ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་དམར་པོའི་སློབ་གྲྭ་གསར་སྐྲུན་བྱེད་དགོས།
2024.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་གི་སློབ་གྲྭའི་ལས་དོན་ཏང་གི་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སློབགསོ་གསོ་སྦྱོང་བྱེད་པའི་ལམ་བུ་གཙོ་བོ་ཡིན། དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བ་བཟང་བོར་བསྒྲུབ་ནས། ངེས་པར་དུ་ཏང་གི་སློབ་གྲྭར་ཏང་གིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཏང་གི་སློབ་གྲྭའི་བྱ་བ་དང་ཏང་གི་དཀྱིལ་སྙིང་ལས་འགན་གྱ་ཟུང་འབྲེལ་གནས་འཚོལ་ཞིབ་ཡང་དག་བྱས་ནས། དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བ་བརྟན་བརླིང་ངང་ཡུན་རིང་བོར་སྤེལ་བར་སྐུལ་འདེད་གཏོང་དགོས།

ཏང་གི་སློབ་གྲྭར་ཏང་གིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་ཇེ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་གི་སློབ་གྲྭའི་སློབ་ཁྲིད་གསོ་སྦྱོང་གི་ལས་འགན་གཙོ་བོར་བརྩིས་ནས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་རྒྱུ་དེ་ཏང་གི་སློབ་གྲྭའི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་དང་ཕྱོགས་སོ་སོར་འདྲེས་པར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འབུར་དུ་ཐོན་པར་བྱས་ནས་བཟང་བོར་སྒྲོག་པ། ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོ་དང་བཞུ་ཐབ་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དད་མོས་པ་དང་ལག་བསྟར་པ་སྐྱེད་སྲིང་བྱེད་དགོས། དེ་དང་མཉམ་དུ། རང་རྟོགས་སྒོས་ཏང་གི་སློབ་གྲྭའི་བྱ་བ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་སྟེང་འཇོག་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གཙོ་གནད་དང་དཀའ་གནད་གཙིགས་སུ་འཛིན་པ། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ། བརྟག་བཤེར་ཞིབ་འཇུག་སྤེལ་ནས། གཞུང་ལུགས་ཞིབ་འཇུག་དང་ཆབ་སྲིད་བློ་འདྲི་ཞབས་ཞུ་བཟང་བོར་བསྒྲུབ་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་དམར་མདོག་གི་སློབ་གྲྭ་གསར་སྐྲུན་བྱེད་དགོས།

ཏང་གི་ཆེད་དུ་འཇོན་མི་སྐྱེད་སྲིང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་གསོ་སྦྱོང་མཁོ་འདོན་དམ་འཛིན་བྱེད་དགོས། ཏང་གི་གཞུང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པའི་གསོ་སྦྱོང་གི་ཕྱོགས་གསུམ་གཞི་གཅིག་གི་སློབ་ཁྲིད་གྲུབ་ཚུལ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། གསོ་སྦྱོང་འཛིན་གྲྭའི་ཐེངས་རིམ་དང་ལམ་ལུགས་བཀོད་སྒྲིག་གཅིག་གྱུར་སྒོས་ཚད་ལྡན་དུ་གཏོང་བ། སློབ་ཁྲིད་བྱེད་སྟངས་ལ་གསར་གཏོད་བྱེད་པ། གསོ་སྦྱོང་འཛིན་གྲྭའི་ཐེངས་རིམ་ལ་བཀོད་སྒྲིག་གནད་ལ་འཁེལ་བ་བྱེད་པ། དྲ་ཐོག་དང་ཡུལ་དངོས་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱོད་པ་དང་། སྐོར་སྐྱོད་ཏང་གི་སློབ་གྲྭ་དང་མཛུབ་སྣེའི་ཏང་གི་སློབ་གྲྭ་སོགས་ཀྱི་འདྲེན་བྱེད་སྣ་ཚོགས་བརྒྱུད་དེ། ཏང་ཡོན་ལས་བྱེད་པར་དུས་ངེས་མེད་དུ་གསོ་སྦྱོང་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་བརྒྱུད་སྒྲོག་བཟང་བོ་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ལས་དོན་བརྒྱུད་སྒྲོག་བྱེད་པ། རང་སྣང་གི་འཇིག་རྟེན་དང་ཆེ་ཕྱོགས་ཀྱི་འཇིག་རྟེན་བསྒྱུར་བཀོད་བྱེད་སྐབས་འཕྲད་པའི་དོགས་གནད་ཐག་གཅོད་བཟང་བོ་བྱེད་དགོས།

