སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཉིན་ཞ་ལ་གཟིགས་ཞིབ་བྱེད་པའི་སྐོར་གྱི་གནས་ཚུལ་དངོས་བཀོད་དེ། མི་རིགས་ལྔ་བཅུ་ང་དྲུག་གཅིག་ཏུ་བསྡུས་ན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན།
2024.07.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཡན་ཨན་དུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ལ་ཞུགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མྱུར་དུ་མཚོ་སྔོན་དང་ཉིན་ཞ་རུ་ཕེབས་པ་དང་། ཐེངས་འདིའི་ནུབ་བྱང་གི་འགྲུལ་བཞུད་ཁྲོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་སྙིང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད།

གཞི་ཁྱོན་ཆེ་བའི་ས་ཁོངས་ནི་མི་རིགས་སོ་སོས་མཉམ་དུ་གསར་འབྱེད་བྱས་པ་ཡིན་ལ། མཉམ་དུ་གསར་འབྱེད་དང་འབད་འབུངས། ཧུར་བརྩོན་བྱས་པའི་ས་གཞིའི་སྟེང་། མི་རིགས་བར་གྱི་འབྲེལ་བ་དང་མི་རིགས་བྱ་བར་བསམ་གཞིགས་ཟབ་མོ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཚོལ་ཞིབ་བྱེད།

གཟིགས་ཞིབ་ཀྱི་དུས་ཚོད་གདམ་བསེས་ཐད་ནས་ཀྱང་དོན་སྙིང་ཟབ་མོ་ལྡན་པ་སྟེ། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ངོ་དོན་ལྔའི་རིང་ལ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱུན་མཐུད་ངང་གོང་འཕེལ་སོང་བ་དང་། མི་རིགས་ལྔ་བཅུ་ང་དྲུག་གིས་སྣ་མང་ཁྲོད་ཅི་ལྟར་གཞི་གཅིག་བསྐྲུན་པ་དང་གཞི་གཅིག་ཁྲོད་མེ་ཏོག་སྣ་བརྒྱ་མཉམ་བཞད་བྱེད་ཞེས་ན། རྟོག་ཞིབ་ཀྱིས་ཕྱིར་ལན་གསལ་བོ་བཏབ་ཡོད།

ཟླ་རྗེས་མར། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགོ་རྩོམ་རྒྱུ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་ཅིག་ཏུ་བསྡུ་བའི་ཐད་ནས་རྟོག་ཞིབ་ཀྱིས་ཁྲིད་སྟོན་གསལ་བོ་བྱས་ཡོད།

མཚོ་སྔོན་དང་ཉིན་ཞ་གཉིས་ཀ་ནུབ་རྒྱུད་ས་ཁུལ་ཡིན་པ་དང་། ཟླ་གཉིས་ཀྱི་སྔོན་ལ། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་ཧུར་ཐག་གིས་བྲིས་པ་དང་། རྟོག་ཞིབ་ཀྱིས་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལྔ་བཅུ་ང་དྲུག་ལས་མི་རིགས་གང་ཞིག་ཡིན་རུང་། ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་པོའི་ཁྱིམ་མི་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་དང་། སེ་འབྲུ་བཞིན་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ཞེས་བསྟན།

མཉམ་ལས་བྱེད་ན་རྒྱལ་ཡོངས་བསམ་བཀོད་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས།

ཟླ6པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་སྟེ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས།

མགོ་ལོག་ནི་མཚོ་སྔོན་གྱི་ཤར་ལྷོ་རྒྱུད་དུ་ཆགས་པ་དང་། ས་དེའི་མཚོ་འཕགས་མཐོ་ཞིང་ནམ་ཟླ་ཞན་ལ། ཁོར་ཡུག་དཀའ་སྡུག་ཆེ། ཧྲང་ཧའེ་ཡིས་མ་དངུལ་བཏང་ནས་ཟི་ལིང་དུ་མགོ་ལོག་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་བཙུགས།

1996ལོར་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་སྤེལ་འགོ་བརྩམས་པ་ནས། དུས་རབས་གསར་བར་ཤར་ནུབ་རྒྱུད་མཉམ་ལས་སུ་རིམ་སྤོར་བྱས་པ་དང་། དངུལ་སྒོར་དང་དངོས་ཟོག་སྟེར་བ་ནས་རིམ་པ་མང་བ་དང་རྣམ་པ་མང་བའི་ ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པར་རིམ་སྤོར་བྱས་པ་བཅས་དུས་ནམ་ཡིན་རུང་། མ་དངུལ་དང་ཐོན་ཁུངས། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཕྱོགས་ནས་ནུབ་རྒྱུད་དུ་གཞོལ་གསེག་བྱས། མཚོ་སྔོན་དཔེར་བྱས་ན། ཏང་ཀྲུང་དབྱང་གིས་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་། ཆེན་ཧྭ་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ23བཀོད་སྒྲིག་བྱས་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། དེའི་ཁྲོད་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་ནས་བསླབ་རིམ་སོ་སོ་དང་ས་ཁུལ་སོ་སོ། ཤེས་ལྡན་མི་སྣའི་མ་དངུལ་རྣམས་གྲངས་ཡོངས་སུ་ཁེབས་པར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དངོས་མྱོང་མཁན་དང་སྐུལ་འདེད་པ་ཡིན། སྔོན་ཏག་ཏག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་བསྐུར་བ་དང་། དེ་ནི་ཁོང་གིས་ཀྲེ་ཅང་དུ་བྱ་བ་སྒྲུབ་སྐབས་ཐུགས་ཁུར་མཛད་དེ་སྐུལ་འདེད་བཏང་བའི་ཁ་གཏད་རོགས་སྐྱོར་སློབ་གྲྭ་ཡིན།

