གསར་འབྱེད་གསར་གཏོད་དང་ཁག་ཁུར་དངོས་གཉེར་བྱས་ནས། ཧུར་ཐག་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས།
2024.09.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

--ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་ཐོབ།

ཁག་ཁུར་དངོས་གཉེར་བྱས་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ལེའུ་གསར་བ་འབྲི། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་རང་ཞིང་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གྲོས་སྡུར་ཟབ་མོ་བྱས། ཚང་མས་ལང་ལོང་གིས་བསྟན་དོན། དུས་ཚོད་ཀྱིས་མིར་མི་སྒུག་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཁྱེར་ནས། གསར་འབྱེད་གསར་གཏོད་དང་ཁག་ཁུར་དངོས་གཉེར་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་གཞི་དེ་མཛེས་སྡུག་གི་མངོན་སུམ་དུ་བསྒྱུར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཡིད་ཆེས་ཇེ་བརྟན་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་ལག་བསྟར་མཐའ་འཁྱོལ་བྱེད་དགོས།

བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་དེ་མཚོ་སྔོན་ལ་མཚོན་ན། ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་གོ་སྐབས་བཟང་བོ་ ཡིན་ལ། བབ་བསྟུན་བསྒྱུར་བཅོས་བྱས་ནས་མཚོ་སྔོན་གྱི་ཞན་ཆ་ཁ་གསབ་བྱེད་པའི་གོ་སྐབས་ཤིག་ཡིན་ཞིང་། བབ་བསྟུན་ལས་སྒྲུབ་བྱས་ནས་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་བསྙེག་པའི་གོ་སྐབས་ཤིག་དེ་ལས་ཀྱང་ཡིན།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྐབས་རེ་བརྒྱད་པའི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མས་ཏང་ཀྲི་པུའུ་ཡི་གཅིག་གྱུར་རྩ་འཛུགས་འོག དུས་ཚོད་དང་པོའི་ནང་གྲོས་སྡུར་བྱས་ནས། བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱས། སློབ་མ་ལིས་ཁྲོན་ཧྲིན་གྱིས་གྲོས་སྡུར་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་དུས་ཐོག་ཏུ་འཁེལ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཅིག་དང་། བརྗོད་དོན་མངོན་གསལ་ཡིན་ཞིང་ཡིད་ཆེས་ཆེར་སྐྱེད་པའི་སྐུལ་སློང་བཀོད་སྒྲིག་སློབ་ཁྲིད་ཅིག་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་འབད་འཐབ་ལྷོད་མེད་ཀྱི་ངར་སེམས་དང་ཆོད་སེམས་ལ་བརྟེན་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཆོད་སེམས་སྔར་ལས་བརྟན་པོས་རང་ཞིང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བ་བརྟན་བརླིང་ངང་ཡུན་རིང་བོར་སྤེལ་བར་སྐུལ་འདེད་གཏོང་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཆེན་ཧྲན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་རྒྱུ་དེའི་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། མཚོ་སྔོན་གྱིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལངས་གནས་འདུ་ཤེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ནུས་ལྡན་བྱེད་ཐབས་བཏོན་ལ། རང་ཞིང་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་བཀོད་སྒྲིག་ལ་ཇུས་འགོད་ཆ་ཚང་བྱས་ཡོད་པས། ལྟ་སྐུལ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་རྟོགས་སྒོས་བཅོས་བསྒྱུར་ལྟ་སྐུལ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་ཐད་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཤུགས་འདོན་ས་འཚོལ་བ། མངགས་གཏོང་མྱུལ་ཞིབ་དང་སྐོར་ཞིབ་རལ་གྲིའི་ནུས་པ་འདོན་སྤེལ་བྱེད་པ། མཚམས་མི་འཇོག་པར་སྲོལ་ངན་བཞིའི་གནད་དོན་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་མཚོ་ལྷོ་ནས་ལག་བསྟར་བྱེད་པའི་ཐད་སྒྲིག་ལམ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཕེན་ཨན་ཆུའུ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཆེན་མེན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་གནད་འགག་དུས་སྐབས་སུ་བསྡུས་པའི་དོན་སྙིང་གལ་ཆེན་ལྡན་པའི་་ཚོགས་ཆེན་ཞིག་ཡིན་པ་དང་། བསམ་བློ་རིག་གནས་དྲིལ་སྒྲོག་བྱེད་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཆུའུ་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། གཙོ་གནད་དང་ཁྱད་ལྡན་བྱ་བར་དམིགས་ནས། བསམ་ཕྱོགས་གསར་གཏོད་བྱེད་པ་དང་སྔོན་དུ་ཇུས་འགོད་བྱེད་པ། སྨྱན་བྱད་ཡོངས་ཀྱི་བརྒྱུད་སྒྲོག་སྟེགས་བུའི་དགེ་མཚན་འདོན་སྤེལ་བྱེད་པ། སྒྲོག་འགྲེལ་རུ་ཁག་དང་གཡུལ་སའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། རིམ་པ་མང་པོ་དང་རྣམ་པ་མང་པོ། ཟུར་ངོས་མང་པོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་པ་དང་འགྲེལ་ཀློག་བཟང་བོ་བྱེད་དགོས།

