གཅིག་སྒྲིལ་རྫོང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་འགོག་སྲུང་ནན་པོ་བྱས།
2024.06.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་བླང་བྱ་ལྟར། འགན་འཁྲི་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། གནད་དོན་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ།  སྟོབས་ཤུགས་གཅིག་སྡུད་དང་འདོན་སྤེལ་གང་ལེགས་བྱས་ནས། གཅིག་བསྡུས་བཅོས་སྐྱོང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་མུ་མཐུད་དུ་སྣེ་ཁྲིད་བྱས།

གཅིག་སྒྲིལ་རྫོང་གིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་དང་། ལྟ་སྐུལ་སྟོབས་ཤུགས་གཅིག་སྡུད་དང་འགག་རྩའི་ལས་རིམ་དམ་འཛིན་ནན་མོ་བྱས་ཏེ། ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཇེ་དམ་དུ་གཏོང་བར་སྐུལ་འདེད་བཏང་ཞིང་།  གཅིག་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་འགན་འཁྲི་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།“སྒྲིག་ཁྲིམས་ཞིབ་བཤེར་དང་ལས་རིགས”ཀྱི་ལྟ་སྐུལ་གཉིས་ལྡན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ། དམངས་འཚོའི་ཕྱོགས་ཀྱི་དཀའ་གནད་དང་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། ནག་འཇོམས་ངན་སེལ་སོགས་ཕྱོགས4ཡི་ཞིབ་ཕྲའི་གནད་དོན19ལ་དམིགས་ཏེ། ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག20ལྷག་གིས་ལས་རིགས་སྡེ་ཁག་ལ“བརྟག་དཔྱད་ཆེན་པོ”བྱེད་པར་སྐུལ་འདེད་བཏང་ནས།  མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་བྱ་འགུལ་མཉམ་འཛིན་མཉམ་གཉེར་བྱེད་པའི་རྣམ་པ་ལེགས་པོ་བསྐྲུན།

གྲོང་རྡལ་དང་སྡེ་བ། སློབ་གྲྭ། འབྲེལ་ཡོད་ལས་རིགས་སྡེ་ཁག་བཅས་ལ་ཟབ་ཞུགས་བྱེད་པ་དང་། སྡེ་བའི་ཐུན་མོང་གི“མ་རྩ་གསུམ”དང་སློབ་མའི་འཚོ་བཅུད་ཀྱི་འཆར་གཞི་སོགས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་དམིགས་ནས། ལས་རིགས་སྡེ་ཁག་སོ་སོར་རང་ངོས་ཞིབ་བཤེར་དང་རང་ངོས་དག་བཅོས། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཡུལ་དངོས་ནས་ཚུར་ལན་སྤྲོད་པའི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་ལ་རྩིས་ཐོ་བཟོ་བ་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ། འགན་འཁྲི་ཁ་གསལ་བཟོ་བ། རྩིས་ཐོ་རེ་རེ་བཞིན་ཐོ་གཏུག་པ་དང་མེད་པར་བཟོ་བར་འདེད་བཏང་། གཅིག་བསྡུས་བཅོས་སྐྱོང་བྱས་ཚུན་དུ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཐེངས6དང་། ལས་རིགས་སྡེ་ཁག་གིས་རང་ངོས་ཞིབ་བཤེར་ཐེངས2བྱས་ཏེ། གནད་དོན31གསེད་བཀྲོལ་བྱས་ཤིང་། དོན་ཚན9བཅོས་སྒྲིག་ལེགས་འགྲུབ་བྱས་པ་དང་། དོན་ཚན22ལ་བཅོས་སྐྱོང་བྱས་པར་མ་ཟད། ལྟ་ཞིབ་གྲོས་གཞིའི་ཡི་གེ་བཀྲམ་པའི་རྣམ་པ་བརྒྱུད་ནས་ལས་རིགས་སྡེ་ཁག་གི་འགན་སྒྲུབ་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།

