ཧྲང་ཧའེ་ཡིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་པའི་གཏམ་རྒྱུད།
2024.08.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

ཧྲང་ཧའེ་ཡི་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་ཁོངས་མི། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དབྱིན་ཡིག་ལས་སྒྲུབ་ཁང་གི་མདོ་འཛིན་པ་དང་། མཐོ་གསུམ་འཛིན་གྲྭའི་དགེ་རྒན་རུའེ་ཞའོ་ཀའོ་ཡིས་སློབ་མར་དབྱིན་ཡིག་སློབ་ཁྲིད་བྱེད་བཞིན་པ།

“མདོ་དབུས་མཐོ་སྒང་གི་ལས་དོན་ལ་རོགས་སྐྱོར་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་ལག་བསྟར་བྱེད”ཅེས་པ་ནི་ཧྲང་ཧའེ་ཡི་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་ཁོངས་མི་ཀྲང་ཁའེ་ལི་ཡིས་རྒྱུན་འཁྱོངས་བྱེད་པའི་གདམས་ངག་རེད། ཧྲང་ཧའེ་ཡི་རྒྱབ་སྐྱོར་འོག མགོ་ལོག་གི་སྨན་བཅོས་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་།

2010ལོར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བསྡུས་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས་པ་གསལ་བཤད་བྱས་པ་མ་ཟད། ཧྲང་ཧའེ་གྲོང་ཁྱེར་ཧུང་ཁིག་དང་།    ཁྲང་ཉིན།    ཧྥིན་ཞན།    ཆིན་ཕུའུ།    ཅཱ་ཏིན།    ཧོང་ཕུའུ་བཅས་ཆུའུ་དྲུག་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་དང་དགའ་བདེ། དར་ལག པད་མ། གཅིག་སྒྲིལ། རྨ་སྟོད་བཅས་རྫོང་དྲུག་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ད་ལྟའི་བར་ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ལ་རོགས་སྐྱོར་བྱས་ནས་ལོ་བཅུ་བཞི་འགོར་ཡོད།

ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གཅིག་རྗེས་གཉིས་མཐུད་ཀྱིས་ཆ་སྙོམས་མཚོ་འཕང་སྨི2.19ལས་མེད་པའི་ཧོང་ཕུའུ་གཙང་པོའི་འགྲམ་ནས་བར་ཐག་སྤྱི་ལེ2000ལྷག་ཙམ་བརྒལ་ཏེ། ཆ་སྙོམས་མཚོ་འཕང་སྨི4200ལྷག་ཡོད་པའི་མཐོ་སྒང་གི་མགོ་ལོག་ཏུ་ཡོང་བ་དང་། བསྡོམས་པས་རོགས་སྐྱོར་ལས་གཞི་སྟོང་གཅིག་དང་ཉེར་གསུམ་ལག་བསྟར་བྱས་ནས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་ལྷག་བཏང་བ་དང་། མ་དངུལ་གྱི་བརྒྱ་ཆའི་བརྒྱད་ཅུ་ཡན་དམངས་འཚོའི་ལས་དོན་ཐད་བཏང་།     ལོ་ངོ་བཅུ་བཞི་ཡི་རིང་ལ། “མཚོ་སྔོན་ལ་རོགས་སྐྱོར”བྱེད་མཁན་དག་མགོ་ལོག་ཁུལ་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་རིམ་བཞིན་འདོར་ཐབས་བྲལ་བའི་ཐག་རིང་གི་ཉེ་མི་ཞིག་ཏུ་གྱུར་ཡོད།   ཧྲང་ཧའེ་ཡི་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པ2022ལོའི་ཟླ་བདུན་པར་མགོ་ལོག་ཁུལ་དུ་ཐོན་པ་དང་། ལོ་གཉིས་ལྷག་གི་རིང་ལ།  ཁོ་ཚོས་དེ་སྔོན་གྱི“མཚོ་སྔོན་རོགས་སྐྱོར”སྐོར་བཞིའི་ཉམས་མྱོང་གི་རྨང་གཞིའི་སྟེང་། སྤུས་ཚད་མཐོ་བའི“མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ་མགོ་ལོག་གི་ལས་བྱེད་མང་ཚོགས་མཉམ་དུ་ལག་གདང་སྦྲེལ་ནས་ཧྲང་ཧའེ་ཡི་རོགས་སྐྱོར་མཉམ་ལས་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། མཉམ་དུ་མགོ་ལོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བྲིས།