ཁག་ཁུར་བྱེད་ཕོད་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ནི། མཚོ་སྔོན་གྱི་མི་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན་པས། ང་ཚོ་ཚང་མས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དེའི་ཆེད་དུ་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་དེའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་རྗེས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རིམ་པ་གསུམ་པའི་རྟོག་ཞིབ་མི་སྣ་ཀྲང་ཁྲའོ་ཡིས་བཤད་རྒྱུར། ལས་རྐང་ལ་དམིགས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་བྱེད་པ་དང་། དྲིལ་སྒྲོག་གི་བྱེད་ཐབས་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཟང་བོར་བཤད་པ། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་དང་མངོན་སུམ་གྱི་ལག་ལེན་སྔོག་འདོན་བྱེད་པ། ཀྲུང་ཧྭ་མི་རིགས་ཡོངས་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་པ། རིགས་སོ་སོའིམང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་གནས་བཞིའི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ། ངོས་འཛིན་ལྔ་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཁེ་དབང་འགན་སྲུང་པུའུ་ཡི་ལས་བྱེད་པ་ཀྲིན་ཆི་ཡུས་ཀྱིས་བཤད་རྒྱུར། བཟོ་ཚོགས་ཀྱི་ན་གཞོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་བྱ་བའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། བཟོ་ཚོགས་ཀྱི་ལས་བྱེད་པའི་འགན་འཁྲི་སེམས་ལ་དམ་པོར་འཛིན་པ། ལས་བཟོ་བ་དཀྱིལ་སྙིང་དུ་བྱས་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བརྩེ་སེམས་སྔར་ལས་ཟབ་མོ་དང་ཏན་ཏན་གི་བྱ་བར་བརྟེན་ནས། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྲོས་མོལ་མཐུན་སྦྱོར་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ལས་བཟོ་བ་དང་མང་ཚོགས་ཀྱིས་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རོགས་བྱེད་པ། ལས་བཟོ་བའི་འཚོ་བའི་རྒྱུ་སྤུས་རྒྱུན་མ་ཆད་མཐོར་འདེགས་བཏང་ནས། ལས་བཟོ་བ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་སྔར་ལས་ཇེ་མཐོར་གཏོང་བ་དང་སྔར་ལས་འགན་སྲུང་ཡོད་པར་བྱེད་པ། སྔར་ལས་རྒྱུན་བསྲིང་ཐུབ་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་ལས་བྱེད་པ་ཧྲི་ཆང་གིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་དྲ་འཕྲིན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཐད་ནས་ཆེད་དོན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ལ་སྐུལ་སློང་བཀའ་རྒྱ་སྤེལ། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་རེ་བ་སྒུལ་ཤུགས་སུ་བརྩི་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲ་ཐོག་གི་དྲིལ་སྒྲོག་ལ་སྤྱི་འདོམས་བྱེད་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་ཟབ་བསྒྱུར་བྱེད་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཐད་ཀྱི་ཉེན་ཁ་དང་འགྲན་རྩོད་མཐའ་གཅིག་ཏུ་འགོག་ཟོན་དང་ཐག་གཅོད་བྱེད་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲ་འཕྲིན་ལས་དོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།

