སྔར་ལས་བློ་རྩ་བརྟན་པོ་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་དགོས།
2024.09.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

 ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ལས་ནན་གྱིས་བསྟན་དོན།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ན། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ།   སྔར་ལས་བློ་རྩ་བརྟན་པོ་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་དགོས། འདི་ནི་མཚོ་སྔོན་གྱི་བཅོས་སྒྱུར་ཟབ་སྤེལ་ཁྲོད་ཁྱབ་པའི་འདུ་ཤེས་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཀྱང་ཡིན།  ང་ཚོས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་ངེས་གནས་གཏན་ཁེལ་གསལ་པོ་བྱེད་པ་དང་།  རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ལེགས་པོ་བྱས་ཏེ།   རྒྱུན་ཆད་མེད་པར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ་དང་། མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་སྐབས།   མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་།   “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་རྒྱས་བཤད་གང་ལེགས་གནང་ཞིང་།  མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གནད་སྨིན་བྱེད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཡང་དག་ཆུད་པ། རང་ངོས་ཀྱི་ དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ།  བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་པ།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་མཉམ་དུ་ཕྱུག་པོར་འགྱུར་བ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ།   མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་དགོས་ཞེས་ནན་གྱིས་བསྟན་ཡོད།   ང་ཚོས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུན་འཁྱོངས་གསུམ”གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཏེ།  ཐོག་མཐའ་བར་གསུམ་དུ་འཆར་འགོད་ཁྲིད་སྟོན་རྒྱུན་འཁྱོངས་དང་།  ཐོག་མཐའ་བར་གསུམ་དུ་ཁྱབ་ཁོངས་གཅིག་གི་ཁྱོན་ཡོངས་གཅིག་གྱུར་རྒྱུན་འཁྱོངས།  ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བཅས་བྱས་ཏེ།    ཁྱད་སྟོབས་སྔར་ལས་ཆེན་པོ་ལྡན་པ་དང་ཁྱད་སྟོབས་སྔར་ལས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བར་བྱས་རྗེས་གསར་པ་འཇོག་དགོས།

རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག  རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་སྔར་ལས་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པས། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་རང་རྟོགས་ངང་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་བ།  རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པའི་འཐབ་ཇུས་ཀྱི་གཞི་རྟེན་ཇུས་འགོད་ལེགས་པོ་བྱེད་པ།  “  རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་པ།   ཐོན་ལས་ཀྱི“གནས་བཞི”མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། གྲངས་འཛིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྔར་ལས་སྐུལ་སྤེལ་ལེགས་པོ་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་ལེགས་པོ་འདེབས་པ། ཏང་འཛུགས་སྐྲུན་གྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ།  གོ་སྐབས་སྔར་ལས་མང་པོ་དང་ལོ་རྒྱུས་ཀྱི་རང་འགུལ་སྔར་ལས་མང་པོ་ཐོབ་པར་བྱེད་པ་དང་།  ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་པ་དང་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས།  དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་ཕན་པར་བྱེད་དགོས།

བཅོས་སྒྱུར་གྱི་དར་ཆ་མཐོན་པོར་བསྒྲེངས་བའི་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་འགོག་ཐབས་བྲལ།  མཚོ་སྔོན་འདི་ཉིད་དེང་རབས་ཅན་འཛུགས་སྐྲུན་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས། སྔར་ལས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཞུགས་པ་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཚེ། གཞི་ནས་མིག་སྔའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་གནས་པའི་འབུར་ཐོན་དཀའ་གནད་མང་པོ་སེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསོག་འཇོག་བྱེད་ཐུབ།  ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས།  རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་ལངས་གནས་དང་། མིག་རྒྱང་། བསམ་ཕྱོགས། བྱེད་ཐབས་བཅས་ལ་བརྟེན་ནས་རེས་སྐོར་གསར་པའི་བཅོས་སྒྱུར་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།