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་ཧྲང་ཧའེ་ནས་ཡོང་བ་ཡིན་ལ། ཁོང་གིས་ཟ་ཁང་དང་ཉལ་ཁང་། སློབ་ཁང་། སློབ་མའི་གྲུབ་ཚུལ། སློབ་ཁྲིད་བཀོད་སྒྲིག ལུས་རྩལ་སྦྱོང་བརྡར་སོགས་སློབ་གྲྭའི་གནས་ཚུལ་སྤྱི་ཁྱབ་ཧྲུའུ་ཅི་ལ་ངོ་སྤྲོད་གསལ་བོ་བྱས།

ངོ་སྤྲོད་ལ་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱིས་པ་ཚོ་འཚར་ལོངས་འབྱུང་བཞིན་པའི་སྒང་ཡིན་པས། བཟའ་བཏུང་གི་གཙང་སྦྲར་མཉམ་འཇོག་དགོས། ཐོག་མར་རྒྱུ་ཆ་ཉོ་སྒྲུབ་བྱེད་སྐབས། ངེས་པར་དུ་ཚད་ལྡན་དང་གནད་དོན་མེད་པ་དང་བདེ་འཇགས་ཡིན་དགོས། དེའི་རྗེས་ཉར་གསོག་གི་རྒྱུད་རིམ་དང་གཡོས་སྦྱོར་བྱེད་པའི་གོ་རིམ་ཁྲོད་གཙང་སྦྲར་མཉམ་འཇོག་དགོས། དེའི་རྨང་གཞིའི་སྟེང་བྲོ་བ་ཞིམ་དགོས་པ་དང་། བྱིས་པ་ཚོས་ཉིང་བཅུད་དང་བདེ་ཐང་གི་ཟ་མ་ཟ་ཐུབ་པར་བྱེད་དགོས་ཞེས་་མངག་བཅོལ་མཛད།

ཉལ་ཁང་གི་སྒེའུ་ཁུང་ཆེ་ཞིང་གསལ་བ་དང་། ཁང་བའི་ནང་དུ་ད་དུང་སྤྱོད་ཁང་ཡང་ཡོད་ལ། ཁྲུས་ཁང་ནང་དུ་གོས་འཁྲུད་འཕྲུལ་ཆས་དང་རླུང་འཁོར་སོགས་འཚོ་བའི་ཉེར་མཁོའི་སྤྱོད་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བརྩེ་བ་ལྡན་པའི་སྒོ་ནས་དགུན་ཁར་ཆུ་ཁོལ་ཡོད་དམ་ཞེས་དྲིས་པ་ན། སློབ་གཙོས་ཉིན་མཚན་གཉིས་ཀར་ཆུ་ཁོལ་འདོན་སྤྲོད་བྱས་ནས། བྱིས་པ་ཚོས་ཁྲུས་རྒྱག་པར་འགན་སྲུང་བྱས་ཡོད་ཅེས་བཤད།

སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་སུ་ཞི་ཅིན་ཕིང་གིས་ད་དུང་སློབ་མ་ཚོའི་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་ལྟ་མཛད།