ངར་སེམས་ཆེར་སྐྱེད་དེ། བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་ནས། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་དེ་མངོན་སུམ་དུ་འགྱུར་བར་བྱེད་དགོས། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཀྲིན་ཧི་ཡན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་ན། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་རེ་བ་ལྟར། བྱ་བའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཕྱོགས་ལ་བཏོན་པའི་ལས་འགན་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དང་ནུས་པ་ཇེ་ཆེར་གཏོང་བ་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་།  རིག་སྟོབས་ཕན་ལྡན་ཀྱི་བཅོས་སྐྱོང་སྔར་ལས་འབུར་དུ་ཐོན་པར་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པ་སྔར་ལས་འབུར་དུ་ཐོན་པར་བྱེད་པ། ཏང་འཛུགས་ཀྱིས་་གཞི་རིམ་བཅོས་སྐྱོང་གི་མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་བཀོད་སྒྲིག་ལ་སྣེ་ཁྲིད་བྱེད་པར་དམིགས་ནས། རང་སྟེང་གི་སྤྱི་ཚོགས་འཛུགས་སྐྲུན་གཞུང་ལུགས་ཆུ་ཚད་དང་འགན་སྒྲུབ་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བའི་དེང་རབས་ཅན་གྱི་ཐད་དམངས་ཆེན་ལས་བྱེད་པའི་བྱས་རྗེས་འཇོག་དགོས།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞི་ཀོན་སྲང་ལམ་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། དོན་གཅོད་ཁྲུའུ་ཡི་ཀྲུའུ་རིན་ལིས་ཧའེ་ཕིང་གིས་བཤད་རྒྱུར། མང་ཚོགས་ཀྱིས་ཅི་ཞིག་ལ་སེམས་ཁུར་དང་ཅི་ཞིག་ལ་རེ་སྒུག་བྱེད་ན། གཞི་རིམ་གྱི་བཅོས་བསྒྱུར་གྱིས་དེ་དམ་འཛིན་དང་ལག་བསྟར་བྱེད་ཀྱིན་ཡོད། ང་ཚོས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དོན་དག་ཐག་གཅོད་པ་དང་མང་ཚོགས་ཡིད་ཚིམ་པར་བྱེད་པ་དམིགས་འབེན་དུ་བྱས་ནས། ཏང་འཛུགས་ཀྱིས་ཞུ་གཏུག་མྱུར་དུ་དང་ལེན་བྱས་ནས་བསྒྲུབ་པར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ། སྲང་ལམ་དང་གཞིས་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སོགས་སྟེགས་བུ་རྒྱབ་རྟེན་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པར་ཕྱིར་ལན་འདེབས་པ། ཚད་ཆེས་ཆེ་བའི་སྒོ་ནས་རིགས་མི་འདྲ་བའི་ཐོན་ཁུངས་སྣ་ཚོགས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ཚད་ཆེས་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། བཅོས་བསྒྱུར་སྤེལ་ཤུགས་ལ་བརྟེན་ནས་དམངས་ཚིས་ཀྱི་དྲོད་ཚད་ཇེ་མཐོར་གཏོང་དགོས།

མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞི་གུག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིས་ཅན་དབྱིན་གྱིས་བཤད་རྒྱུར། གྲོང་གསེབ་ཀྱི་ཏང་ཨུའི་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཐོན་ལས་དར་སྤེལ་གཏོང་བ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། གཏན་འཇགས་ལ་འགན་སྲུང་བྱེད་པ། ཞིང་སྡེའི་ལས་བྱེད་པ་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། སྔར་ལས་ཤུགས་དང་ལྡན་པའི་བྱེད་ཐབས་དང་སྔར་ལས་དངོས་གཉེར་གྱི་སྤྱོད་ཚུལ། ཁག་ཁུར་འགན་ཁུར་གྱི་སྙིང་སྟོབས་ལ་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་གཞི་རིམ་ལས་བྱེད་པའི་ཁག་ཁུར་དང་མངོན་པར་བྱེད་པ་དང་། གཞི་རིམ་ལས་བྱེད་པའི་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།