བཅོས་སྒྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་བ་གཏོད་དགོས།
2024.09.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ནན་ཏན་སྒོས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཟུང་འབྲེལ་དམ་པོ་དང་གཞི་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ནས།   བཅོས་སྒྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་རྣམ་པ་གསར་བ་གསར་གཏོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལས།  ཐོག་མཐའ་བར་གསུམ་དུ་ཟི་ལིང་གི་བྱ་བ་དེ་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་འཐབ་ཇུས་ཀྱི་ངེས་གནས་དང་།  རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས།   རྒྱལ་ཁབ་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་བཅས་ཀྱི་སྟེང་བཞག་ནས་བསམ་གཞིགས་ཇུས་འགོད་བྱེད་པ་དང་།  རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ་དང་། ལག་ལེན་ལ་ཁྲིད་སྟོན། ཁ་ཕྱོགས་ཡང་དག་པ་བཅས་བྱེད་དགོས་ཤིང་།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་རྩ་བའི་ཐབས་ལམ་འདི་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བའི་ལངས་གནས་དང་། མཐོང་རྒྱ། བསམ་ཕྱོགས། བྱེད་ཐབས་བཅས་ལ་བརྟེན་ནས་སྐོར་ཐེངས་གསར་བའི་བཅོས་སྒྱུར་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་།   མདུན་གྲལ་དུ་སྐྱོད་པའི་དཔེ་སྟོན་གྱི་ལག་ལེན་བླང་བྱ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་པ་དང་གཙོ་ཤུགས་དམག་ཡག་པོ་བྱེད་དགོས་པ།  ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་བྱེད་པའི་གཙོ་གནད་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཟི་ལིང་གིས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་འདེགས་སྐྱོར་བྱེད་དགོས་པ། འགན་འཁྲི་ཕྲག་ཏུ་ཁུར་བ་དང་དངོས་སྒྲུབ་དོན་གཉེར་གྱི་འགག་རྩའི་འགན་ལེན་འདི་ ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ།  བྱ་བའི་ཕན་འབྲས་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལས་བསྟན་དོན། རང་རྟོགས་སྒོས་ཆབ་སྲིད་ཐད་ནས་བཅོས་སྒྱུར་ལ་ཞིབ་ལྟ་བྱེད་པ་དང་སྤྱི་ཡོངས་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།  བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས།   གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་ཁ་ཕྱོགས་གནད་ལ་འཁེལ་བ་དང་ངོ་བོ་རྟོགས་པར་བྱེད་པ།  ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བརྗོད་དོན་གཙོ་བོ་དང་། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་མཐུན་པ་དང་།  མཚོ་ཤར་གྱི་དོན་དངོས་དང་མཐུན་པ།  སྣེ་ཁྲིད་ཀྱི་དོན་སྙིང་ལྡན་པ་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་སྐོར་ཞིག་ཇུས་འགོད་བྱས་ནས།  བཅོས་སྒྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ཤར་གྱི་ལག་ལེན་སྤེལ་བར་རྣམ་པ་གསར་པ་གསར་གཏོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི“མཚོ་ནུབ་ཕྱོགས་ཡོངས་ནས་དར་སྤེལ་དང་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ།  བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གནས་བབ་ལ་བརྟེན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་དགོས།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་ཕྱོགས་སུ་སྐྱོད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། འབད་བརྩོན་སྒོས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལས་འགན་ཨང་དང་པོར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། མཚོ་ནུབ་ཕྱོགས་ཡོངས་ནས་དར་རྒྱས་དང་ཕྱོགས་སྒྱུར་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས།  དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་དང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་རྩ་བའི་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཁོང་དུ་ཆུད་པ། དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི”བླང་བྱ་ལག་བསྟར་བྱེད་པ་དང་།  “12345”ཡི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱེད་པ།“ སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པ། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་བརླིང་གཏོང་བ”བཅས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ།   ནུས་ཤུགས་ཡོད་རྒུས་གུང་ཧོ་གཞོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་གསར་གཏོད་བྱེད་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་ བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་ཤུགས་སྣོན་བྱེད་དགོས་པ་དང་།   དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ།  ཐོན་ལས་ཀྱི “ གནས་བཞི”འཛུགས་སྐྲུན་ལ་ཤུགས་སྣོན་དགོས།   གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་བསམ་པའི་མཐོ་ས་བསྐྲུན་པར་འབད་བརྩོན་བྱེད་དགོས།  མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པར་ཤུགས་སྣོན་དགོས་པ་དང་།  དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། ཏང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བར་ཤུགས་སྣོན་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཡུས་ཧྲུའུ་ཡི་དོན་དངོས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།   བཅོས་སྒྱུར་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་།  བཅོས་སྒྱུར་གྱི་གདེང་ཚོད་སྔར་ལས་སྲ་བརྟན་དུ་གཏོང་བ།  བཅོས་སྒྱུར་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ།  བཅོས་སྒྱུར་གྱི་བྱེད་ཐབས་དེ་ཡུས་ཧྲུའུ་རུ་ལག་བསྟར་བྱེད་དགོས།  སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་ བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་བཅོས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་ཚོགས་འདུ་ལས།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དེ་བྱ་བར་ཇུས་འགོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་བ་དང་།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱེད་པ།   ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་། འགག་རྩའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་བཅོས་སྒྱུར་སྲིད་ཇུས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི་ཇུས་འགོད་ལེགས་པོ་བྱེད་པ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གཙོ་གནད་ལས་འགན་ལེགས་པོར་འཁུར་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་གྱི་གཙོ་གནད་ལས་འགན་དང་ལེན་ཡག་པོ་བྱེད་པ།  བློ་རྩ་བརྟན་པོས་ཁུལ་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཅོས་སྒྱུར་དང་འཕེལ་རྒྱས་དང་།  འཕེལ་རྒྱས་དང་མཁྲེགས་གཏོར་ཟུང་འབྲེལ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཁྱབ་ཁོངས་གལ་ཆེན་གྱི་བཅོས་སྒྱུར་ལ་ཐོད་བརྒལ་གསར་བ་ལེན་དགོས་པའི་བླང་བྱ་བཏོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ལས་བསྟན་དོན།  ངེས་པར་དུ་ཞིང་ཆེན་ཏང་ཨུའི་ཚད་གཞིར་དམིགས་པ་དང་རྗེས་སུ་དམ་པོར་འབྲངས་པའི་ཆབ་སྲིད་ཀྱི་མཐོ་ཚད་ལ་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་དཀའ་ངལ་ལ་ཐད་ཀར་ཕྱོགས་པ་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི་འཕེལ་རྒྱས་ཀྱི་འགན་འཁྲི་ནན་མོར་གོ་བ་ཟབ་མོ་ལེན་པ། ཞིང་ཆེན་ཏང་ཨུའི་མི་དམངས་བླ་ན་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས་ལ་གོ་བ་ཟབ་མོ་ལེན་པ།  ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པ། གཙོ་གནད་དུ་འཛིན་པའི་བཅོས་སྒྱུར་གྱི་བཀོད་པ་ཆེན་པོར་གོ་བ་ཟབ་མོ་ལེན་པ་བཅས་བྱས་ཏེ།  བཅོས་སྒྱུར་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། སློབ་སྦྱོང་བརྒྱུད་བསྒྲགས་དང་། ཕྱོགས་ཡོངས་ནས་དྲིལ་བསྒྲགས་སྒྲོག་འགྲེལ། ཁྱབ་ཁོངས་ཧྲིལ་པོའི་ཇུས་འགོད་དོན་འཁྱོལ་བཅས་བྱས་ཏེ། སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་རྣམ་པ་བཟང་བོ་ཞིག་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།