མཐོ་འབྲིང་དང་པོའི་འཛིན་གྲྭ་དང་པོའི་བྱིས་པ་ཚོས་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། བརྗོད་དོན་ནི་དུས་རབས་གསར་བ་དང་ཕ་ཡུལ་གསར་བ་ཞེས་པ་དེ་ཡིན།  སློབ་མ་ངེས་དོན་ལྷ་མོས་ཁོ་མོས་བྲིས་པའི་རི་མོ་ཡར་བཀྱགས་ནས་བཤད་རྒྱུར།  ངའི་ཕ་ཡུལ་ནི་མགོ་ལོག་ཁུལ་པད་མ་རྫོང་ཡིན་པ་དང་། སྔོན་ཆད་ཕྱུགས་འཚོ་རུ་འགྲོ་དུས་ངེས་པར་དུ་ཕྱུགས་ཚོགས་ཀྱི་རྗེས་སུ་འདེད་དགོས་པ་དང་། ཕྱུགས་བོར་བརླག་བྱུང་ན་ངེས་པར་དུ་རི་ལུང་བརྒལ་ནས་འཚོལ་དགོས། ཐོག་མར་ཚང་མས་རྟར་ཞོན་ནས་ཕྱུགས་འཚོ་བ་དང་། རྗེས་སུ་འཕྲུལ་རྟར་ཞོན་ནས་ཕྱུགས་འཚོ་བ་དང་། ད་ལྟ་ཁྱིམ་ཚང་ཁ་ཤས་ཀྱིས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཀོལ་ནས་ཕྱུགས་འཚོ་བཞིན་ཡོད། ངའི་ཕ་ཡུལ་སྔར་ལས་དེང་རབས་ཅན་དུ་གྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་མོ་བསྟན་ནས་ཁྱེད་ཚང་ན་གློག་ཆས་འདི་དག་ཡོད་དམ། ཁྱེད་ཚང་ལ་ནོར་དུ་ཡོད་ཅེས་དྲིས་པ་ན། ངེས་ངོན་ལྷ་མོས་བཤད་རྒྱུར། ལོས་ཡོད། གོས་འཁྲུད་འཕྲུལ་ཆས་དང་བརྙན་འཕྲིན་བཅས་གློག་ཆས་ཆ་ཚང་ཡོད་པ་དང་། ངེད་ཚང་ལ་ནོར་ལྔ་བཅུ་ལྷག་ཡོད་ལ། འབྲོག་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་མང་པོ་ཞིག་མ་རེད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲོག་ཁུལ་ནས་འདིར་ཡོང་ན། འཚོ་བའི་གོམས་སྲོལ་ཐད་ནས་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་ན་ཡང་། ཁྱེད་ཚོའི་མདུན་དུ་ལྷགས་པའི་གོ་སྐབས་ཀྱང་སྔར་ལས་མང་ཟེར།

སློབ་གྲོགས་གཡང་ལྡན་ཡར་ལངས་ནས་བཤད་རྒྱུར། ཞི་སྤོ་བོ་བདེ་མོ་ཡིན་ནམ། ངའི་ཕ་ཡུལ་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཡིན། སྔོན་ཆད་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ཞན་པ་དང་འཁྱག་གསོག་གི་ལག་རྩལ་ཞན་པའི་དབང་གིས། ནོར་ལུག་ཤ་ཉར་གསོག་བྱེད་རྒྱུ་དཀའ་མོ་ཡིན། ད་ལྟ། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།

ས་རྒྱ་ཆེ་བའི་ཀྲུང་གོའི་འགྱུར་ལྡོག་དེ། རི་ལུང་རེ་རེ་དང་ཆུ་བོ་རེ་རེ། ཁྱིམ་ཚང་རེ་རེ་རུ་བྱུང་ཡོད།

ལོ་རྒྱུས་ལ་ཕྱིར་བལྟ་བྱས་ན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དུ་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་སློབ་ཁྲིད་སྐབས་སུ་ཉེ་རབས་ཀྱི་ལོ་རྒྱུས་བཤད་ཀྱིན་ཡོད་དམ་ཞེས་དྲིས་པ་ན།

དགེ་སློབ་ཚོས་ལང་ལོང་གིས་བཤད་རྒྱུར། ཉལ་ཐའི་དམག་འཁྲུག་དང་ལྕགས་ཕག་ལོའི་གསར་བརྗེ་སོགས་ཚང་མ་བཤད་མྱོང་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་གཙོ་གནད་ཡིན་པའི་ཆ་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པ་དང་། དུས་རབས་གསར་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏམ་རྒྱུད་བཟང་བོར་བཤད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་དུས་ནས་བྱིས་པ་ཚོའི་སེམས་ཁོར་དུ་སིམ་པར་བྱེད་དགོས་ཟེར།

སློབ་གྲྭའི་ཐང་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅིས་དགེ་སློབ་ཚོར། རྒྱལ་ཡོངས་བསམ་བཀོད་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ལྷག་པར་དུ་མཚོ་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་རོགས་སྐྱོར་བྱེད་པ་དང་། དར་རྒྱས་ས་ཁུལ་གྱིས་དར་རྒྱས་མིན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་ན། འཁྲབ་མཁན་ཡང་དག་འཚོ་དགོས། དེའི་ཁྲོད། ཆེས་གལ་ཆེ་བ་ནི་སློབ་གསོའི་ཐད་ཀྱི་ཁ་གཏད་རོགས་སྐྱོར་ཡིན་པ་དང་། བྱིས་པ་ཚོ་སྐྱེད་སྲིང་བཟང་བོ་བྱེད་ན། དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་དགེ་སློབ་ཚོར་བལྟས་ནས་གསུང་རྒྱུར། ཁྱེད་ཚོའི་ཆ་རྐྱེན་བཟང་བོ་འདི་གཅེས་སྤྲས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུན་འཛིན་པ་དང་འཛུགས་སྐྲུན་མཁན་བྱེད་པ་དང་། ཧུར་ཐག་གིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་མི་ཚེ་བསྐྲུན་པའི་གོ་སྐབས་བརྩོན་ལེན་བྱེད་དགོས་ཟེར།

