མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས།
2024.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གྲོས་སྡུར་བྱས། 

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས། ཚང་མས་མཐའ་གཅིག་ཏུ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་གོ་དོན་ཕུན་སུམ་ཚོགས་པ། ནང་དོན་གཙོ་བོ་དང་ལག་ལེན་གྱི་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་འཛིན་པ། རྒྱལ་དོན་གལ་ཆེན་ནམ་ཡང་སེམས་ལ་འཛིན་པ། མཚོ་སྔོན་གྱི་བཅོས་བསྒྱུར་དེ་རྒྱལ་ཡོངས་ཀྱི་བཅོས་བསྒྱུར་ཁྲོད་འདྲེས་པར་བྱེད་པ། བཅོས་བསྒྱུར་དེ་གནས་ཚུལ་དངོས་དང་མཐུན་པ་དང་ཕན་འབྲས་ལྡན་པར་ཁག་ཐེག་བྱས་ནས། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས།

ཚོགས་ཐོག་ཏུ་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་དུ་འཐུང་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་དང་། ཚང་འཚོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གཏན་ཁེལ་གྱིས་ལམ་ལུགས་ཀྱི་དགེ་མཚན་རྒྱལ་ཁབ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བའི་ཚན་རིག་གི་ཐབས་ལམ་གསལ་བོར་བསྟན་ཡོད། ཞིང་ཆེན་དམངས་ཆེན་གཞུང་སྒྲུབ་ཐིན་གསར་འགྱུར་དྲིལ་སྒྲོག་ཁྲུའུ་ཡི་ལས་བྱེད་པ་ཀྲང་ཅིན་གྱིས། དུས་རབས་གསར་བའི་དམངས་ཆེན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས།  ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ནས། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། ཉིན་རྒྱུན་གྱི་བྱ་བའི་ཁྲོད་དམངས་ཆེན་བྱ་བའི་བྱེད་ཐབས་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ། འགན་ནུས་ནུས་པ་འདོན་སྤེལ་བྱེད་པའི་ཞོར་དུ། དཀའ་གནད་ཐག་གཅོད་བྱེད་ཕོད་པར་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་ཞུགས་རྒྱུ་ཡིན་ཟེར།

མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུང་མེན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་བསྡོམས་པས་བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་སུམ་བརྒྱ་ལྷག་ཕྱིར་བཏོན་པ་དང་། ལྷག་པར་དུ་སྔར་ལས་འདྲ་མཉམ་དང་སྔར་ལས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་བསྐྲུན་པའི་ཐད་ནས་བཀོད་སྒྲིག་གསར་བ་བྱས་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལྟར་རེ་རེ་བཞིན་ཞིབ་འཇུག་བྱེད་པ་དང་། བཅོས་བསྒྱུར་གྱི་བསམ་བློ་དང་བྱེད་ཐབས་སྤྱད་དེ་གནད་ཕིགས་ཤུགས་འདོན་དང་རྒྱུན་མཐུད་ངང་ཤུགས་འདོན་པ། སྲིད་དོན་ཞབས་ཞུ་དང་སྲིད་འཛིན་མཆན་འགོད། ཁྲིམས་བསྟར་ལྟ་སྐུལ་སོགས་གནད་འགག་དུས་རིམ་གྱི་ལྟ་སྐུལ་ལ་སྔར་ལས་ཤུགས་སྣོན་པ། དབང་ཆ་བཀོལ་སྤྱོད་ཐད་ནས་ཚད་ལྡན་དང་ཡོངས་གསལ་ཡོང་པར་ཁག་ཐེག་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མཐོན་པོས་སྲིད་ཚོང་འགྲོ་འོང་ཐད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བདེ་མཚོས། གཏན་ཁེལ་ནང་མ་ལག་སྒོས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས། ཆོས་ལུགས་བྱ་བ་བཅོས་སྐྱོང་བཅའ་ཁྲིམས་ཅན་དུ་བསྒྱུར་བར་ཤུགས་སྣོན་བྱེད་དགོས་ཞེས་བཏོན