེ་མཚོན་དེ་དོན་དངོས་ཀྱི་སློབ་གསོའི་ཁྲོད་བཞག་ནས། རྒྱུན་དུ་བསམ་བློའི་ཉེན་བརྡ་གཏོང་དགོས།

ཉེན་བརྡའི་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན།     ལྡོག་ཕྱོགས་དཔེ་མཚོན་ལས་མངོན་པ་ནི་རུལ་སུངས་གནད་དོན་ཡིན་པ་དང་། དེ་ལས་རྟོག་ཐུབ་པ་ནི་ཏང་གཤིས་རྟོགས་སད་ཡིན། འདྲི་རྩད་བྱེད་པ་ནི་ཐོག་མའི་བསམ་འདུན་ཡིན་ལ། ཞིབ་བཤེར་བྱེད་པ་ནི་ཆབ་སྲིད་བློ་དཀར་ཡིན་པ་དང་མངོན་པར་བྱེད་པ་ནི་ཏང་སྐྱོང་ནན་མོ་བྱེད་པ་དེ་ཡིན། ཉེན་བརྡ་གཏོང་བའི་ཉེན་ཟོན་བྱེད་ས་ནི་སྣང་ཚུལ་དང་གནད་དོན་ཡིན་ལ། དཔེ་སྟོན་དགོས་པ་ནི་ཏང་གཤིས་དང་ཀུན་སྤྱོད་ཡིན། ཟིལ་ཤུགས་སྟེར་ཡུལ་ནི་འཛེམ་དོགས་མི་བྱེད་པ་དང་ངོ་ཚ་མེད་པའི་མི་ཡིན་ལ། སློབ་གསོ་བྱ་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཡིན། 

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་བཱང་ཞང་ཀའོ་ཡིས་བཤད་རྒྱུར། ངས་ཚོགས་འདུའི་ཁྲོད་ནས་བསླབ་བྱ་ཟབ་མོ་བླངས་ཏེ་རྒྱུན་ཆད་མེད་པར་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་བསྣན་ནས་ནན་ཏན་སྒོས་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།‘རང་ཉིད་ལ་དོ་དམ་ཡག་པོ་བྱ་རྒྱུ་ནི་རྩ་བ་དང་།    ཁྱིམ་མིར་དོ་དམ་ཡག་པོ་བྱ་རྒྱུ་ནི་གནད་འགག་ཡིན་པ།    ཉེ་འགྲམ་གྱི་མི་ལ་དོ་དམ་ཡག་པོ་བྱ་རྒྱུ་ནི་གཙོ་གནད་ཡིན་ལ།    ལས་བྱེད་པའི་དཔུང་ཁག་ལ་དོ་དམ་ཡག་པོ་བྱ་རྒྱུ་ནི་སྲོག་ཤིང་ཡིན་པའི’བླང་བྱ་ལྟར།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་ལས་ནན་མོ་བཟོས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་ལས་དམ་པོར་བཟོས་ནས། དམིགས་བསལ་ཆོག་མཆན་སྤྲད་པའི་ཚོང་གཉེར་ཚོད་ལྟའི་བྱ་བར་གནས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དམ་འཛིན་ཏན་ཏིག་བྱ་རྒྱུ་གོ་སྐབས་སུ་བྱས་ནས།    ཁྱོན་ཡོངས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་།    རྩ་འཛུགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ།    གཙོ་གནད་འགན་འཁྲི་དངོས་འབེབ་ནན་མོ་བཅས་བྱས་ནས། སྤྱོད་གཙང་རང་གཅུན་སྲིད་བརྩོན་གྱི་འགན་འཁྲི་སྔར་ལས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་ཏང་ཨུའི་ཨུ་ཡོན། ཐིན་ཀྲང་གཞོན་པ་ཡན་ཏ་ཝའེ་ཡིས་བཤད་རྒྱུར། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་ཏང་ཨུ་ཡིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས། ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་ལྷག་པར་དུ་ཧན་ཞང་ཧུའེ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་གཞི་སློབ་ཁྲིད་ཀྱི་ནང་དོན་དངོས་སུ་བཞག་ནས། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་གཏོང་བ་དང་།    གྱོད་གཞི་དཔྱད་གཞིར་འཛིན་པ་དང་གྱོད་གཞི་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།    རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཀུན་སྤྱོད་ཆེན་པོ་དང་སྤྱི་པའི་ཀུན་སྤྱོད་གཟབ་ནན་བྱེད་པ།    སྒེར་གྱི་ཀུན་སྤྱོད་སྲུང་བ།    ཆབ་སྲིད་བརྟན་པོའི“ཤེས་རྟོགས་པ”དང་།    གཏམ་སྤྱོད་གཅིག་མཐུན་གྱི“གཞུང་དྲང་མི།”སྤྱོད་གཙང་རང་གཅུན་གྱི་མི་གཙང་མ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་ཡིན།     ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གནད་འགན་འཁྲི་དང“ལས་གནས་གཅིག་དང་འགན་འཁྲི་གཉིས”ལ་ཤུགས་བསྣན་ཏེ། གོང་གིས་འོག་ལ་སྣེ་ཁྲིད་ནས་ཁོངས་གཏོགས་དོ་དམ་ནན་མོ་བྱས་ཏེ། “གཏན་འགོག་བཅུ”ཡི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ་མགོ་རྩོམ་སར་བརྩིས་ནས། རིམ་བཞིན་འགོག་པ་དང་སྤྱོད་ཚུལ་དྲང་བདེན་དང་སྒྲིག་ཁྲིམས་ནན་མོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་དོ་དམ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱ་དགོས།