ཚེས19ཉིན་གྱི་ཕྱི་དྲོར་ཉིན་ཞ་རུ་འབྱོར་བ་དང་། ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིན་ཉིན་གྲོང་རྡལ་གྱི་གནས་ཚུལ་གསལ་བོར་དྲིས།

ཧྥུའུ་ཅན་དུ་བྱ་བ་སྒྲུབ་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་འགོ་ཁྲིད་དེ་མིན་ཉིན་མཉམ་ལས་ཁ་གཏད་རོགས་སྐྱོར་བྱ་བའི་འགན་ཁུར། བྱེ་ཐང་སྐམ་པོ་ནས་གསེར་གྱི་བྱེ་ཐང་དང་། གནས་སྤོར་སྡེ་བ་ནས་མིན་ཉིན་གྲོང་རྡལ་དུ་དར་རྒྱས་གོང་འཕེལ་གཏོང་བའི་བར་དུ་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་དུས་ཡུན་རིང་བོར་ས་དེའི་ཡུལ་མི་ཚོར་ཐུགས་ཁུར་ཆེན་པོ་མཛད།

ཞི་ཅིན་ཕིང་གིས་གསུང་རྒྱུར། དོན་དངོས་ཐོག་ནས་དབུལ་སྐྱོར་བྱེད་རྒྱུའི་སེམས་ཐག་བརྟན་པོ་བཅད་པའི་རྒྱུ་རྐྱེན་ནི་ང་རང་ཉིད་ཀྱི་སྔར་གྱི་མྱོང་བ་མ་གཏོགས། ཉིན་ཞའི་ལྷོ་རྒྱུད་རི་ཁུལ་མཐོང་བ་དང་ཡང་འབྲེལ་བ་ཡོད། ད་ལྟ་ས་ཆ་འདི་འཛུགས་སྐྲུན་བྱས་པ་ཧ་ཅང་བཟང་བ་དང་། ཁྱད་ལྡན་ཐོན་ལས་ཀྱང་ཡོད་ལ། སྔོན་ཆད་ཀྱི་དཀའ་སྡུག་ཆེ་བའི་ས་ཆ་ནས་རྒུན་འབྲུམ་གྱི་སིལ་ཆང་འབྱུང་སའི་ས་ཆ་རུ་གྱུར་བ་དང་། དེ་ནི་དགའ་འོས་པའི་དོན་དག་ཅིག་རེད་ཟེར། 

གནའ་བོའི་དགོན་པོས་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་།

མཚོ་སྔོན་དེ་བོད་ལྗོངས་དང་ཞིན་ཅང་ལ་འདྲེས་ཤིང་། ཀན་སུའུ་དང་སི་ཁྲོན་ལ་མཐུད་ཡོད་ཅིང་། གནའ་ནས་ད་བར་དུ། སྣ་མང་རིག་གནས་མཉམ་འདྲེས་དང་མི་རིགས་བརྗེ་རེས་འགྲོ་འོང་གི་བགྲོད་ལམ་གཙོ་བོ་ཡིན།

ཟི་ལིང་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཏཱ་པན་རི་བོ་དང་ལ་ཅི་རི་བོའི་བར་མཚམས་སུ་ཆགས་པ་དང་། ཐཱང་བོད་གནའ་ལམ་སྟེང་གི་རྔ་དྲིལ་ཐོས་མྱོང་ལ། ལོ་རྒྱུས་ཀྱི་འགྱུར་ལྡོག་བདེན་དཔང་བྱེད་ཐུབ་པའི་ཙོང་ཁ་དགོན་དེ་གནའ་མཁར་ཟི་ལིང་གི་མཁར་དཀྱིལ་ཁུལ་དུ་ཆགས་ཡོད།

དགོན་པའི་ར་སྐོར་ནང་དུ། ཙོང་ཁ་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྒར་བ་ངག་དབང་བཟང་བོས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཁ་བཏགས་འབུལ་བ་དང་། བཙུན་པ་ཚོས་སྤོས་ཕོར་དང་ཁྲི་གདུག་ཁྱེར་ནས་སྤྱི་ཁྱབ་ཧྲུའུ་ཅི་བསུ་མ་བྱས།

ཙོང་ཁ་དགོན་གྱིས་སྐབས་རིམ་པའི་ཀྲུང་དབྱང་སྲིད་གཞུང་དང་བོད་རྒྱུད་ནང་བསྟན་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བའི་ཕྱོགས་ནས་ལྕགས་ཟམ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ང་ཚོ་ཏང་གི་གསར་བརྗེ་སྔོན་རབས་པ་ཚོས་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བར་ཐུགས་ཁུར་དང་སྐུལ་འདེད་བྱེད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བདེན་དཔང་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཙོང་ཁ་དགོན་དུ་བཙུགས་ཡོད་པའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ལ་ལྟ་སྐོར་མཛད།