“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱིས་མགོ་ལོག་ལ་འཁྱེར་མི་ཐུབ་པའི་དཔུང་ཁག་ཅིག་བསྐྲུན་ཡོད།

“མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་ང་གསོ་སྐྱོང་བྱས་པ་དང་།    སློབ་གྲྭར་སློབ་སྦྱོང་བྱས་ནས་ལོ་གསུམ་འགོར་བའི་རིང་ལ། སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་དང་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་ལེན་བྱེད་ཐུབ་བྱུང”ཞེས་པའི་སྐད་ཆ་དེ་ནི་སློབ་མ་ཚེ་དཔལ་སྐྱིད་ཀྱིས་བཤད་པ་ཡིན་ལ། ད་ལོའི་མཐོ་རྒྱུགས་ལ་སྐར་འབྲས501བླངས་ནས་སི་ཁྲོན་དགེ་ཐོན་སློབ་ཆེན་དུ་རྒྱུགས་འཕྲོད།

ཟླ8པའི་ཚེས14ཉིན། མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་ལུང་མོ་ཆེ་སྡེ་བ་རུ། སྡེ་མི་གནམ་མཚོ་བྱིས་པ་དང་ལྷན་དུ་ཆར་རྗེས་ཀྱི་རྩྭ་ཐང་དུ་རྩེད་འཇོར་རོལ་བཞིན་ཡོད། ལོ་ངོ་གཅིག་ལྷག་གི་སྔོན་ལ། ཧྲང་ཧའེ་སྨན་བཅོས་ཚོགས་པ་མཚོ་སྔོན་རོགས་སྐྱོར་ཚོགས་པའི་རོགས་སྐྱོར་འོག ལོ་ངོ་ཉེར་བདུན་གྱི་རིང་ལ་ལིང་ཏོག་ནད་བྱུང་ནས་ལོང་པར་གྱུར་པའི་གནམ་མཚོས་ཐོག་དང་པོར་བྱིས་པ་གསུམ་གྱི་ངོ་གདོང་མཐོང་ཐུབ་པར་གྱུར་པ་དང་། ཡང་བསྐྱར་འཚོ་བར་ཡིད་ཆེས་ཀྱིས་ཁེངས།

ཧྲང་ཧའེ་ཡི་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་ལོ་ངོ་དུ་མའི་རིང་གི་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་བའི་མགོ་བརྩམས། “ཚོགས་སྒྲིག་རྣམ་པའི”སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གྱིས་མགོ་ལོག་ཁུལ་གྱི་སློབ་གསོ་དང་སྨན་བཅོས་ཁྱབ་ཁོངས་ཀྱི་མི་འདང་ས་ཁ་གསབ་བྱེད་བཞིན་ཡོད་ལ། དུས་ཐོག་ཏུ་དབུལ་པོ་བསྐྱར་ལོག་འབྱུང་བའི་ཉེན་ཁ་སེལ་བ་དང་། སློབ་གསོའི་ཁྱབ་ཁོངས་དང་འཕེལ་རྒྱས་གྱི་བར་ཁྱད་ཆེ་བའི་བར་ཐག་ཇེ་ཆུང་དུ་གཏོང་བ་དང་ཆབས་ཅིག མགོ་ལོག་ས་གནས་ཀྱི་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཏེ། མགོ་ལོག་ལ་འཁྱེར་མི་ཐུབ་པའི་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་འཁྱེར་མི་ཐུབ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན།

ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་གྱི་ཐོན་ཁུངས་ལེགས་པོ་མཉམ་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་ཆེད། སློབ་གསོའི་ཁྱད་སྟོབས་གསབ་རེས་བྱེད་པ་མངོན་འགྱུར་བྱུང་། 2023ལོ་ནས་བཟུང་། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ཚོགས་པས་གསར་དུ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། མགོ་ལོག་ཁུལ་རྟ་བོ་སློབ་འབྲིང་བཅས་མགོ་ལོག་ཁུལ་གྱི་ཁོངས་གཏོགས་ཀྱི་སློབ་གྲྭ་གསུམ་མཉམ་འབྲེལ་བྱས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་དཔེ་སྟོན་དང་སྣེ་ཁྲིད། ཁྱབ་འགྱེད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། དགེ་རྒན་གྱི་དཔུང་སྡེའི་གསོ་སྐྱོང་ལ་ཤུགས་སྣོན་པ་དང་། མགོ་ལོག་སློབ་གསོའི་སྟེང་འཁྱེར་མི་ཐུབ་པའི་སྤུས་ལེགས་ཀྱི་དགེ་རྒན་དཔུང་སྡེ་བསྐྲུན། ལོ་དེར་མཐོ་རིམ་སློབ་གྲྭ་དེ་གསུམ་གྱི་ནང་དངོས་གཞིར་རྒྱུགས་འཕྲོད་པའི་སློབ་མ168དང་། མཐོ་རྒྱུགས་ཀྱི་འཕྲོད་ཚད་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་བདུན་བདུན་ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་ཐིག་གསུམ་དང་གྲངས་ཆུང་གཅིག་ལྔ་འཕར། དེ་དང་ཆབས་ཅིག ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་ལས་མུ་མཐུད་དུ་སྒྱུ་རྩལ་གྱི་རིགས་དང་ལུས་རྩལ་གྱི་རིགས་སོགས་ཀྱི་སློབ་ཁྲིད་གསར་དུ་བསྣན་ནས་སློབ་ཁྲིད་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། ན་ནིང་མགོ་ལོག་ཁུལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་རྒྱུགས་འཕྲོད་ཚད་བརྒྱ་ཆའི་རེ་བཞི་ཟིན་ཡོད་པ་དང་། སྔོན་ལོ་ལས་བརྒྱ་ཆའི་སུམ་ཅུ་འཕར་ཡོད།

“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་གྱིས་མགོ་ལོག་ས་ཁུལ་ལ་གྲུབ་འབྲས་མང་པོ་བསྩལ། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ཚོགས་པས་མགོ་ལོག་ཁུལ་མི་དམངས་སྨན་ཁང་ལ་ལོ་གསུམ་གྱི་འཕེལ་རྒྱས་འཆར་འགོད་བཟོས་པ་དང་། ནུས་ཤུགས་འཛུགས་སྐྲུན་དང་གཙོ་གནད་ཁྱད་ལྡན་ཆེད་སྦྱོང་ཚན་ཁག་འཛུགས་སྐྲུན་ཐད་དོན་དངོས་རང་བཞིན་གྱི་ཐོད་བརྒལ་ཆེན་པོ་བླངས། 2023ལོར། མགོ་ལོག་ཁུལ་མི་དམངས་སྨན་ཁང་དེ་རིམ་པ་གཉིས་པའི་སྨན་ཁང་ཀ་པ་ནས་རིམ་པ་གསུམ་པའི་སྨན་ཁང་ག་པར་རིམ་སྤོར་བྱས། དོས་དྲག་ཚན་ཁག་དེ་མགོ་ལོག་ཁུལ་གྱི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་སྦྱོང་ཚན་ཁག་ཏུ་གྱུར་ཡོད། མགོ་ལོག་གི་སྨན་བཅོས་མ་ལག་ཇེ་ལེགས་སུ་བཏང་ནས། དུས་ཚོད་གཉིས་ཀྱི་ནང་ཉེན་ཁ་ཡོད་པ་དང་ནད་གཞི་ལྕི་མོའི་རིགས་སྨན་བཅོས་བྱེད་པའི་ཚོགས་པ་བཙུགས་ཏེ། བཅོས་དཀའ་བའི་ནད་དང་ཉེན་ཁ་ཡོད་པའི་ནད་གཞི་ལྕི་པའི་ནད་པ་བརྒྱ་ལྷག་ལ་སྨན་བཅོས་བྱས་མྱོང་། ད་ལྟ་དུས་ཚོད་གཉིས་ཀྱི་སྨན་བཅོས་མྱུར་སྐྱོབ་ཚོགས་པ་དེ་རིམ་བཞིན་རྒྱང་རིང་གི་ཡུལ་ཚོ་དང་གྲོང་རྡལ་དུ་ཁྱབ་ཡོད་པ་དང་། མགོ་ལོག་མང་ཚོགས་ལ་ཁ་གཏད་ནས་ནད་ཆུང་བ་རྫོང་ནས་ཕྱི་རུ་འགྲོ་མི་དགོས་པ་དང་། ནད་ཆེ་བ་ཁུལ་ནས་ཕྱི་རུ་འགྲོ་མི་དགོས་པའི་མཛེས་སྡུག་གི་ཕུགས་འདུན་ཕྱོགས་སུ་བསྐྱོད་བཞིན་ཡོད།