ལས་རིགས་སོ་སོ་དང་སྡེ་ཁག་སོ་སོས་ཕན་ཚུན་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ཁྲོད་དུ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་མགྱོགས་མྱུར་ངང་ཞིབ་བཤེར་དང་མགྱོགས་མྱུར་ངང་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་པ་དང་། དངོས་གནས་དྲང་གནས་ཀྱི་བྱེད་ཐབས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་བཏང་། གཅིག་སྒྲིལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཅིག་བསྡུས་བཅོས་སྒྲིག་བྱས་པའི་རིང་ལ། རྫོང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཞབས་ཞུའི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ཞབས་ཞུའི་སྒྲོམ་སྟེགས་ཀྱི་ལས་སྒྲུབ་མི་སྣ་ལས་ཚོགས་འཚོག་པའི་སྐབས་སུ་གང་འདོད་དུ་ལས་གནས་དང་ཁ་བྲལ་ནས་མང་ཚོགས་ཀྱིས་བྱ་བ་དུས་ཐོག་ཏུ་སྒྲུབ་མི་ཐུབ་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང་། ཞིབ་བཤེར་བྱས་རྗེས་འབྲེལ་ཡོད་མི་སྣ་ལས་གནས་ནས་ཕྱིར་ཕུད་དང་ལེགས་སྒྲིག་བྱས་པ་རེད། གཅིག་སྒྲིལ་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་རང་ངོས་ཞིབ་བཤེར་བྱེད་སྐབས་སྨན་བཅོས་སྒྲིག་གཞི་ཁག་གཅིག་གི་སྨན་རྫས་ཁ་ཤས་ཀྱི་དངུལ་བསྡུ་ཚད་གཞི་མཐོ་དྲགས་པ་ཤེས་རྟོགས་བྱུང་བ་དང་། ཞིབ་བཤེར་བྱས་རྗེས་བསྡུས་ཟིན་པའི་དངུལ་གྲངས་ལྷག་མ་དག་ཕྱིར་སློག་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་བཤེར་རྣམ་གྲངས་དེར་ཡང་བསྐྱར་རིན་གོང་གཏན་འཁེལ་བྱས།

གཞན་ཡང་། གཅིག་སྒྲིལ་རྫོང་སྦྲ་གསར་ཡུལ་ཚོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་རིམ་པ་རེ་རེར་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། འགན་འཁྲི་རྒྱུན་ཆད་མེད་པར་ནན་འགེལ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་གི་བྱ་བར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་སྤྱོད་ངན་ལེགས་བསྒྱུར་དང་སྒྲིག་ཁྲིམས་དམ་འཛིན། རུལ་སུངས་ལ་རྒོལ་བ་བཅས་ལ་སྐུལ་འདེད་བཏང་སྟེ། བྱེད་ཐབས་སྣ་མང་གིས་གཅིག་བསྡུས་བཅོས་སྐྱོང་བྱ་འགུལ་སྤེལ།

གཅིག་སྒྲིལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལྟར།  སྦྲ་གསར་ཡུལ་ཚོས་དམིགས་འབེན་འགན་འཁྲིར་གཤིབ་བསྡུར་དང་ཐབས་ཇུས་དངོས་ལ་ཟུང་འབྲེལ་བྱས་ཏེ།  “ཡུལ་ཚོ་ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་དང་ཡུལ་ཚོ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དམ་འཛིན། ཡུལ་ཚོ་ཁོངས་གཏོགས་ཀྱི་ས་ཚིགས་སོ་སོ་དང་སྡེ་བ་སོ་སོས་མཐུན་སྦྱོར་རམ་འདེགས”བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས།  དུས་བཅད་ལྟར་གཅིག་བསྡུས་བཅོས་སྐྱོང་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་། བྱ་བའི་འཕེལ་རིམ་དང་ལག་བསྟར་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་དང་། བྱ་བའི་བཀོད་གཏོང་ལ་ཤུགས་བསྣན་ཏེ། ཡིག་བསྐུར་ངོ་གཏུག་དོན་ཚན་གྱི་ལྟ་སྐུལ་གསལ་འདེབས་སྒྲིག་སྲོལ་གཏིང་ཟབ་ཏུ་བཏང་།  དམིགས་འབེན་ཐབས་ཇུས་ལག་བསྟར་བྱས་ཏེ།  གཅིག་བསྡུས་བཅོས་སྐྱོང་བྱ་བར་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