ཞི་ཅིན་ཕིང་གིས་གསར་བརྗེ་སྔོན་རབས་པར་སློབ་སྦྱོང་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་མི་རིགས་བྱ་བ། ཆོས་ལུགས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས། རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་འདིར་སྲུང་སྐྱོབ་བཟང་བོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་སྒོས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། མཚོ་སྔོན་གྱི་བོད་རྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཆོས་ལུགས་ཞི་འཇམ་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྒྱུད་རིམ་ཁྲོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་གི་དབུས་དཀྱིལ་དར་ལག་རྫོང་དུ་ཆགས་པའི་ཁྲ་གླིང་དགོན་བཀྲ་ཤིས་ཆོས་ལྡན་གླིང་་གླེང་།

ཁྲ་གླིང་དགོན་བཀྲ་ཤིས་ཆོས་ལྡན་གླིང་གིས་སྐར་ལྔའི་དར་དམར་སྒྲེང་རྗེས་མགོ་ལོག་རྩྭ་ཐང་དུ་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་བདེན་དཔང་བྱས་པ་དང་།     ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཏང་ལ་གོང་བཀུར་བྱེད་པའི་བརྩེ་སེམས་ཐེག་འཁུར་བྱས་ཡོད། ལོ་ངོ་བདུན་ཅུའི་རིང་ལ། ཁྲ་གླིང་དགོན་གྱིས་ནམ་ཡང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་བ་དང་། རྒྱལ་གཅེས་ཆོས་གཅེས་དེ་དགོན་པ་འཛུགས་པའི་གཞི་རྩ་རུ་བརྩིས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་སྐུལ་སློང་གི་དོན་སྙིང་ལྡན་པས། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆོས་ལུགས་ལས་རིགས་ཐད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས།

སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་འཇོག་འོས།

གཞིས་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་གི་ཆེས་ཆུང་བའི་སྡེ་ཁག་ཅིག་ཡིན།

ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥིན་ཆུའུ་ཁྲང་ཁྲིན་གཞིས་ཁུལ་དུ་ཕེབས།

ལོ་ངོ་བདུན་ཅུའི་རིང་ལ། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ཀྱི་ཡངས་ཚད་དང་གཏིང་ཚད་སྔར་ན་མེད་པ་དང་། རང་རྒྱལ་གྱི་ཐོར་སྡོད་ཆེན་མོ་དང་འདུས་སྡོད་ཆུང་བ། བསྣོལ་བསྲེས་འདྲེས་སྡོད་བྱེད་པའི་མི་རིགས་ཀྱི་མི་གྲངས་ཁྱབ་ཚུལ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་།

གཞིས་ཁུལ་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ། ཞི་ཅིན་ཕིང་གིས་རེ་རེ་བཞིན་གཅིག་ཐོག་གི་དམངས་བདེ་ཞབས་ཞུ་ཚོམས་ཆེན་དང་གཞིས་ཁུལ་འཕྲོད་བསྟེན་ས་ཚིགས། བརྩེ་སེམས་སྣ་འཛོམས་ཚོང་ཁང་དང་། ཉིས་ཐོག་གི་ཤེས་ཡོན་སྒྱུ་རྩལ་ཁང་དང་ཞབས་བྲོ་ཁང་བཅས་ལ་བལྟས།

ཞི་ཅིན་ཕིང་གིས་ད་དུང་ལས་བྱེད་མི་སྣར་ཕ་ཡུལ་གང་ནས་ཡིན་པ་དང་ཆེད་ལས་ཅི་ཞིག་ཡིན་པ། ཡོང་སྒོ་ཅི་འདྲ་ཡིན་པ་སོགས་ཀྱི་གནས་ཚུལ་གསལ་བོར་དྲིས།

ཞི་ཅིན་ཕིང་གིས་མཛའ་བརྩེ་ལྡན་པའི་ངང་གསུང་རྒྱུར། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་དེ་གཞི་རིམ་དུ་འཇོག་འོས་པ་དང་། གྲོང་ཁྱེར་ནང་གི་གཞིས་ཁུལ་གྱིས་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བཞིན་ཡོད། གཞིས་ཁུལ་དེ་ཁྱིམ་གཞི་ཆེན་པོ་ཞིག་དང་འདྲ་བ་དང་། གཞིས་ཁུལ་གྱི་དཔུང་སྡེ་ཅུང་བརྟན་འཇགས་ཡིན་པ་དང་། བྱ་བ་སྒྲུབ་པའི་ངར་སེམས་ཆེ་བ་མཐོང་རྗེས། ངས་སེམས་བདེ་པོ་བྱུང་། གཞིས་ཁུལ་གྱི་ཏང་རྩ་འཛུགས་ནི་ཏང་གིས་གཞི་རིམ་གྱི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དབང་རྩའི་སྣེ་མོ་ཡིན་པ་དང་། གཞིས་ཁུལ་གྱི་ཏང་རྩ་འཛུགས་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱས་ན། གཞིས་ཁུལ་གྱི་བྱ་བའི་ཐད་ནས་རྟེན་གནས་ཡོད་ཟེར།