་ཡོད་པ་དང་། མི་རིགས་ཆོས་ལུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་བཞི་ལག་བསྟར་ཟབ་མོ་བྱེད་པ། ཕྱོགས་སོ་སོའི་ངར་སེམས་དང་རང་འགུལ་རང་བཞིན་ཆེར་བསྐྱེད་པ། ཚང་འཛོམས་གྲོས་ཚོགས་སྟེང་བཀོད་པའི་རླབས་ཆེན་འཆར་འགོད་ལ་དམ་དུ་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། མི་རིགས་ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཡིན་ཞེས་བསྟན་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་། རྫོང་དང་ཁུལ་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་འཐུས་མི་ཚེ་བོས་བཤད་རྒྱུར། ཞིང་ཕྱུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཚང་འཛོམས་གྲོས་ཚོགས་ཁྲོད་ཀྱི་ཞིང་སྡེའི་བཅོས་བསྒྱུར་དང་འབྲེལ་བ་ཡོད་པའི་ནང་དོན་དང་ལས་འགན་གཙོ་བོ་ནི་ཞིང་གསུམ་གྱི་དོན་ཆེན་ཡིན་ལ། སྤྱི་ཡོངས་འཕེལ་རྒྱས་ལ་ཡང་འབྲེལ་བ་ཡོད་པས། ང་ཚོས་རང་ཞིང་གི་ཐོན་ལས་གནས་བཞི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཀོལ་སྤྱོད་བྱེད་པ་དང་། བཅོས་བསྒྱུར་གྱིས་ཁྱེར་ཡོང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།  སྲིད་ཇུས་ཀྱི་ཁེ་སྤོགས་དེ་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ་དང་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི་འཕེལ་རྒྱས་དངོས་ཤུགས་སུ་བསྒྱུར་རྒྱུ་ཡིན།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བྱ་བའི་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལང་ཏི་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། འཐབ་ཕྱོགས་གཅིག་གྱུར་པུའུ་དམངས་གཉེར་ཁེ་ལས་ཀྱི་རྒྱབ་སྐྱོར་པ་ཡིན་པའི་ཆ་ནས། ཆེད་དོན་གསོ་སྦྱོང་དང་དྲིལ་སྒྲོག་སྒྲོག་འགྲེལ་སོགས་བྱ་འགུལ་ལ་རྩ་འཛུགས་ནན་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དམངས་གཉེར་ཁེ་ལས་ལ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ས་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ།  མཐུན་གཙང་གཅིག་གྱུར་གྱི་རིགས་གསར་བའི་སྲིད་ཚོང་འབྲེལ་བ་ཕྱོགས་ཡོངས་ནས་འཛུགས་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྫོང་ཁོངས་ཀྱི་དམ་ཟབ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། མཚོ་འཕང་རྨིད4300ཡི་ས་མཚམས་སུ་ཆགས་པའི་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ། རིགས་མི་འདྲ་བའི་སྨན་བཅོས་སྒྲིག་ཆས་སྣ་ཚོགས་ཆ་ཚང་བ་མ་ཟད། ད་དུང་རྒྱང་བསྟེན་སྨན་བཅོས་མ་ལག་ཡང་ཡོད་ལ། ཁུལ་སྨན་ཁང་དང་སྦྲེལ་མཐུད་བྱེད་ཆོག་པ་དང་། ཐག་རིང་གི་ཧྲང་ཧེ་དང་པེ་ཅིང་གི་རོགས་སྐྱོར་སྨན་ཁང་དང་ཡང་སྦྲེལ་མཐུད་བྱེད་ཆོག