དབྱར་རྩྭ་བརྐོ་བའི་གནད་འགག་གི་དུས་སུ།   ཡུལ་ཚོ་ཡོངས་ཀྱི་ཁྱབ་ཁོངས་སུ་སྟེགས་བུ་མང་པོ་བརྒྱུད་ནས་བོད་རྒྱ་སྐད་གཉིས་ཀྱི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་གནད་དོན་གྱི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་པ་དང་།  སྲིད་ཇུས་སྒྲོག་བཤད་རུ་ཁག་རྩ་འཛུགས་བྱས་ཤིང་། དུས་རྒྱུན་བྱ་བར་ཟུང་འབྲེལ་སྒོས་ཁྱིམ་ཚང་དུ་བསྐྱོད་ནས་གཅིག་བསྡུས་བཅོས་སྐྱོང་ལས་སྒྲུབ་ཞུ་གཏུག་ཁྱབ་ཁོངས་དང་བྱེ་བྲག་གི་ཞུ་གཏུག་ཐབས་ལམ་སྒྲོག་བཤད་བྱས་པ་མ་ཟད། ཡུལ་དངོས་སུ་སོང་ནས་དམངས་ཀྱི་འདོད་བློ་དང་དགོས་མཁོར་རྒྱུས་ལོན་བྱས་ཤིང་། མང་ཚོགས་ཀྱི་སེམས་འདུན་ལ་ཉན་པ་དང་། ནུས་ལྡན་གྱི་དྲིལ་སྒྲོག་སྒྲོག་འགྲེལ་ལ་བརྟེན་ནས། གཅིག་བསྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། སྡེ་བ་སོ་སོའི་ཏང་དམངས་ཞབས་ཞུའི་ས་ཚིགས་སུ་ཡིག་བསྐུར་ངོ་གཏུག་དང་ཞུ་གཏུག་གི་སྒམ་བཙུགས་ཏེ། སྡེ་དམངས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་དུས་ངེས་མེད་དུ་ཞིབ་བཤེར་དང་དུས་རྒྱུན་ལྟ་སྐུལ་སྲུང་སྐྱོང་བྱས། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཅིག་བསྡུས་བཅོས་སྐྱོང་སྒྲོག་འགྲེལ་ཚོགས་ཆེན་ལ་རམ་འདེགས་བྱས་པ་དང་།“དམིགས་གཏད་བཞི”ཡི་གནད་འཁེལ་སྒྲོག་འགྲེལ་ལ་དམིགས་ཏེ། ཡིག་བསྐུར་ངོ་གཏུག་གི་དམངས་ཕན་ཞུ་གཏུག་བྱང་བུ་དང་དྲིལ་སྒྲོག་ལག་དེབ་བསྡོམས་པས60བྱིན།

《སྦྲ་གསར་ཡུལ་ཚོའི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱ་བའི་ཡུལ་ཚོའི་ཏང་སྲིད་མགོ་ཁྲིད་ཚན་ཆུང་གི་ཡིག་བསྐུར་ངོ་གཏུག་དང་ལེན་ཉིན་མོའི་ལམ་ལུགས》གཏན་འབེབས་བྱས་ཤིང་། ལས་རེས་འགན་འཁྲི་མགོ་ཁྲིད་ཀྱིས་ཡིག་བསྐུར་ངོ་གཏུག་དང་ལེན་གྱི་བྱེ་བྲག་གི་བྱ་བར་འགན་འཁུར་དགོས་པ་གཏན་ཁེལ་བྱས་ཏེ། མང་ཚོགས་ཀྱི་ཡིག་བསྐུར་ངོ་གཏུག་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། 《སྦྲ་གསར་ཡུལ་ཚོའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་རེས་སྐོར་ལས་ཞུགས་ལམ་ལུགས》དང་ཟུང་འབྲེལ་སྒོས།  སྡེ་བ་རིམ་པའི་འཁོར་རྒྱུག་ཡིག་བསྐུར་ངོ་གཏུག་དང་ལེན་ཁང་བཙུགས་པ་དང་། ཡུལ་ཚོ་སྒྲིག་ཨུས་སྣེ་ཁྲིད་དེ་ཡིག་བསྐུར་ངོ་གཏུག་ལས་སྒྲུབ་གོ་རིམ་གསལ་པོར་བཤད་པ་དང་། སྡེ་བ་རིམ་པའི་ཡིག་བསྐུར་ངོ་གཏུག་དང་ལེན་ནུས་ལྡན་སྒོས་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་། ཐོ་འགོད་སྙན་ཞུ་དང་རྩིས་ཐོ་རྣམ་པའི་ལས་སྒྲུབ། ཆེད་མིས་ལྟ་སྐུལ་བྱ་བའི་གོ་རིམ་བཅས་སྲ་བརྟན་དུ་བཏང་བ་མ་ཟད། ཡུལ་ཚོ་དང་སྡེ་བ་རིམ་པའི་ཡིག་བསྐུར་ངོ་གཏུག་དང་ལེན་གྱི་འབྲེལ་མཐུད་བྱ་བ་ལེགས་པོར་སྒྲུབ་པ་དང་།  དོན་དག་ལ་དོ་དམ་བྱེད་མཁན་ཡོད་པ་དང་མི་ལ་འགན་ཁུར་ཡོད་པ་ཁག་ཐེག་བྱེད་པ། ལས་སྒྲུབ་འགན་འཁྲི་སྔར་ལས་ནན་འགེལ་བྱེད་པ་བཅས་ལས་ཡིག་བསྐུར་ངོ་གཏུག་གི་དོན་དག་ཡོད་ན་སྒྲུབ་ཐུབ་པ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།