གཞིས་ཁུལ་དུ་བོད་རིགས་དང་རྒྱ་རིགས། ཧོས་རིགས། མན་ཇུ་རིགས། སོག་རིགས་སོགས་རིགས་སོ་སོའི་མང་ཚོགས་འགྲིག་མཐུན་མཉམ་གནས་བྱེད་པ་མཐོང་ཐུབ།

སྡོད་དམངས་ཀྲའོ་ཧྲིའུ་ཁྲིན་གྱི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ཚང་གི་ཁྱིམ་མི་ཚོ་དང་མཉམ་དུ་བཞུགས་ནས་མཛའ་བརྩེའི་གླེང་མོལ་བྱས་པ་དང་། ལས་ཞུགས་དང་ཡོང་སྒོ སྨན་བཅོས་འགན་སྲུང་དང་སློབ་གསོ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ཧ་ཅང་གལ་ཆེ་བ་དང་། ང་ཚོ་མི་རིགས་ལྔ་བཅུ་ང་དྲུག་སེ་འབྲུ་དང་འདྲ་བར་མཐུན་སྒྲིལ་དམ་ཟབ་བྱེད་དགོས། མི་རིགས་ང་དྲུག་གཅིག་ཏུ་བསྡུས་ན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞི་ཆེན་མོ་ཞིག་ཡིན། ང་ཚོས་མཉམ་དུ་འབད་འཐབ་བྱེད་པ་དང་། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅིས་ལམ་ཐག་རིང་བོ་དང་གྲང་ངར་ཆེན་པོ། ཚ་བ་ཆེན་མོར་མ་འཛེམ་པར་ཡང་དང་བསྐྱར་དུ་མི་རིགས་ས་ཁུལ་དུ་ཕེབས།

དཀའ་སྡུག་ཆེ་བའི་དབུལ་ཐར་མཁྲེགས་གཏོར་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་དང་མི་རིགས་མང་ཚོགས་གཙིགས་འཛིན་བྱས། 2016ལོར་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། ཁོང་གིས་ལིའུ་ཕན་ཧྲན་རི་བོ་ནི་སྔོན་ཆད་དམར་དམག་རྒྱང་བསྐྱོད་བྱེད་དུས་བརྒལ་དགོས་པའི་ཆེས་མཐའ་མཇུག་གི་རི་བོ་དང་འདྲ་བར། དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱེད་རྒྱུ་ནི། ང་ཚོས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་དུས་ངེས་པར་དུ་བརྒལ་དགོས་པའི་ཆེས་མཐའ་མཇུག་གི་རི་བོ་མཐོན་པོ་ཡིན། མཚོ་སྔོན་དང་ཉིན་ཞའི་དབུལ་ཐར་གྱི་ལམ་བུ་རིང་ཞིང་འགན་ཁུར་སྔར་བཞིན་དུ་ལྕི།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཞེ་ལྔའི་ཁྲོད་དབུལ་ཐར་རྫོང་ཞེ་གཉིས་ཡོད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པའི་ལས་འགན་ནམ་ཡང་ལག་ཏུ་འཛིན་པ་ལས། གཞི་ཁྱོན་ཅན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ལས་འགན་ཁྲོད་སྤྱི་ཁོག་ནས་སྤེལ་དགོས།

མི་རིགས་བྱ་བ་བསྒྲུབ་པའི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཀྱི་འདོད་བློ་དང་མཐུན་དང་དམངས་ཚིས་ལ་ཕན་འདོགས་པ། དམངས་སེམས་ལ་དྲོད་ཁོལ་སྦྱིན་པའི་དོན་དངོས་མང་པོ་བསྒྲུབ་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་དགོས་པ་ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕང་གིས་ན་ནིང་གི་ཟླ་བཅུ་གཉིས་པའི་ཅི་ཧྲི་ཧྲན་གྱི་ས་ཡོམ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱེད་ཚད་ལ་ཧ་ཅང་ཐུགས་ཁུར་བྱེད་ཀྱིན་ཡོད། ཐེངས་འདིའི་གཟིགས་ཞིབ་སྐབས་སུ། ཁོང་གིས་ཅི་ཧྲི་ཧྲན་གྱི་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པ་དང་། གནོད་འགོག་གནོད་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱུའི་མངག་བཅོས་གནང་།