ཁོ་ཆུ་གྲོང་རྡལ་གྱི་འབྲོག་པ་ཚེ་རིང་ནི་ཁེ་ཕན་ཐོབ་མཁན་གྲས་ཀྱི་གཅིག་ཡིན། ཁོས་གཞི་རིམ་གྱི་སྨན་བཅོས་བཅོས་བསྒྱུར་གྱི་ལམ་བུ་དེ་རྒྱ་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་། བཅོས་བསྒྱུར་དེ་མང་ཚོགས་ཀྱི་སེམས་འདུན་དང་མཐུན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ང་ཚོའི་སྐྱིད་སྣང་ཇེ་མཐོར་སོང་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཏང་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་གཏན་ཁེལ་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་དགོས་ཞེས་བསྟན་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅིན་རུའུ་ཡིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་སྟེང་། སློབ་སྦྱོང་དང་དྲིལ་སྒྲོག་དམ་འཛིན་བྱེད་པ་དང་བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། ཟབ་སྒྱུར་ཚུལ་སྒྱུར་བཟང་བོ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། བཅོས་བསྒྱུར་གྱི་འཆར་འགོད་ཇུས་གཞི་རུ་བསྒྱུར་བ། བཅོས་བསྒྱུར་གྱི་ཇུས་གཞི་མངོན་སུམ་དུ་བསྒྱུར་དགོས་ཞེས་བཏོན་ཡོད་པ་དང་། ང་ཚོས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་ཞིབ་འཇུག་བཀོད་སྒྲིག་ལྟར། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཁྱབ་ཁོངས་ལ་དམིགས་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་ཤུགས་འདོན་ས་འཚོལ་བ། ཟབ་སྒྱུར་དང་ཚུལ་སྒྱུར་སྟེང་ཤུགས་འདོན་པ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་དེ་མཚོ་སྔོན་གྱི་བཅོས་བསྒྱུར་ལས་དོན་གྱི་གོ་རིམ་ཧྲིལ་བོ་དང་དུས་རིམ་སོ་སོར་འདྲེས་པར་བྱེད་དགོས།

ཞིང་ཆེན་ཁྲིམས་འཛིན་ཐིན་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གཞོན་པ་ཀྲོ་ཅིན་ཧྭ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་ཡང་དག་འཛུགས་དགོས་ཞེས་ནན་གྱིས་བསྟན་ཡོད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ཆབ་སྲིད་བྱ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། བཅོས་བསྒྱུར་གྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གསར་གཏོད་ཀྱི་བསམ་བློ་གསར་འབྱེད་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད། རང་སྟེང་གི་ཞན་ཆ་མཐོང་དགོས་པར་མ་ཟད། རང་སྟེང་གི་དགེ་མཚན་ཡང་ཤེས་པར་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོར་དམ་དུ་དམིགས་ནས། སྔར་ལས་ཕན་འབྲས་ལྡན་པ་དང་སྔར་ལས་བཟང་བའི་བྱེད་ཐབས་སྤྱད་དེ།  ཁྲིམས་འཛིན་ཐིན་མ་ལག་གི་ལས་བྱེད་པའི་མི་དོན་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཅོས་བསྒྱུར་གྱི་ལས་འགན་ལག་བསྟར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་བཞི་བའི་རྟོག་ཞིབ་པ་ལུའུ་ཀའོ་ཆང་གིས་བཤད་རྒྱུར། ཆེད་བསྐོས་ཏང་དོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལམ་བུ་སྔར་ལས་ཇེ་བརྟན་ཡིན་པ་དང་སྔར་ལས་ཁོད་ཡངས་པའི་ཚོར་བ་བྱིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་རང་ཞིང་གི་བཅོས་བསྒྱུར་གྱི་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་བྱེད་པ་དང་། བཅོས་བསྒྱུར་གྱི་གནད་དོན་གཙོ་བོར་ཞིབ་འཇུག་ཟབ་མོ་བྱེད་པ། ཡང་བསྐྱར་གཙིགས་འཛིན་དང་ཡང་བསྐྱར་ལྟ་ཞིབ། ཡང་བསྐྱར་ཇུས་འགོད་བྱེད་པ་བརྒྱུད་དེ། ཏང་འཛུགས་བྱ་བ་དང་ལས་སྒོའི་བྱ་བ་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་གསུམ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་བཅོས་བསྒྱུར་ལ་ཞུགས་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།