ཐོན་ལས་རོགས་སྐྱོར་དང་སྔོག་འདོན་ཟབ་མོ་བྱས་ནས་འབྲོག་པ་མང་ཚོགས་ལ་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་འཚོལ་ཞིབ་བྱས།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ཡིན་ལ། དབུལ་ཐར་ས་ཁུལ་གྱི་ནུས་པ་འདོན་སྤེལ་དང་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བའི་གནད་འགག་ཡིན། སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱེད་པ། མགོ་ལོག་ཁུལ་སྤུས་མཐོ་ཡོང་འཕར་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྙེག་པར་རོགས་རམ་བྱས་ཏེ། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ལམ་དུ་སྙེག་པར་རོགས་རམ་བྱས།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། མགོ་ལོག་ཁུལ་རྨ་སྟོད་རྫོང་སྟོང་གི་མཚོ་ནག་འགྲམ་དུ་ལོ་རྒྱུས་སྟེང་གི་ཤོམ་འགྲོའི་བྱ་འགུལ་ཐོག་མ་སྤེལ། མཚོ་འཕང་སྨི4085ཡོད་པའི་གནས་སུ་རྨ་ཆུའི་འབྱུང་ཁུངས། མགོ་ལོག་ནོར་གནག་ཁུ་ལུའི་སྐྱེ་ཁམས་ཤོམ་འགྲོའི་བྱ་འགུལ་སྤེལ་བ་དང་། སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་ནོར་གནག་ཁུ་ལུའི་ལས་སྣོན་ཐད་ཤུགས་བསྣན་ནས། མགོ་ལོག་གི་འབྲོག་པ་མང་ཚོགས་ལ་ནོར་གནག་གི་ཁུ་ལུར་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་བགྲོད་ལམ་འཚོལ་ཞིབ་དང་སྔོག་འདོན་བྱས།

གནའ་བོའི་སྲོལ་རྒྱུན་གྱི་སྙིང་སྟོབས་དེ་དེང་རབས་གྱོན་ཆས་ཇུས་འགོད་དང་དེང་རབས་ཀྱི་གཙོ་རྒྱུགས་ཁ་ཕྱོགས་སུ་གྱུར་བ་དང་། འཁལ་འཐག་ལས་སྣོན་མཁན་ཀའོ་ཞིག་ལིན་ལ་ན་ནིང་ཟླ་བཅུ་པར་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་གདན་ཞུ་ལྟར། ཧྲང་ཧའེ་ནས་མགོ་ལོག་དུ་རྟོག་ཞིབ་བྱེད་དུ་བསྐྱོད་རྗེས། ད་ལོའི་ད་སྟོད་དུ་རྨ་སྟོད་རྫོང་དུ་ལག་ཤེས་བཟོ་ལས་ཁང་གསར་འཛུགས་བྱས།