ལས་བྱེད་པའི་དགོས་མཁོ་སྐོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ལྡན་གསོ་སྦྱོང་གི་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱེད་དགོས། གཞི་རིམ་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་གི་དགོས་མཁོར་དམ་དུ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲོག་ཤིང་དུ་བྱེད་པ་དང་། ཏང་གི་གཞུང་ལུགས་གཙོ་གནད་དུ་བྱེད་པ། ཏང་གི་ལོ་རྒྱུས་དང་ཏང་འཛུགས་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ་བཅས་ཁྱད་ཆོས་སུ་བྱས་པའི་གསོ་སྦྱོང་མ་དཔེ་འཚོལ་ཞིབ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་འཚམ་པའི་དཔེ་གཞིའི་དཔྱད་གཞིའི་མཛོད་དང་ཡུལ་དངོས་སློབ་ཁྲིད་བྱེད་ས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་དགོས། སློབ་མའི་གཙོ་གཞི་གོ་གནས་འབུར་དུ་ཐོན་པར་བྱེད་པ་དང་། སྣང་བརྙན་ལད་ཟློས་དང་གླེང་མོལ་བརྗེ་རེས། སྦྱོང་བརྡར། གློག་བརྙན་གྱི་ཏང་གི་སློབ་ཁྲིད། རོལ་དབྱངས་ཀྱི་སློབ་ཁྲིད་སོགས་ཀྱི་གསོ་སྦྱོང་རྣམ་པ་གསར་སྐྲུན་བྱེད་པ། ས་བབ་དང་བསྟུན་ནས་ཁྱད་ལྡན་སློབ་ཁྲིད་གསར་སྐྲུན་བྱེད་པ། སློབ་མ་དང་མང་ཚོགས་ཚོས་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་པ། མཉམ་དུ་སློབ་སྦྱོང་བྱེད་པའི་སྡེ་སྡོད་ཁྱིམ་བསྐྱོད་ཀྱི་མྱོང་ཚོར་རང་བཞིན་གྱི་སློབ་གསོའི་མ་དཔེ་སྔོག་འདོན་བྱེད་པ། སློབ་ཁང་གི་སློབ་ཁྲིད་དང་སྤྱི་ཚོགས་ཀྱི་སློབ་ཁྲིད་ཆེན་པོ་གཉིས་ཟུང་འབྲེལ་བྱས་ནས། སློབ་མས་སློབ་སྦྱོང་ཁྲོད་བདེན་ལུགས་རྟོགས་པ་དང་ལག་ལེན་ཁྲོད་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། ངལ་རྩོལ་ཁྲོད་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ཞབས་ཞུའི་ཁྲོད་ཁག་ཁུར་ཇེ་གསལ་དུ་གཏོང་ཐུབ་པར་བྱེད་དགོས།

སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པའི་གསོ་སྦྱོང་གི་ཕན་འབྲས་ཇེ་མཐོར་གཏོང་དགོས། འཇོན་མིར་བརྟེན་ནས་སློབ་གྲྭ་སྟོབས་ལྡན་དུ་བསྒྱུར་བ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པའི་སྲོག་ཤིང་འཐབ་ཇུས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། སློབ་མ་ཡོངས་ཀྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་དཔུང་སྡེས་སློབ་ཁྲིད་ལ་གྲོས་སྡུར་བྱེད་པ། ཆེད་མཁས་པས་སློབ་ཁྲིད་ལ་ཉན་པ། སློབ་མས་སློབ་ཁྲིད་ལ་དཔྱད་འཇོག་བྱེད་པའི་སློབ་ཁྲིད་ཀྱི་ཕྲེང་འབྲེལ་འཛུགས་པར་འཚོལ་ཞིབ་བྱེད་པ། ཆེད་མཁས་པ་དང་རིག་གནས་པ། ཏང་སྲིད་འགོ་ཁྲིད་པ། དཔེ་སྟོན་དཔེ་མཚོན་དང་ཕུལ་དུ་བྱུང་བའི་སྡེ་བའི་ལས་བྱེད་པ། ཕྱུག་བསྒྱུར་གྱི་སྣེ་ཁྲིད་པ། ཞིང་ལས་ཁྱབ་ཁོངས་ཀྱི་ཉམས་མྱོང་ཡོད་པའི་མི་སྣ་བཅས་ཀྱིས་གྲུབ་པའི་དགེ་རྒན་མཛོད་འཐུས་ཚང་དུ་་གཏོང་བ། འཇོན་མི་ནང་འདྲེན་དང་རྗེས་འདེད་སློབ་སྦྱོང་། ལས་འཁུར་སྦྱོང་བརྡར། ཕྱིར་བགྲོད་གསོ་སྦྱོང་། ཡོན་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་གཅིག་ཅན་ལྔའི་གསོ་སྦྱོང་བཟོ་སྐྲུན་ལག་བསྟར་བྱས་ཏེ། དགེ་རྒན་དཔུང་སྡེའི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། དེ་དང་མཉམ་དུ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། དམ་འཛིན་དང་དོ་དམ་ནན་མོ་བྱེད་རྒྱུ་དེ་སློབ་གྲྭ་བཅོས་སྐྱོང་དང་སློབ་གསོ་བཅོས་སྐྱོང་། སློབ་ཁྲིད་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དཔེ་གཞིས་བཅོས་སྐྱོང་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། འཛིན་བདག་དང་ལྟ་སྐུལ་བ། འབྲེལ་འདྲིས་པའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། གསོ་སྦྱོང་སྔོན་གྱི་ཁ་བརྡ་དང་གསོ་སྦྱོང་ཁྲོད་ཀྱི་གསལ་འདེབས། གསོ་སྦྱོང་རྗེས་ཀྱི་ཕན་འབྲས་འདྲི་གཅོད་བཅས་དམ་འཛིན་བྱེད་པ་དང་། ཏང་གི་སློབ་གྲྭའི་སྲོལ་ངན་གྱི་དག་གཙང་ཡོ་བྱད་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ཕྱོགས་སྟོན་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་ལམ་དམ་པོ་དང་བྱེད་ཐབས་ནན་མོས་དུས་རབས་གསར་བའི་ཏང་གི་སློབ་གྲྭའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་དང་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།