“སྒྲིག་ཁྲིམས་དོན་ཚན་དྲུག”ཡ་མཐའི་ཚད་མཐར་བརྩིས་ནས་རྟག་ཏུ་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་དགོས།

འགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་ཚབས་ཆེན་ལ་དམིགས་ཏེ། གྱོད་གཞིར་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ཐད་གྱི་འབུར་ཐོན་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་བར་དང་།  དེ་ནས་ད་ལོའི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་སྨྱན་བྱད་ཀྱི་སྒོ་འབྱེད་ཉིན་མོའི་བར།  ཞིང་ཆེན་ཏང་ཨུས་དར་ཆ་གསལ་སྒྲེང་གིས་སྔ་ཕྱི་བར་གསུམ་དུ་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་དང་འདོད་བློ་མངོན་ཡོད། “སྒྲིག་ཁྲིམས་དོན་ཚན་དྲུག”ཡ་མཐའི་ཚད་མཐར་བརྩིས་ནས། ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས།  སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས།  བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་བརྟན་སྲུང་བྱས་ཏེ། ཆབ་སྲིད་ཐད་བློ་རྩ་བརྟན་པའི“བསམ་ཤེས་པ”དང་།    གཏམ་སྤྱོད་གཅིག་གྱུར་གྱི“གཞུང་དྲང་པ”།    སྤྱོད་གཙང་གཞུང་དྲང་གི“སྤྱོད་གཙང་པ”།   མང་ཚོགས་བློས་འགེལ་ཆོག་པའི“ བློས་ཐུབ་པ”།   རང་འགན་གཙང་སྒྲུབ་ཀྱི“ཚུལ་ལྡན་པ”།    ཀུན་སྤྱོད་བླ་མེད་ཀྱི“རྣམ་དག་པ”བཅས་བྱེད་དགོས།

ཞིང་ཆེན་ཚན་རྩལ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་ཁྲིན་ཡུང་ཞང་གིས་བཤད་རྒྱུར། ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི་ངེས་པར་དྲུག་གི་བླང་བྱ་དེས་ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ཆོད་སེམས་ཇེ་བརྟན་དུ་བཏང་བ་དང་ཁ་ཕྱོགས་རྙེད་ཡོད།

ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པ་དང་། མའོ་ཁྲུང་མེན་གྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་ཉེ་འགྲམ་གྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་བརྟེན་ནས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ‘རྣམ་པ་བརྒྱད’ཀྱི་སྡེ་ཁག་འཛུགས་སྐྲུན་གྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། ཧུར་ཐག་གིས་ཚན་རྩལ་དང་ཏང་འཛུགས་སྐྲུན་ཕན་ཚུན་སྐུལ་འདེད་དང་སྐུལ་སྤེལ་བྱེད་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་ཅིན་ཧྲིན་ཧྲིག་གིས་བཤད་རྒྱུར། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་སྟེ། གྱོད་གཞི་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བསམ་བློའི་སློབ་གསོ་དང་། སྤྱོད་ཚུལ་སྒྲིག་ཁྲིམས།  སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཞིང་ལས་དང་གྲོང་གསེབ་བྱ་བའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ནན་མོ་བྱས་ཏེ།   ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འཁུར་ལེན་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ། ཏང་གི་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། གཟབ་ནན་གྱི་སྒྲིག་ཁྲིམས་བླང་བྱར་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རིན་གཞོན་པ་ཧྥུའུ་ཞུའེ་ལིས་ཀྱིས་བཤད་རྒྱུར།  ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་ལ་དོ་དམ་དང་དཔོན་རིགས་སྐྱོང་རྒྱུ་དེ་རང་འཁྲིའི་ལས་དོན་དང་འཁུར་འོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས།  དོན་ངོ་མའི་ཐོག་ནས་ཏང་ལ་དོ་དམ་དང་དཔོན་རིགས་སྐྱོང་རྒྱུ་གཟབ་ནན་དུ་གཏོང་བ་དང་དོན་དངོས་དང་མཐུན་པར་བྱེད་དགོས། སྣེ་ཁྲིད་དེ་སྒྲིག་ཁྲིམས་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ་དང་། སྣེ་ཁྲིད་དེ་འགན་འཁྲི་གཟབ་ནན་དུ་གཏོང་བ། སྣེ་ཁྲིད་དེ་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས།  སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ།  རང་ཉིད་གཅུན་འདོམས་ལ་ཤུགས་སྣོན་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་འདྲེན། ཚན་ཁག་གིས་དཔུང་སྡེར་སྐུལ་ཁྲིད་ཡག་པོ་བྱེད་པ།   དོན་ངོ་མའི་ཐོག་ནས་སྒྲིག་ལམ་གཟབ་ནན་དུ་གཏོང་བ་དང་བཀག་རྒྱའི་ཟིལ་ཤུགས་ཐོན་པ་བཅས་བྱས་ནས། འགན་འཁྲི་འཁུར་ཕོད་པ་དང་སྤྱོད་བཟང་གཞུང་དྲང་གི་སྲིད་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས།   

 ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་ཐོག་བརྡ་ཁྱབ་བཏང་བའི་དཔེ་མཚོན་ལ་དངོས་གནས་ཧ་ལས་པ་དང་སེམས་སྐྱོ་བ་ཞིག་རེད།  ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ཁྲིམས་ལ་སྣང་ཆེན་བྱས་ཏེ།  སྒྲིག་བརྩི་ཁྲིམས་སྲུང་གི་གཞུང་དྲང་བ་ཞིག་བྱེད་དགོས། གོམ་སྟབས་རྗེས་མར་ངེས་པར་དུ་ཚོགས་འདུའི་བླང་བྱ་དང་།  ཞིང་ཆེན་ཏང་ཨུའི“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས”པའི་བླང་བྱ་གཞིར་བཟུང་སྟེ། རང་ཉིད་ལ་དོ་དམ་ཡག་པོ་དང་། མི་ཚུལ་ལྡན་ཞིག་བྱེད་པ།  ཏན་ཏིག་གིས་བྱ་བ་སྒྲུབ་པ་བཅས་བྱེད་དགོས། ཁག་བགོས་དོ་དམ་ཁྱབ་ཁོངས་ནས་སྨན་བཅོས་དང་སྨན་རྫས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གཅིག་སྡུད་སྒོས་བཅོས་སྒྲིག་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་སྒོས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ལས་རིགས་ཡོངས་སུ་སྲོལ་བཟང་སྤྱོད་བཟང་གི་བྱ་བའི་རྣམ་པ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གཞོན་པ་ཝང་ཀང་གིས་བཤད་རྒྱུར་། ང་ཚོས་གྱོད་གཞི་དཔྱད་གཞིར་བཟུང་ནས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པ་དང་། ཧྲུའུ་ཅི་ཁྲིན་ཀང་གི‘ངེས་པར་དྲུག’གི་གསུང་བཤད་བླང་བྱ་ལག་བསྟར་ནན་མོ་བྱེད་པ། ཏང་གཤིས་སྦྱོང་བརྡར་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ། བསམ་བློའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ།  རང་གཅུན་ནན་མོ་དང་། རང་འགན་ནན་སྒྲུབ།  ཁོངས་གཏོགས་ལ་དོ་དམ་ནན་མོ་བྱེད་པ།   སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་བརྩི་སྲུང་།  ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་བསྟར་ནན་མོ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ཞིག་རྒྱུན་ཆད་མེད་པར་བསྐྲུན་རྒྱུ་ཡིན་ཟེར།

མིག་སྔར། མཚོ་སྔོན་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་པོར་སླེབས་ཡོད་པས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་འཇོན་ཐང་མངོན་པ་དང་འཇོན་ཐང་གང་ཡོད་འདོན་པར་གར་སྟེགས་ཡངས་པོ་ཞིག་མཁོ་འདོན་བྱས་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སྒྲིག་ཁྲིམས་ནན་མོར་བརྟེན་ནས་སྟོབས་དང་ལྡན་པའི་རྩ་འཛུགས་ཞིག་དང་སྲ་ཞིང་བརྟན་པའི་དཔུང་སྡེ་ཞིག་བསྐྲུན་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་ བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོ་དང་སྒྲོལ་མ་སྐྱིད་ཀྱིས་བསྒྱུར།