ད་ལོའི་ཟླ5པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་། རྨ་ཆེན་རྫོང་གི་ནོར་གནག་གི་ཁུ་ལུའི་ལག་ཤེས་པ་སྐོར་ཁག་བགོས་ཏེ་ཧྲང་ཧའེ་ཧྲ་ཅོན་སྣམ་བུ་ཞིབ་འཇུག་ལྟེ་གནས་ལས་སྒྲུབ་ཁང་དུ་ལྟ་ཞིབ་དང་སློབ་སློབ་བྱེད་པར་མངག་ཅིང་། སྣམ་བུའི་འཁེལ་ཐག་འཕྲུལ་ཆས་བཀོལ་སྤྱོད་ཀྱི་ཐད་སློབ་སྦྱོང་བྱས་ཏེ་ནོར་གནག་གི་ཁུ་ལུའི་གསར་གཏོད་ཐབས་ལམ་ཞིག་རྙེད་པར་བྱས། དུས་རབས་ཀྱི་གྱོན་ཆས་ཁྱབ་ཁོངས་སུ་མགོ་ལོག་གི་སྣང་བརྙན་ཡོད་པར་བྱས་པའི་དུས་མཉམ་དུ། སྐམ་ཤ་ཉོ་སྡུད་ཀྱི་ཁེ་སྤོགས་ཐད་ཀར་འབྲོག་པ་མང་ཚོགས་ལ་ཐོབ་པར་བྱས་ཤིང་། ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་ཅིང་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་ཞིག་གསར་དུ་བཏོད།

ད་ལྟའི་ཁ་གཏད་རོགས་སྐྱོར་བྱ་བའི་ཐད། ཕྱོགས་རྐྱང་པའི་རོགས་སྐྱོར་ནས་ཕན་ཚུན་རོགས་རམ་བྱེད་པར་བསྒྱུར་ཏེ། 2024ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཧྲང་ཧའེ་ཡི་མཚམས་སྦྱོར་ལ་ཞུགས་པའི་བྱེད་སྒོ་ཧྲང་ཧའེ་རུ་སྤེལ་བ་ལས། དྲ་ལམ་གྱི་ཁྱབ་ཚད་བྱེ་བར་སླེབས་པར་བྱས། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་གྱི་ལྔ་པའི་ཚེས་ལྔའི་ཉོ་ཚོང་དུས་ཆེན་གྱི་ཧྲང་ཧའེ་དང་མགོ་ལོག་གི་སྤུས་ལེགས་ཐོན་རྫས་ཀྱི་མུ་འབྲེལ་བྱ་འགུལ་ཧྲང་ཧའེ་རུ་སྤེལ་ནས། མགོ་ལོག་གི་ཁྱད་ལྡན་སྐམ་ཤ་དང་བོད་ལུག་གི་ཤ་གཙོར་ཡིན་པའི་རིགས་ཆེ་གྲས་བདུན་གྱི་ཐོག་མའི་ཐོན་རྫས་ཉེར་བརྒྱད་ཧྲང་ཧའེ་ཡི་ཚོང་ར་ཆེན་མོ་དང་། འཁོར་རྒྱུག་ཆེན་མོའི་དགེ་མཚན་གྱི་སྐུལ་ཁྲིད་འོག མགོ་ལོག་གི་ཐོན་རྫས་དེ་ཧྲང་ཧའེ་དང་ཡང་ན་དེ་ལས་ཆེ་བའི་ཚོང་རར་སྦྲེལ་མཐུད་དང་ཕྱིར་འཚོང་ཐུབ་པ་མངོན་འགྱུར་བྱས། ཧྲང་ཧའེ་དང་མགོ་ལོག་གི་སྤུས་ལེགས་ཐོན་རྫས་གསོ་སྤེལ་འཆར་གཞི་མགོ་བརྩམས་པ་དེས། ཧྲང་ཧའེ་ཡི་འཛད་སྤྱོད་རོགས་སྐྱོར་མནའ་འབྲེལ་རྩ་འཛུགས་ཀྱི་མགོ་ལོག་གི་ཁེ་ལས་གཙོ་བོར་ཁ་གཏད་ནས་ཁྲོམ་ར་ཅན་གྱི་འདུ་ཤེས་གསོ་སྤེལ་དང་། ཚོང་རྫས་ཅན་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་ནས། ཟོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་དང་ཟོང་རྟགས་གྲགས་ཚད་ཇེ་མཐོར་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མགོ་ལོག་གི་ཚོང་རྫས་ཁྲོམ་ར་ཅན་དུ་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱས་ཏེ། མགོ་ལོག་གི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་། ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད།

འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེས་འཐབ་ཕྱོགས་གཅིག་གྱུར་རིག་གནས་ཀྱི་མཐུན་སྒྲིལ་རྟགས་མའི་ཆེད་སྤྱོད་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ། ཡུས་ཡོན་ལམ་གྱི་འཐབ་ཕྱོགས་གཅིག་གྱུར་རིག་གནས་རྒྱུ་ལམ་དང་། མི་དམངས་དཔའ་བོའི་རྗེས་དྲན་མཆོད་རྟེན། ལྔ་བཞིའི་ལས་འགུལ་གྱི་རྗེས་དྲན་རྡོ་རིང་། དེ་མིན་ཀྲུང་གུང་ཚོགས་ཆེན་ཐེངས་དང་པོའི་རྗེས་ཤུལ་སོགས་ས་གནས་མང་པོ་གཅིག་ཏུ་སྦྲེལ་ཞིང་། གསར་བརྗེའི་སྔོན་རབས་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་གོ་རྟོགས་ཟབ་མོ་བསྐྱེད་པ་དང་ཟུར་ཚད་མང་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ལ་རྒྱུས་ལོན་བྱས།

ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུའུ་ཁྲིན་ཅཱ་ཆཱོ་སྡེ་ཁུལ་དུ། ཧང་མཱེ་ཟློས་གར་གྱི་དགེ་རྒན་གྱིས་ཚིག་འབྲུ་རེ་རེ་བཞིན་བྱིས་པ་རྣམས་ལ་ཁྲིད་པ་དང་། དགེ་རྒན་གྱི་ཆ་བྱད་ལ་ལད་ཟློས་བྱས་པར་བརྟེན། ཧང་མཱེ་ཟློས་གར་གྱི་འཁྲབ་སྟོན་པའི་གཟུགས་བྱད་ཅུང་ཟད་མངོན་ཐུབ་པར་བྱས། ཁོམ་སྐབས་ཀྱི་དུས་སུ། བྱིས་པ་རྣམས་ཀྱིས་བོད་སྐད་ཀྱི་ལམ་ནས་ཧོང་མཱེ་ཟློས་གར་གྱི་དུམ་ཚན་ཞིག་འཁྲབ་ལེན་བྱས་ཏེ་དགེ་རྒན་ལ་སློབ་སྟོན་བྱེད་དུ་བཅུག

ད་ལོའི་དབྱང་གནང་གི་དུས་སུ། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུའུ་མི་རིགས་ཆོས་ལུགས་བྱ་བའི་གཞུང་སྒྲུབ་ཁང་གིས་རིགས་སོ་སོའི་གཞོན་ནུ་ལོ་ཆུང་རྣམས་ལ་ས་ཁོངས་བརྒལ་བའི་ཕྱོགས་གཉིས་བརྗེ་རེས་བྱེད་སྒོ་རྒྱ་སྐྱེད་གཏོང་ཆེད། དགའ་བདེ་རྫོང་མི་རིགས་སློབ་ཆུང་དང་མཉམ་དུ་དབྱར་སྒར་རྣམ་པའི་བྱེད་སྒོ་ཐེངས་གཅིག་སྤེལ། བྱིས་པ་རྣམས་ཀྱིས་ཉིན་འགའི་ཧྲང་ཧའེ་ཡི་འཚོ་བར་ཕྱིར་དྲན་བྱེད་དུས། རྒྱལ་གཅེས་ཀྱི་བག་ཆགས་ཟབ་མོ་སེམས་སུ་བཞག་ཡོད་ལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་མྱོང་ཚོང་ཇེ་ཟབ་ཏུ་བཏང་ཡོད།

ཧྲང་ཧའེ་ཡི་སྐོར་ལྔ་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་དམངས་ཚིས་དང་། ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ནས་ཀྱང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། མི་རིགས་དང་ས་ཁོངས་རིག་གནས་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཐད་ལའང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། མིག་སྔའི་བར་དུ། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ཚོགས་པས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་དང་། ཏང་ཡོན་རྒན་པ། ཆུང་འབྲིང་སློབ་མ་སོགས་རྩ་འཛུགས་བྱས་ཏེ་ཧྲང་ཧའེ་རུ་སློབ་སྦྱོང་བརྗེ་རེས་བྱེད་པའི་སྐོར་ཐེངས་བསྡོམས་རྩིས་བྱས་ན་བདུན་བརྒྱ་སུམ་ཅུར་སླེབས་ཤིང་། མི་ཐེངས་བརྒྱད་སྟོང་ཉིས་བརྒྱ་ལྷག་གིས་ལས་སྒོ་མཐོར་འདེགས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས། ས་གནས་གཉིས་ཀྱི་བརྗེ་རེས་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བ་དང་བསྟུན་ནས། བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ལས། མགོ་ལོག་དང་ཧྲང་ཧའེ་ས་གནས་གཉིས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་སྲ་བརྟན་དུ་བཏང་།

གྲགས་པ་རྒྱལ་མཚན་གྱིས་བཤད་རྒྱུར། ཧྲང་ཧའེ་དང་མཚོ་སྔོན་གཉིས་ཤ་ཉེ་འབྲེལ་བཞིན་དུ་འདྲེས་ཡོད་པས། ཁྲག་འབུལ་བའི་བྱ་བ་བསྒྲུབས་པ་དེས་གྲོང་ཁྱེར་འདིར་དྲིན་འཇལ་བ་ཙམ་ཡིན་ཟེར། ད་ལོའི་ཟླ4པར། ཧྲང་ཧའེ་གྲོང་ཁྱེར་ཧུང་ཁིག་ཆུའུ་རུ་ཡོད་པའི་མཇའ་རིས་ཁྲག་འབུལ་ཁང་དེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཕྱོགས་གཉིས་ཚོགས་སྒྲིག་རྣམ་པའི་གསོ་སྐྱོང་ཁོངས་མིའི་ཁྲོད་ཞུགས་ཏེ། རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་པ་གྲགས་པ་རྒྱལ་མཚན་དང་དར་ལག་རྫོང་མི་དམངས་སྨན་ཁང་གི་སྨན་པ་གནམ་བྷ་གཉིས་ཀྱིས་ལུའུ་ཞུན་སྤྱི་གླིང་དུ་མཚོ་འགྲམ་གྱི་དཔྱིད་ཀར་རོལ་བའི་དུས་མཉམ་དུ། སྤྱི་གླིང་འགྲམ་གྱི་ཁྲག་འབུལ་ཁང་བར་མགོ་ལོག་གི་བརྩེ་སེམས་ཕུལ། སྨན་བཅོས་ཁྱབ་ཁོངས་ནས་ཧྲང་ཧའེ་ཡིས་མགོ་ལོག་ལ་རོགས་སྐྱོར་ཆེན་པོ་བྱས་ཡོད་པས། ང་ཚོས་ཀྱང་རང་ནུས་ཀྱི་བྱ་བ་ཞིག་བསྒྲུབས་པ་ཡིན་ཟེར།

ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན།

དག་གཙང་ནུས་ཁུངས་དང་། ཤར་གྲངས་ནུབ་རྩིས་མཉམ་ལས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཤིང་། སྡེ་བ་དང་གཞིས་ཁུལ་ཉི་ཤུ་ཙམ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ། གྲོང་གསེབ་དར་སྤེལ་དང་། འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་ལེགས་པའི་འཕེལ་རྒྱས་དུས་སྐབས་སུ། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ཚོགས་པས་འདེགས་སྐྱོར་གྱི་སྟོབས་ཤུགས་ཆེས་ཆེར་བཏོན། སྤྱི་ལེ་ཉིས་སྟོང་བརྒལ་བའི་རོགས་སྐྱོར་ནི་ཧྲང་ཧའེ་དང་མགོ་ལོག་གཉིས་ཕན་ཚུན་མཛའ་འབྲེལ་གྱི་ལས་སྐལ་ཡིན་ཞིང་། ལས་སྐལ་དེ་ནི་སྔར་ལས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡིན།

ཤ་བོ་རིན་མཚོས་བསྒྱུར།