འཕེལ་རྒྱས་གཏོང་ན། ངེས་པར་དུ་ཅི་ཞིག་སྒྲུབ་དགོས་པ་དང་ཅི་ཞིག་བསྒྲུབ་མི་རུང་བ་རྒྱུན་འཁྱོངས་བྱེད་དགོས།

སྤུས་ཚད་མཐོ་འབི་འཕེལ་རྒྱས་ནི་དུས་རབས་གསར་བའི་གནས་ལུགས་བརྟན་པོ་ཡིན་པ་དང་། ཐོན་ཁུངས་ཀྱི་ཕྱུག་པའི་མི་རིགས་ས་ཁུལ་ལ་འགྲན་རྩོད་ཁྱེར་ཡོང་བ་མ་ཟད། ཚད་མེད་ཀྱི་གོ་སྐབས་ཀྱང་འདོན་སྤྲོད་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ། ས་ཆ་རེ་རེར་གཟིགས་ཞིབ་བྱེད་པར་ཕེབས་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ས་གནས་ཀྱི་ལེའུ་ཅི་ལྟར་འབྲི་བར་འཆར་འགོད་བྱས་པ་དང་། འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་ཆུད་པར་བྱས་པ་དང་། རང་ས་ཆའི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། འཇོན་ནུས་མངོན་པར་མ་ཟད་མཉམ་ཤུགས་གཅིག་ཏུ་བསྡུས།

ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅིས་སྙན་ཞུའི་ཚོགས་འདུའི་སྟེང་མཚོ་སྔོན་ལ་རེ་བ་བཞི་བཏོན་པ་དང་། དེ་ཐོན་ལས་དང་སྐྱེ་ཁམས། དམངས་ཚིས། མི་རིགས་དང་འབྲེལ་བ་ཡོད་ལ། ཕན་ཚུན་གཅིག་འདྲེས་དང་གཅིག་འདོམས་ལྟ་རྟོག་བྱས་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་འདོམས་བྱེད་རྒྱུ་ནི། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཔྱད་གཞི་ཆེན་པོ་ཞིག་ཡིན་པ་དང་། མཚོ་སྔོན་ལ་མཚོན་ནས་བཤད་ན། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ས་འདི་ནས་ཤར་ཕྱོགས་སུ་བཞུར་བསྐྱོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་གསོ་སྐྱོང་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དེ་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་དམ་པོ་ཡོད།

ས་དེས་མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོ་འདོན་པ་ཐོས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དེ་ནི་ཁྱེད་ཚོའི་ཆེས་ཆེ་བའི་བྱས་རྗེས་ཡིན། གལ་ཆེན་ནང་གི་འགངས་ཆེན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་ཀྲུང་ཧྭའི་ཆུ་མཛོད་འདི་སྲུང་སྐྱོང་བཟང་བོ་བྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ནས། ཆུ་ཁུངས་བསྐྱིལ་གསོག་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་ཡིན།

མཚོ་སྔོན་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་བཞིན་པའི་སྒང་ཡིན་པ་དང་། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་ནུས་ཁུངས། ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྐྱེ་ཁམས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས་ལས། གཞི་གྲངས་དཔལ་འབྱོར། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་མཉམ་དུ་གོང་འཕེལ་བཏང་། མདོ་དབུས་མཐོ་སྒང་གིས་རླུང་འོད་ལ་བརྟེན་ནས་ལྗང་གློག་ཕྱིར་སྐྱེལ་ཁྱབ་ཁོངས་ཞིང་ཆེན་བཅོ་ལྔ་རུ་རྒྱ་སྐྱེད།

སྙན་ཞུའི་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཁ་ཕྱོགས་སྔར་ལས་གཏན་ཁེལ་གསལ་བོ་བྱས་པ་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་རྒྱུ་དེ་རེད།

2016ལོར་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། ཁོང་ཆེད་དུ་ཚྭ་མཚོ་ཁར་ཕེབས་ནས། རེ་བ་གསལ་བོ་བཏོན། ཐེངས་འདིར། ས་དེའི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་གསར་བ་ཡར་ཞུ་བྱས་པ་དང་། གསོག་ཚད་རྒྱལ་ཡོངས་ཀྱི་གོ་གནས་དང་པོར་སླེབས་པའི་ཚྭ་མཚོའི་ཅཱ་དང་མཱེ། ལིས་ཐོན་ཁུངས་ལ་རྒྱབ་རྟེན་ནས། ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱས་ལ། རྒྱལ་ཡོངས་ཅཱ་ལུད་བརྒྱ་ཆའི་དོན་བདུན་ནི་མཚོ་སྔོན་གྱིས་འདོན་སྤྲོད་བྱས་པ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཙིགས་འཛིན་བྱས་ནས། མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བསམ་གཞིགས་གང་ལེགས་གཏོང་དགོས། གདམ་གསེས་ཡོད་པའི་སྒོ་ནས་བསྒྲུབ་པ་དང་། ངེས་པར་དུ་བསྒྲུབ་དགོས་པ་བསྒྲུབས་པ་དང་། བསྒྲུབ་མི་འོས་པ་བསྒྲུབ་མི་རུང་པ་རྒྱུན་འཁྱོངས་བྱེད་དགོས།

འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་རྨང་གཞི་ཡིན།

ཏག་ཏག་ལོ་བཞིའི་རྗེས་སུ་ཡང་བསྐྱར་ཉིན་ཞ་རུ་གཟིགས་ཞིབ་མཛད་པ་དང་། ལོ་རེ་རེར་གྲུབ་འབྲས་ཀྱི་གསལ་ཕྲ་གསར་བ་རེ་ཡོད།

རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གྱིས་ན་ནིང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་གྲངས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་ཞེས་ངོ་སྤྲོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་འཕར་སྣོན་གནས་གཙོ་བོ་ཅི་ཞིག་ཡིན་ཞེས་དྲིས་པ་ན། འགན་ཁུར་བློ་མཐུན་གྱིས་བཤད་རྒྱུར། རྒྱུ་ཆས་གསར་བ་དང་ནུས་ཁུངས་གསར་བ་གཙོ་བོ་ཡིན་པ་དང་། སོལ་བཟོས་སྣུམ་ཀྱི་ཐོན་ཚད་རྒྱལ་ཡོངས་སུ་གོ་གནས་དང་པོར་སླེབས་ཡོད་ལ། སོལ་བཟོས་སིན་ཐིན་གྱི་ཐོན་ནུས་ཀྱིས་རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་ཟིན། རྒྱུ་ཆས་གསར་བའི་ཐད་ནས་བསྟུད་མར་ལོ་གསུམ་རིང་ལ་བརྒྱ་ཆའི་སུམ་ཅུའི་ཡན་གྱི་འཕར་སྣོན་མངོན་འགྱུར་བྱུང་། ད་དུང་རང་རྒྱལ་གྱི་ནུབ་རྒྱུད་རྩིས་ནུས་དང་མཉམ་འབྲེལ་དྲ་རྒྱའི་བརྗེ་རེས་ལྟེ་གནས་གཉིས་བཙུགས་ཡོད་ཟེར།

ཉིན་ཞའི་རྒུན་ཆང་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་ལ་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་ཤེས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་གཏོང་བྱེད་ཚད་མང་ངམ་ནང་འཚོང་བྱེད་ཚད་མང་ངམ་ཞེས་དྲིས་པ་ན།

འགན་ཁུར་མི་སྣས་ནང་འཚོང་མང་བ་དང་། རྒྱལ་ནང་གི་ཚོང་ར་གཙོ་གཞི་རུ་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཚོང་ར་ཡང་རྒྱ་སྐྱེད་བཞིན་པའི་སྒང་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ཚོར་འགྲན་རྩོད་ཁྲོད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་བསམ་གཞིགས་ཟབ་མོ་གཏོང་དགོས་པ་དང་། ཚོང་རྟགས་བཟོ་སྐྲུན་ཐད་ནས་ཡུན་རིང་བྱས་རྗེས་འཇོག་དགོས། ངེས་པར་དུ་འཚབ་འཚུབ་ངང་ཐུང་གི་སེམས་པ་མེད་པར་བྱས་ནས། ཏན་ཏན་ཏིག་ཏིག་གིས་བསྡུ་གསོག་བྱེད་རྒྱུའི་སྐུལ་མ་བཏང་།

མཐུན་སྒྲིལ་མི་ལ་བརྟེན་དགོས་པ་དང་འཕེལ་རྒྱས་མི་ལ་བརྟེན་དགོས། ས་ཆ་རེ་རེར་ཕེབས་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པའི་བྱ་བའི་རྣམ་པར་ཧ་ཅང་མཐོང་ཆེན་མཛད་པ་དང་། དམིགས་འབེན་ཡོད་པའི་སྒོ་ནས་སྐུལ་སློང་དང་གསལ་འདེབས་བྱས།

ཏང་ཡོངས་ཀྱིས་ད་ལྟ་དངོས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཇུག་བསྒྲིལ་རག་བར་དུ་ཟླ་གཅིག་ལྷག་གི་དུས་ཚོད་ཡོད་པ་དང་། ཞི་ཅིན་ཕིང་གིས་བདེན་འཛིན་དངོས་སློབ་དང་མགོ་མཇུག་ཡོད་པར་བྱེད་པ་དང་། སེམས་བདེ་མོས་བྱ་བ་བསྒྲུབ་དགོས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་བརྟེན་ནས་དྲང་ཕྱོགས་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་པར་སྣེ་ཁྲིད་བྱེད་དགོས། དུས་ནམ་ཡིན་ཡང་མིག་གིས་མཐོང་མི་ཐུབ་པའི་ས་ཆ་ཡོད་པ་དང་། དུས་རབས་གསར་བར་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ན། ད་དུང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན།